网站无障碍
གསར་འགྱུར་གལ་ཆེན།
发布时间:2026年05月27日 消息来源:

 རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ4པའི་ཟླ་མཇུག་བར་རང་རྒྱལ་གྱི5Gསྦྲེལ་ཚུགས་ཀྱི་སྡོམ་འབོར་ཁྲི500ལས་བརྒལ་བ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི17.1འཕར་ཡོད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་འགན་བཅོལ་རིགས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་འགུལ་ཚད་མཐོ་བའི་ཞབས་ཞུའི་དོན་ཚན་དེ་བས་མང་བ“ཡུལ་གཞན་དུ་གཉེར་ཆོག་པ་དང་ཐག་ཉེ་སར་སྒྲུབ་ཐུབ་པ”མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཚེས26ཉིན་ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་སླར་ཡང་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.6བཏང་ནས་ཧུའུ་ནན་དང་ཁྲུང་ཆིང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)5ཡིས་རང་བྱུང་གནོད་འཚེའི་འཕྲལ་སྡོམ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

图片


ཟླ4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན21889ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི27852ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཧྲན་ཞིའི་ཆིན་ཡོན་རྡོ་སོལ་གཏེར་ཁ་འབར་གས་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་གྱོད་གཞིར་མིང་སྦྱར་ལྟ་སྐུལ་བྱས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས26ཉིན་ཁྱིམ་ཚང་ནང་ཁུལ་དུ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བར་དོགས་ཟོན་དང་ཆད་པ་གཅོད་པའི་དཔེ་མཚོན་གྱོད་དཔེ6ཁྱབ་བསྒྲགས་བྱས།

ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར4294.2བཏང་བ་དེ་དུས་མཚུངས་ལས3.9%འཕར་ཡོད།

2.jpg

2026ལོའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་ཚེས26ཉིན་ཧུའུ་པེའི་ཝུའུ་ཧན་དུ་འཚོགས།

འཇར་པན་ནང་བློན་ཁང་གི་དཔོན་རིགས་ཀྱིས་ཉེ་ཆར་འཇར་པན་གྱི“ཆེད་མངགས་འགོག་སྲུང”སྲིད་ཇུས་ལ་འགྱུར་བ་མི་གཏོང་། “དམག་རྒྱལ་རིང་ལུགས་གསར་པ”ཞེས་པའི་ཀྲུང་གོ་ཕྱོགས་ཀྱི་བཤད་ཚུལ་དེ་ཚུགས་ཐུབ་བྲལ་ཞེས་བཤད་པའི་ཐད་དུ། ཕྱི་འབྲེལ་པུས་ཚེས26ཉིན་བསྟན་དོན། འཇར་པན་ཕྱོགས་ཀྱི་གཏམ་སྤྱོད་མི་འདྲ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན“སླར་ཡང་དམག་དོན་ཅན”དུ་འགྱུར་བར་སེམས་ཁྲལ་བྱེད་པ་སེལ་ཐབས་བྲལ་བས། ང་ཚོས་འཇར་པན་ཕྱོགས་ལ་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་དང་ཞི་བདེའི་ཁས་ལེན་དམ་སྲུང་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱེད་དགོས་པའི་སྐུལ་མ་བཏང་།

སྤྱི་ཚོགས།

ཚེས26ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀུའེ་ཀྲོའུ་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་བྱེད་མགོ་ཚུགས་པ་དང་། ཁྲུང་ཆིང་དང་། ཧུའུ་ནན། ཧུའུ་པེ་བཅས་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་ལ་འགྱུར་བ་བཏང་མེད།

ཀྲུང་གོའི་མཉེན་ཆས་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱིས་གཞི་གྲངས་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་པ་ལྟར་ན་ད་ལོར་རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་འཕྲུལ་མིའི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར100ལས་བརྒལ་རྒྱུ་རེད།།

ཉེ་ཆར་སྤྱི་བདེ་པུས“བཙན་ཁྲིད”བྱེད་པ་འཁྲབ་པ་དངAIསྤྱད་དེ་དཀྲོག་གཏམ་བཟོ་བའི་དཔེ་མཚོན་གྱོད་དཔེ5ཡོངས་བསྒྲགས་བྱས།

3.jpg

རང་རྒྱལ་གྱི་ཚྭ་མེད་མཚེའུ་ཆེ་ཤོས་ཏེ་ཕན་དབྱང་མཚེའུ་ཡི་ཆུ་ཁ་ཉིན་ཤས་བསྟུད་མར་མཐོ་རུ་ཕྱིན་པ་དང་། མཚེའུ་ཡི་རྒྱ་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་མིག་སྔར་སྤྱི་ལེ་གྲུ་བཞི་མ3000ལས་བརྒལ་ཡོད།

ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་བར། ཞ་མོན་འགག་སྒོའི་ད་ལོའི་ངོགས་གཉིས་ཀྱི་འགྲོ་འོང་འགྲུལ་པ་མི་ཐེངས་ཁྲི100ལས་བརྒལ་བ་དེ་དུས་མཚུངས་ལས20%ལྷག་ཙམ་འཕར་ཡོད་ཅིང་། འགྲུལ་པ་མི་ཐེངས་ཁྲི100ལས་བརྒལ་བ་ཆེས་མགྱོགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད།

ཚེས26ཉིན་ཧྲན་ཏུང་ཐའེ་ཨན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་ཐའེ་ཧྲན་རྡོ་སྒྲིག་འགལ་ངང་སྔོག་འདོན་དང་གསོག་ཉར། ཕྱིར་འཚོང་བྱས་པ་སོགས་ཀྱི་གནད་དོན་ལ་བརྟག་དཔྱད་བྱས།

