ཞི་ཅིན་ཕིང་གིས་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ“མཛའ་བརྩེའི་གཟེངས་རྟགས”སྤྲོད་པའི་མཛད་སྒོ་བསྡུས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ“མཛའ་བརྩེའི་གཟེངས་རྟགས”སྤྲོད་པའི་མཛད་སྒོ་བསྡུས།
ཟླ5པའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ“མཛའ་བརྩེའི་གཟེངས་རྟགས”སྤྲོད་པའི་མཛད་སྒོ་བསྡུས།
ཀྲུང་སའེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ཕྲེང་སྟར་བསྒྲིགས་ཡོད་པ་དང་། གསེར་མདོག་གི་རྒྱབ་ལྗོངས་སྟེང“མཛའ་བརྩེའི་གཟེངས་རྟགས”ཀྱི་པར་རིས་རྣམ་པར་བཀྲ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མིའི་གཟབ་སྦྲེང་རུ་ཁག་གིས་སྟེགས་བུའི་འགྲམ་དུ་ཀྲོང་ངེར་ལངས་ཡོད།
མཛད་སྒོ་མགོ་མ་བརྩམས་གོང་། རྔམ་བརྗིད་ཀྱི་རོལ་དབྱངས་གྲགས་པ་དང་མཉམ་དུ་གསེར་མདོག་གི་སྒོ་ཆེན་དལ་གྱིས་ཕྱེས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཝུའུ་ཆི་ཆི་མཉམ་དུ་ཚོམས་ཆེན་དུ་ཕེབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིང་ལི་ཡོན་དང་སྲིད་འཛིན་ཝུའུ་ཆི་ཆི་ཡི་ལྕམ་མོ་ཐ་མ་ལ་མཉམ་དུ་ཕེབས། ཚོགས་རའི་སྐུ་མགྲོན་རྣམས་ཡར་ལངས་ཏེ་ཐལ་མོ་རྡེབ་པ་དང་གུས་འདུད་ཞུས།
ཞི་ཅིན་ཕིང་དང་ཝུའུ་ཆི་ཆི་གཟེངས་རྟགས་སྟེགས་བུའི་སྟེང་ཕེབས།
དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།
ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་བསྟན་དོན། སྲིད་འཛིན་ཝུའུ་ཆི་ཆི་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་སའེ་མཛའ་བརྩེ་ལ་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་བས། ཀྲུང་སའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དགེ་མཚན་ལྡན་པའི་འཛུགས་སྐྲུན་པ་དང་འགྱུར་མེད་ཀྱི་སྲུང་སྐྱོང་པ་ཡིན། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་དོ་ཁུར་གྱི་གནད་དོན་གལ་ཆེན་སྟེང་། སྲིད་འཛིན་ཝུའུ་ཆི་ཆི་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་ཆེས་སྲ་ཞིང་བརྟན་པ་དང་ཆེས་མངོན་གསལ་གྱི་རོགས་སྐྱོར་གནང་བས། རྒྱ་ཆེའི་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། མིག་སྔར། ཀྲུང་སའེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཕ་བོང་བཞིན་བརྟན་པ་དང་། དངོས་བརྩོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ལ། མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་མི་སེམས་སུ་ཟུག་ནས། ཐུན་མོང་ཐོག་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་ལས་གཞི་རབ་དང་རིམ་པ་ཞིག་བསྐྲུན་ཡོད། དོན་དངོས་ལས། ཀྲུང་སའེ་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་རྒྱབ་སྐྱོར་དང་འཕེལ་རྒྱས་མཉམ་བརྩོན་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་དང་ཕན་ཚུན་ལ་གྲུབ་འབྲས་བསྐྲུན་ན། དོན་དངོས་ཐོག་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་ཁབ་དང་རྒྱལ་ཁབ་འགྲོ་འོང་གི་དཔེ་མཚོན་བཙུགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔྱད་གཞིར་བཟུང་ཆོག་པའི་དཔེ་དབྱིབས་འདོན་སྤྲོད་