网站无障碍
རྐང་ཚ་རྫོང་གིས“བདེ་སྐྱིད་ཟ་ཁང”ནས་མགོ་བརྩམས་ཏེ་དམངས་ཚིས་འགན་ལེན་གྱི་བྱ་བ་ཆེན་པོ་བསྒྲུབས།
发布时间:2026年05月22日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  རྐང་ཚ་རྫོང་གིས“བདེ་སྐྱིད་ཟ་ཁང”འཛུགས་སྐྲུན་ནི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་མགོ་རྩོམ་སར་རྩིས་ཏེ། དངོས་སྒྲུབ་འགན་སྒྲུབ་དང་དགོས་མཁོ་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་དྲོད་ཚད་ལ་བརྟེན་ནས་སྲིད་འབྲས་ལྟ་བའི་ཁ་ཕྱོགས་ཚད་ལྡན་དུ་གཏོང་བ་དང་། དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་སྲིད་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མང་ཚོགས་བློ་ཡིད་ཚིམ་མིན་ལ་ཞིབ་བཤེར་བྱས་ཏེ་དམངས་ཀྱི་ཐོག་མའི་བསམ་འདུན་དོན་ཐོག་ཏུ་འཁྱོལ་བར་བྱས།

图片
图片

  མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཟས་རོགས་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས།“ཡོད་པ་བཅུའི་ལས་གྲྭར”བརྟེན་ནས་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་བྱ་རྒྱུ་གཞིར་བྱས་ཏེ་སེམས་རྣལ་དུ་ཕབ་ནས་དམངས་ཚིས“བཟའ་བཅའི”བྱ་བ་ཡག་པོ་སྒྲུབ་པ་དང་། ཟ་མར་བརྟེན་ནས་ལས་བྱེད་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་གཏོང་བ་དང་དམངས་སེམས་གཅིག་ཏུ་སྒྲིལ། རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི1810བཏང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁག15གསར་སྐྲུན་དང་སྒྱུར་བཀོད་བྱས་ལ། རྫོང་ནོར་སྲིད་ཀྱིས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི132བཏང་ནས་རྒྱུན་གཏན་གྱི་ལས་གཉེར་འགན་སྲུང་ཐད་སྤྱད་དེ་ཟས་རོགས་ཞབས་ཞུ་ཡུལ་གྲོང་དང་སྡེ་བ(གཞིས་ཁུལ)ཡོངས་སུ་ཁྱབ་པར་བྱས་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་འཇལ་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་མགྱོགས་མྱུར་དང་ལེན་བྱས་ནས་དམངས་འཚོའི་དཀའ་གནད་ནུསཔ་ཆེན་པོའི་ངང་ཐག་གཅོད་བྱས། དཔེར་ན་འོམ་ཆུ་གྲོང་རྡལ་ཨུ་ནེ་སྡེ་བའི་བདེ་སྐྱིད་ཟ་ཁང་གི་ཁྲོན་པ་རྡིབ་རྗེས་འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་མཉམ་འགུལ་བཅོས་སྒྲིག་བྱས་ཏེ་ཟ་ཁང་རྒྱུན་གཏན་བཞིན་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས་པ་དང་། མཚོ་འཁྱིལ་ཡུལ་ཚོ་ཡག་སྨོན་སྡེ་བའི་བདེ་སྐྱིད་ཟ་ཁང་གིས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ“སྤྱོད་གཙང་གསོ་སྐྱོང་ཁང”དང་དམངས་ཕན་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱས་ནས་ཟས་རོགས་བྱ་ཡུལ་རྐྱང་པ་དེ་ཟ་འཐུང་དང་སྤྲོ་གསེང་། ཁམས་གསོ། སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི“བདེ་སྐྱིད་ས་ཚིགས”སུ་རིམ་སྤོར་བྱས་ཡོད། མིག་སྔའི་བར་བདེ་སྐྱིད་ཟ་ཁང་གིས་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་རྒན་པ200ལྷག་ཙམ་དང་ཐེངས་ཁྲི1.4ལྷག་ཙམ་ལ་ཞབས་འདེགས་ཞུས་ནས་འགྲོ་འོང་སྟབས་མི་བདེ་བའི་རྒན་པ52ལ་སྒོ་རྩར་ཟ་མ་ཐེངས1040བསྐྱལ།ཛ