ཟླ6པའི་ཚེས1ཉིན་ནས་བཟུང《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་ངལ་དུབ་ངང་རླངས་འཁོར་གཏོང་བའི་ངོས་འཛིན་སྒྲིག་སྲོལ》དངོས་སུ་ལག་བསྟར་བྱ་རྒྱུ་དང་། “རླངས་འཁོར་གཏོང་བའི་དུས་ཚོད་ཁོ་ན་ཚད་གཞིར་འཛིན་པའི”ཚད་བཀག་རང་བཞིན་མེད་པར་བཟོས་ཏེ། ཁ་ལོ་བའི་བྱ་སྤྱོད་དང་སྐྱེ་ལུགས་ཀྱི་རྣམ་པ། འཚོ་བའི་རྗེས་ཤུལ་བཅས་ཀྱིས་ཁ་ལོ་བས་ངལ་དུབ་ཀྱིས་རླངས་འཁོར་གཏོང་མིན་གཏན་འཁེལ་བྱ་རྒྱུ་རེད།

ཚེས26ཉིན“ཏ་ལེན་ནས་དབུས་ཤར་ས་ཁུལ”གྱི་དོས་སྒམ་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་ཡོད།

4.jpg

ཀྲེ་ཅང་ཉིང་པོའི་བུ་མོ་ཆུང་ཆུང་ཞིག་གིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ལམ་ཁའི་ལིའུ་ཧྲེང་བློ་ཐག་ཆོད་པོས་ཆུ་ནང་དུ་མཆོངས་ནས་ཕྲུ་གུ་བསྐྱབས་པས། མིག་སྔར་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོར་ངོས་འཛིན་བྱས་འདུག

དོ་སྣང་།

图片


ཉེ་ཆར་ཧུའུ་ནན་ཧྲི་མོན་རྫོང་དུ་དྲག་ཆར་བབས་པ་དང་། ལུང་ཁྲི་ཧོ་གྲོང་ཚོའི་ཀྲི་པུ་ཧྲུའུ་ཅི་ཞང་ཅི་ཡོན་ཉིན་ཤས་རིང་གེགས་སེལ་གྱི་འཐབ་ས་དང་པོར་ཁ་མ་བྲལ། ཡིན་ནའང་སྒོར་བཅུ་ཕྲག་ཁ་ཤས་ཀྱི་རྣ་རྒྱན་བཏགས་པའི་རྐྱེན་གྱིས་དྲ་བའི་གཏུམ་སྤྱོད་ཕོག་ཡོད། མི་དམངས་དཔྱད་བརྗོད་ཀྱིས་དཔྱད་གཏམ་སྤེལ་བ་སྟེ། ང་ཚོས་རྒྱུན་ལྡན་གྱི་སྤྱི་ཚོགས་ལྟ་སྐུལ་ལ་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ངན་སེམས་བཅངས་ནས་ཚོད་དཔག་དང་དྲ་རྒྱའི་གཏུམ་སྤྱོད་སྤེལ་བ་གཏན་ནས་དང་ལེན་མི་བྱེད། གནས་ཚུལ་དངོས་ཡིན་མིན་མི་འདྲི་བ་དང་། རྟོགས་བཟོ་ཁོ་ན་བྱེད་པའི་ཡ་མ་གཟུགས་ཀྱི་སྣང་ཚུལ་འདི་རིགས་ནི་དངོས་དོན་སྒྲུབ་མཁན་ལ་དྲང་གཞག་ཅིག་མ་རེད། འབྲུབ་འགོག་གེགས་སེལ་བྱེད་པར་བྱེ་ཁུག་དང་ཆུ་རགས་དགོས་པ་མ་ཟད། དྭངས་གཙང་དང་རྗེས་དཔག་གི་གླེང་ཕྱོགས་ཁོར་ཡུག་ཅིག་གིས་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

འཚོ་བའི་ཞབས་ཞུ།

6.jpg

གནམ་གཤིས། དེ་རིང་ནང་སོག་གི་དབུས་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཅང་ཧན་གྱི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།

པེ་ཅིང་། མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་ཁག་གཅིག་གི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་འགོར་བ་དང་། བོར་བརླག་སོང་བའམ་ཡང་ན་སྐྱོན་ཤོར་ནས་མྱུར་དུ་བརྗེ་ལེན་དང་གསབ་ལེན་བྱེད་དགོས་པའི་གནས་ཚུལ་ལ་དམིགས་ནས་སྤྱི་བདེ་ཅུས་ཚེས1ཉིན་ནས་བཟུང་རྒྱུགས་སྤྲོད་སློབ་མས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི་ལྗང་མདོག་བགྲོད་ལམ་བཏོད་དེ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་མགྱོགས་མྱུར་གཉེར་རྒྱུ་རེད།

ཀོང་ཀྲོའུ། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཏེ། ཀོང་ཀྲོའུ་ཨན་ཅུ་ཚོགས་པས་དེ་རིང་ནས་ཟླ12པའི་ཚེས31ཉིན་བར་གྲོང་མིས“རྙིང་འཚོང་གསར་ཉོ”ཡི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀོང་ཀྲོའུ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནང་ཚུན་དུ་གྲོང་མིའི་ལག་བརྒྱུད་སྡོད་ཁང་ཉོ་རྒྱུ་རེད།