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “མཛའ་བརྩེའི་གཟེངས་རྟགས”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཀྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་ཡིན་ལ། གཟེངས་རྟགས་འདིས་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ཀྲུང་སའེ་མཛའ་མཐུན་ཐད་བཞག་པའི་བྱས་རྗེས་ལ་ཚད་མཐོའི་ཁས་ལེན་གནང་བ་མཚོན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་སའེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་རེ་བ་ཟབ་མོའང་མཚོན་ཡོད། ཀྲུང་སའེ་མཛའ་བརྩེ་ནི་ཁྲག་དང་མེ་ཡི་ཁྲོད་ཞུན་བརྡར་བྱས་ཤིང་། མིག་སྔའི་རྒྱལ་སྤྱིའི་རྙོག་འཛིང་ཁྲོད་སྔར་བས་རྩ་ཆེན་དུ་གྱུར་ཡོད། ཀྲུང་སའེ་མི་དམངས་ཀྱིས་རང་བཙན་རང་བདག་བརྩོན་སྙེག་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས། རང་སོ་སོའི་འཕེལ་རྒྱས་གོང་སྤེལ་གྱི་འཐབ་ལམ་སྟེང་མུ་མཐུད་དུ་རྒྱལ་ཁ་གསར་བ་ལེན་ཐུབ་ངེས་ཡིན།
དེའི་རྗེས་སུ། ཏང་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུའུ་ཞི་ཡི་མཛད་རྗེས་རྟགས་མ་གནང་བའི་བཀའ་ཡིག》སྒྲོག་འདོན་གནང་།
གུས་དམག་གིས“མཛའ་བརྩེའི་གཟེངས་རྟགས”ཚོགས་རར་སྐྱེལ།

ཟླ5པའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་སའེ་ཨེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ལ“མཛའ་བརྩེའི་གཟེངས་རྟགས”སྤྲོད་པའི་མཛད་སྒོ་བསྡུས།
རྔམ་བརྗིད་ཀྱི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་གིས་ཝུའུ་ཆི་ཆི་ལ་མཛད་རྗེས་གཟེངས་རྟགས་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱག་འཇུ་གནང་། ཚོགས་ར་ཡོངས་སུ་ཡུན་རིང་ལ་ཐལ་མོའི་རྡེབ་སྒྲ་གྲགས།
དམག་མིའི་རོལ་དབྱངས་རུ་ཁག་གིས་སའེ་ཨེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།
ཝུའུ་ཆི་ཆི་ཡིས་ཤིས་ལན་ཕུལ། ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ང་ལ“མཛའ་བརྩེའི་གཟེངས་རྟགས”གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་སའེ་ཨེར་ཝེ་ཡ་རྒྱལ་ཁབ་དང་མི་དམངས་ཀྱི་ཚབ་ཞུས་ནས་གཟེངས་རྟགས་འདི་དང་ལེན་བྱས་པ་ཡིན། འདི་ནི་ངའི་མི་ཚེའི་ཁྲོད་ཀྱི་གལ་ཆེའི་དུས་མཚམས་ཅིག་ཡིན་ལ། གཟེངས་རྟགས་འདི་ནི་ང་མི་སྒེར་གྱི་ཆེས་བླ་མེད་ཀྱི་མཚན་སྙན་ཅིག་ཡིན་པ་མ་ཟད། སའེ་ཨེར་ཝེ་ཡས་རང་བདག་དང་རང་བཙན། འཕེལ་རྒྱས་བཅས་བརྩོན་ལེན་བྱས་པར་ཁས་ལེན་བྱས་པ་ཞིག་ཀྱང་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་བར་བརྩི་བཀུར་བྱས་ཏེ། དཀའ་ངལ་གྱི་དུས་སྐབས་སུ་སའེ་ཨེར་ཝེ་ཡ་མི་དམངས་དང་མཉམ་དུ་ལངས་ནས། སའེ་ཨེར་ཝེ་ཡའི་འཕེལ་རྒྱས་ལ་རོགས་སྐྱོར་གནང་ཡོད་པས། ང་ཚོས་ནམ་ཡིན་ཡང་ཀྲུང་གོའི་རྒྱབ་སྐྱོར་དང་རོགས་སྐྱོར་བརྗེད་མི་སྲིད། ངས་མུ་མཐུད་དུ་སའེ་ཀྲུང་མཛའ་བརྩེའི་ལས་དོན་ལ་འབད་འབུངས་བྱས་ཏེ། ཀྲུང་གོ་དང་མཉམ་དུ་སའེ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
ཏང་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཟེངས་རྟགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུའུ་རེན་གཞོན་པ་ལི་ཀན་ཅེ་དང་ལི་ཧུང་ཀྲུང་། ཝུའུ་ཀྲིན་ལུང་སོགས་མཛད་སྒོར་ཞུགས་ཡོད། །