  ཕུགས་ཕན་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་སྣ་མང་ཅན་གྱི་གཉེར་སྐྱོང་བྱེད་སྟངས་བཙུགས།བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་བྱེད་པའི་སྐབས་སུ“འཛུགས་སྐྲུན་ལ་མཐོང་ཆེན་དང་དོ་དམ་ལ་སྣང་ཆུང་བྱེད་པ་དང་དུས་ཐུང་ལ་མཐོང་ཆེན་དང་ཕུགས་ཕན་ལ་སྣང་ཆུང་བྱེད་པའི”ཕྱོགས་ལྷུང་མཐའ་གཅིག་ཏུ་དོར་ནས“གཅིག་དཔེ་བརྒྱ་འགེབས”མི་བྱེད་པ་དང་ཕུགས་ཕན་གཉེར་སྐྱོང་ལ་དམིགས་ཏེ“གཞུང་བཙུགས་དམངས་གཉེར་ཁེ་ལས+ཟས་རོགས”དང“སྡེ་བ་དང་རུ་ཁག་གིས་རང་གཉེར+ཟས་རོགས”སོགས་སྣ་མང་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་སྟེ་ཟ་ཁང་བཙུགས་པ་དང་། འཁོར་བསྐྱོད་བརྟན་པོ་ཡིན་པས། དམངས་ལ་ཕན་པ་ངོ་མ་ཐོབ་ཡོད། དངོས་ཟོག་འགན་ལེན་ཐད་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ“ཟླ་རེར་ལུག་རེ་འགན་ལེན་བྱེད་པའི”རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་ལམ་སྲོལ་བཙུགས་ནས་ཤ་རིགས་གསར་བ་མཁོ་སྤྲོད་འགན་ལེན་བྱས་པ་དང་། “ཐུན་མོང་དཔལ་འབྱོར+དམངས་འཚོ་འགན་ལེན”གྱི་མཉམ་འགུལ་རྣམ་པ་བརྒྱུད་རྒན་གསོའི་རོགས་སྐྱོར་ཞབས་ཞུ་དེ“ཁྲག་སྦྱིན”ནས“ཁྲག་གསོའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་། དཔེར་ན་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་ནས་ཆེད་དོན་མ་དངུལ་བཏང་སྟེ་ཟ་ཁང་གིས་ཉིན་ལྟར“དམར་ཟས་གཉིས་དང་དཀར་ཟས་གཉིས”ཀྱི་འཚོ་བཅུད་མཁོ་སྤྲོད་འགན་ལེན་བྱས་པ་དང་། མཚོ་འཁྱིལ་ཡུལ་ཚོ་ཡག་སྨོན་སྡེ་བས“བདེ་སྐྱིད་ཕྱུགས་རར”བརྟེན་ནས་རྒྱུན་གཏན་གྱི་སྔོ་ཚལ་རང་མཁོ་རང་འདང་ཡོང་བར་བྱས་ཏེ་ཟ་ཁང་བརྟན་པོའི་ངང་གཉེར་སྐྱོང་བྱ་རྒྱུར་འདེགས་སྐྱོར་བྱས།

  མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་སེམས་དྲོད་དམངས་ཕན་ཞབས་ཞུའི་མ་ལག་བསྐྲུན།ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ཏེ་ལོ་ན་མཐོ་བ་དང་ཁེར་འདུག འགྲོ་འོང་སྟབས་བདེ་མིན་པ་བཅས་ཀྱི་རྒན་པའི“ཟ་མ་བཟོ་དཀའ་བ་དང་ཟ་མ་ཟ་དཀའ་བ། བཟའ་བཏུང་སྟབས་མི་བདེ་བ”བཅས་ཀྱི་དམངས་འཚོའི་རེ་ཞུར་དམིགས་ནས་སྡེ་བ་དང་རུ་ཁག ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རྫོང་ཡོངས་ཀྱི་ཟས་རོགས་ས་ཚིགས་ཀྱི“གཅེས་སེམས་ཟས་སྐྱེལ”ཞབས་ཞུའི་ལམ་སྲོལ་ཁྱབ་སྤེལ་བཏང་། བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། བཟའ་བཅའ་ཉོ་སྒྲུབ་དང་ལས་སྣོན་གྱི་འགག་རྩའི་ལྷུ་ཚིགས་འཐུས་སྒོ་ཚང་དུ་བཏང་ནས་དང་བླངས་པ་དང་ལས་དོན་མི་སྣའི་རེས་མོས་སྡེབ་སྐྱེལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཟ་མ་སྐྱེལ་བའི་བར་གསེང་དུ་རྒན་པ་དང་སེམས་བརྗེའི་ཁ་བརྡ་དང་དམངས་ཀྱི་འདོད་བློ་ལ་ཉན། དེ་དང་ཆབས་ཅིག་རྒྱུན་རྣམ་ཅན་གྱི་དམངས་ཀྱི་གནས་ཚུལ་བཅར་འདྲིའི་ལམ་སྲོལ་བཙུགས་ནས་འོམ་ཆུ་གྲོང་རྡལ་མཁར་ཤར་གཞིས་ཁུལ་གྱི་བདེ་སྐྱིད་ཟ་ཁང་གིས་དུས་བཀག་ལྟར་རྒན་པའི་བཟའ་བཏུང་ཚོགས་སྤྱིའི་བསམ་འཆར་བསྡུ་རུབ་བྱས་ཏེ་ཚལ་རིགས་དང་ཞབས་ཞུ་ལེགས་སུ་བཏང་བ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་རོགས་སྐྱོར་བྱ་ཡུལ་ཁག་གིས་ཉིན་རེར་རྒན་པ་མང་ཚོགས་མི་ཐེངས300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། བདེ་སྐྱིད་ཟ་ཁང་དེ་མང་ཚོགས་ཀྱིས་ཁས་ལེན་པ་དང་ཁ་ལས་དགེ་བའི་དམངས་སེམས་ལས་གྲྭ་ཞིག་དང་སེམས་དྲོད་ལས་གྲྭ་ཞིག་ཏུ་གྱུར་ནས་དངོས་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་དུ་བསྟར་ཡོད།