网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年05月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་ཨ་རིའི་ཙུང་ཐུང་ཁྲོན་ཕུ་ཟླ5པའི་ཚེས13ཉིན་གྱི་དགོང་མོ་ཆེད་གཏོང་གནམ་གྲུར་བསྡད་དེ་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི509.8གསར་དུ་བཙུགས་ཡོད།

ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ལེགས་ནུས་ཆེའི་སྐུལ་འདེད་བཏང་ནས། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར2008བཏང་བ་དང་། དུས་མཚུངས་ལས3.2%འཕར་ཡོད།

རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་བརྙན་ལམ་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར15464.29ཟིན་པ་དང་། དུས་མཚུངས་ལས5.22%འཕར་ཡོད།

2025ལོར། རང་རྒྱལ་གྱིས་སྨན་རྫས་ཐོ་འགོད་རེ་ཞུ20149བདག་སྤྲོད་བྱས་པ་དང་། དུས་མཚུངས་ལས3%འཕར་ཡོད་ལ། དེའི་ནང་སྨན་རྫས་གསར་པ་ཁྲོམ་རར་འདོན་རྒྱུའི་རེ་ཞུ་བྱེད་ཚད་དུས་མཚུངས་ལས20%ལྷག་ཙམ་འཕར་ཡོད།

图片

ཚེས13ཉིན་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུས《དང་བླངས་ཞབས་ཞུའི་མཚོན་རྟགས་ཀྱི་གཞི་རྩའི་ཚད་གཞིའི(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ནས། དང་བླངས་ཞབས་ཞུའི་མཚོན་རྟགས་ཀྱི་གོ་དོན་དང་དེ་བཞིན་ཇུས་འགོད་དང་། བེད་སྤྱོད། དོ་དམ་སོགས་ཐད་གཏན་འབེབས་བྱས་ཡོད།

ས་གནས་དེ་གའི་དུས་ཚོད་ཚེས13ཉིན། ཀྲུང་གོ་དང་ཨ་རིས་ལྷོ་ཁོ་རེ་ཡ་ནས་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་རེད།

སྨྱན་སྦྱོར་ཞིག་གིས་རི་པིན་གྱིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་དོན་ཚན་དགུ་པའི་ནང་དེའི“ཞི་བདེའི་རྒྱལ་ཁབ”ཀྱི་རང་ཉིད་ཁས་ལེན་ལ་གཡོ་འགུལ་ཐེབས་ནས་སྤྱི་ཚོགས་ཁ་ཐོར་དུ་འགྲོ་རྒྱུ་རེད་ཅེས་དཔྱད་གཏམ་སྤེལ་བ་དང་། ཕྱི་འབྲེལ་པུའི་མགྲིན་ཚབ་པས་འཛམ་གླིང་ཐོག་ཞི་བདེར་དགའ་བའི་རྒྱལ་ཁབ་དང་རི་པིན་མི་དམངས་ཚང་མས་རི་པིན་གྱི་གཡས་རུའི་ཕྱོགས་ཀྱི“དམག་དོན་ཅན་དུ་འགྱུར་བའི”སྤྱོད་ངན་ལ་ཐུན་མོང་ཐོག་བཀག་འགོག་བྱེད་དགོས་ཞེས་བཤད་པ་རེད།

ཚེས12ཉིན་ནའོ་ལུའུ་སྲིད་གཞུང་གིས་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་དེ་ཉིན་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱས་ནས་རྒྱལ་ཁབ་ཀྱི་མིང་ལ“Nauru(ནའོ་ལུའུ)”ནསNaoero(ནའོ་ཨའེ་ལུའོ་རུ་བསྒྱུར་རྒྱུ)ལ་བསྒྱུར་རྩིས་ཡོད་ཅེས་བཤད་པ་རེད། དག་བཅོས་འཆར་ཟིན་དེར་ད་དུང་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱེད་དགོས།

སྤྱི་ཚོགས།

ཚེས13ཉིན་ནས་ཚེས15ཉིན་བར། འབྲི་ཆུའི་བྱང་རྒྱུད་ས་ཁུལ་དུ་གནམ་ཐང་ནས་ཉི་མར་ལྡེ་བའི་གནམ་གཤིས་གཙོ་བོ་ཡིན་པ་དང་། དྲོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ཧྭ་བྱང་གི་ས་ཆ་མང་པོར་ད་ལོའི་དྲོད་ཚད་མཐོ་བའི་གནམ་གཤིས་ཐོག་མ་ཐོན་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ37ལས་བརྒལ་རྒྱུ་རེད།

ཚེས12ཉིན་བར། 2026ལོར་གློག་བརྙན་ཁང་གི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར140ལས་བརྒལ་ཡོད་པ་རེད།

ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོའི་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ལིན་ཅིང་ཀྲེན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

ཀྲུང་གོ་ཚན་རིག་ཁང་བར་སྣང་བཀོལ་སྤྱོད་ལས་གྲྭ་དང་ལག་རྩལ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མཁའ་གྲུ་ཨང་བཅུ་པའི་ཐོག་བར་སྣང་དུ་སྐྱོད་པའི་མིའི་རིགས་ཀྱི“མི་ཐབས་ཀྱི་སྦྲུམ་རྟེན་”ཚོད་ལྟའི་མ་དཔེ་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཚོད་ལྟའི་དཔེ་དུམ་ནང་སྒྲིག་སྦྱོར་བྱས་པ་དང་། མིག་སྔར་ཚོད་ལྟའི་འཕེལ་རིམ་བདེ་བླག་བྱུང་ཡོད།

ཚེས13ཉིན། 2026འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་ཧང་ཀྲོའུ་རུ་གྲོལ་བ་རེད། མཇུག་སྒྲིལ་མཛད་སྒོའི་ཐོག་མཉམ་ལས་གྲོས་མཐུན20ཙམ་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དང་། ཀྲུང་གོའིAIསློབ་གསོའི་ཇུས་གཞི“ཚོགས་སྒྲིག་རྣམ་པའི་ཐོག་ནས་སྒོ་ཕྱིར་སྐྱོད་རྒྱུ”རེད།

སི་ཁྲོན་གཤོངས་ས་ནས་གཏིང་ཟབ་རྡོ་གཡམ་རླངས་ཞིང་རྙེད་པ་དང་། རླངས་ཞིང་དེ་ས་འོག་གི་སྨི4500ནས5200བར་གྱི་གྲང་དྲག་རིམ་པའི་བྲག་རྡོའི་བང་རིམ་ཁྲོད་དུ་ཡོད་ལ། ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2356.87རྩད་ཆོད་པ་རེད།

ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་ས་མཚམས་ནས་འགྲོ་འོང་བྱེད་པའི་སྣེ་ལེན་ཚོམས་ཆེན་གྱིས་ཅིན་མོན་དང་མཱ་ཙུའུ་རུ་གནས་སྐོར་དུ་སྐྱོད་པའི་ཐོངས་མཆན་རེ་ཞུ་བདག་སྤྲོད་ལས་དོན་དུས་གཅིག་ཏུ་སྤེལ་མགོ་ཚུགས་ཡོད།

ལྕགས་ལམ་སྡེ་ཚན་གྱིས་ཉེ་དུས་རྒན་པའི་གནས་སྐོར་བ་ཉུང་བའི་དུས་ཀྱི་གཟའ་འཁོར་ནང་སྤ་སེ་ཉོ་བའི་གཟིགས་སྐྱོང་ཞབས་ཞུ་བཏོན་པ་དང་འབྲེལ་ཡོད་གཟིགས་སྐྱོང་སྤ་སེ་ཚེས15ཉིན་ནས་བཟུང་བཙོང་རྒྱུ་རེད།

ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད11བར། ཧུའུ་ནན་ལིའུ་དབྱང་ཧྭ་ཧྲེང་ཤོག་སྦག་བཟོ་གྲྭའི་འབར་གས་དོན་རྐྱེན་རིམ་རྩིས་བྱས་ན་སྨན་ཁང་ནས་ཕྱིར་བུད་པའི་མི་གྲངས33ཡིན་པ་དང་། ནད་པ་ཚབས་ཆེན5ཡི་ནང་སྨན་བཅོས་བྱས་རྗེས་མི4ཇེ་ཡང་དུ་སོང་ཡོད།

图片

ཉེ་ཆར། ཀོང་ཞི་པའེ་སེའི་བུད་མེད་ཅིག་ཡིའུ་ཅང་ཆུས་ཀྱི་ཏུང་ཧོ་ཟམ་པའི་ཉེ་འགྲམ་གྱི་ཆུ་བོར་ལྕེབས་པ་དང་། མི་དམངས་ཉེན་རྟོག་པ་ཀྲའོ་ཀྲུང་རེན་དང་གཞོགས་འདེགས་ཉེན་རྟོག་པ་དབྱང་ཐའོ་ཡིས་མཐོང་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་ཆུ་བོའི་ནང་དུ་མཆོངས་ནས་བུད་མེད་དེ་བསྐྱབས་པ་རེད།

དོ་སྣང་།

图片

ཉེ་ཆར། ལྔ་གཅིག་སྐབས་ཀྱི་གློག་བརྙན《རྨོ་བོ་ལགས་ལ་སྤྲིངས་པའི་བརྩེ་ཡིག》ལ་བལྟས་རྗེས་ལྟད་མོ་བ་མང་བས་མིག་ཆུ་ཤོར་ནས་འོས་སྦྱོར་བྱས་ཤིང་། མི་དམངས་དཔྱད་གཏམ་གྱིས་བཤད་དོན། ལྟད་མོ་བས་མིག་ཆུ་ཤོར་བ་ནི་མཐར་གཏུགས་ནས་བཤད་ན་བརྩེ་དུང་ལ་ཁས་ལེན་བྱས་པ་ཡིན་ལ། ཀྲུང་གོའི་གློག་བརྙན་ལ་གཏམ་རྒྱུད་ཡག་པོ་མང་ལ་གསར་རྩོམ་གྱི་སྟོབས་ཤུགས་ཀྱང་མང་པོ་ཡོད། ལྷག་བསམ་ཟོལ་མེད་ཀྱི་བརྩམས་ཆོས་ཡོད་ན་ལྟད་མོ་བ་ཚོས་དང་ལེན་བྱེད་ངེས་ཡིན་ལ། གློག་བརྙན་གྱིས་བསྟན་པ་ནི་མིའི་རིགས་ཀྱི་ལྷག་བསམ་རྣམ་དག་དང་རྟག་བརྟན་གྱི་ཡིད་སྨོན་བྱེད་པ་དེ་ཡིན་ན། གཏམ་རྒྱུད་བཟང་པོར་བསྔགས་བརྗོད་དང་ཐལ་མོའི་རྡེབ་སྒྲ་ཆད་མི་སྲིད།

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། ཚེས14ཉིན་ནས་ཚེས15ཉིན་བར། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་གྱི་ས་ཁུལ་ཁ་ཤས་ལ་ཆར་ཆུ་ཅུང་མང་པོ་འབབ་རྒྱུ་དང་། གཏད་རྒྱུག་དྲག་པོའི་གནམ་གཤིས་ཡོད། ཚེས15ཉིན་ནས་བཟུང་དབུས་ཤར་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཆར་ཆུ་འབབ་རྒྱུ་རེད།

ཧོ་པེ། 2026ལོའི་ཟླ5པའི་ཚེས14ཉིན་ནས་ཟླ7པའི་ཚེས31ཉིན་བར། G95རྒྱལ་སའི་ས་ཁུལ་སྐོར་ལམ་མྱུར་བགྲོད་གཞུང་ལམ་ལང་ཧྥང་ནས་ཀྲུའོ་ཀྲོའུ་དུམ་བུ་རྒྱས་སྐྲུན་བྱ་རྒྱུ་ཡིན་པ་ད་ང། ཏུང་དབན་རིན་བསྡུའི་ས་ཚིགས་གནས་སྐབས་སྒོ་བརྒྱབ་པ་རེད།

ཉིང་ཞ། ད་ལོའི་མཐར་ཕྱིན་སློབ་མ5000ཁེ་ལས་ཆུང་འབྲིང་དང་ཕྲན་གྲས་སུ་ལས་ཞུགས་བྱ་རྒྱུར་ཁ་གསབ་སྤྲོད་རྩིས་ཡོད་པ་དང་། ཁ་གསབ་རེ་ཞུའི་དུས་ཚད་ནི2026ལོའི་ཟླ7པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ཡིན།