ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་བཀོད་གཏོང་བྱས།
发布时间:2026年06月17日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས16ཉིན་གྱི་ཆུ་ཚོད17:06སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བ་ལ་ས་ཡོམ་རིམ་པ6.3བརྒྱབ། ས་ཡོམ་བརྒྱབ་རྗེས་ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་འཕྲལ་མར་བླང་བྱ་བཏོན་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཞིབ་བསྡུར་བྱེད་པ་དང་རྨས་སྐྱོན་ཕོག་པའི་མང་ཚོགས་སྐྱོབ་བཅོས་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་ནན་བཤད་གནང་། གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་མགྱོགས་མྱུར་བྱས་ནས་ལྕགས་ལམ་དང་། ཟམ་པ། རང་བྱུང་སོལ་རླངས། ཆུ་མཛོད་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་བཟོ་གཏེར་ཁེ་ལས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་ཡང་དག་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ཨ་ལན་བསློགས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་འཕྲལ་མར་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་པུའི་བརྙན་ལམ་ཐོག་ནས་ཡོམ་འགོག་གེགས་སེལ་ལས་དོན་བཀོད་གཏོང་བྱས་པ་དང་འབྲེལ་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་གཉིས་འཚོགས་ནས་གནོད་འཚེར་གྲོས་མོལ་དང་བརྡར་ཤ་བཅད་དེ་བཀོད་འདོམས་མ་ལག་ནུས་ཆེའི་ངང་འཁོར་སྐྱོད་བྱེད་པ་དང་མགོ་ཁྲིད་ལས་བྱེད་པས་ཁག་བགོས་འགན་གཙང་ལེན་བྱས་ཏེ་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པའི་བླང་བྱ་བཏོན། གནོད་འཚེའི་གནས་ཚུལ་ཁྱོན་ཡོངས་ལ་ཁྱབ་ནས་སླར་ཡང་གྲལ་བཤེར་བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། མི་སྣ་ཁ་འགྲེམས་བཀོད་སྒྲིག་དང་སེམས་ཁམས་ཁྲིད་སྟོན་ཡག་པོ་བྱས་ནས་རྒན་པ་དང་བྱིས་པ་སྔོན་ལ་འགན་ལེན་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་ཁང་ཡོད་པ་དང་། ལྟོ་ཆས་ཡོད་པ། འཐུང་ཆུ་ཡོད་པ། འཁྱགས་པ་མི་ཕོག་པ་བཅས་ཀྱི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་དོ་ཁུར་དང་། ཚད་ལྡན་དང་གོ་རིམ་ལྡན་པའི་ངང་དངོས་ཟོག་སྤྲོད་པ། འབྲིང་རྒྱུགས་སློབ་མས་ཡུལ་གཞན་དུ་ཡིག་རྒྱུགས་གཏོང་བའི་ཇུས་གཞིར་ཞིབ་འཇུག་བཅས་བྱས་ནས་ཡིག་རྒྱུགས་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་བྱས། མང་ཚོགས་བཀོད་སྒྲིག་གི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། འཕྲོད་བསྟེན་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས། ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་ས་གནས་ས་ཐོག་ཏུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་དང་ཀྲུའུ་ཤང་ཧྥིང་བརྙན་ལམ་བཀོད་གཏོང་ནང་ཞུགས། མཚོ་སྔོན་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་ཟླ6ཚེས16ཉིན་གྱི་ཆུ་ཚོད18:10སྟེང་། ཞིང་ཆེན་རིམ་པའི་ས་ཡོམ་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཆེད་ལས་སྟོབས་ཤུགས་མགྱོགས་མྱུར་བསྡུ་རུབ་བྱས་ནས་ཉེན་འགོག་གེགས་སེལ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ།
མིག་སྔར། ས་ཡོམ་གྱིས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་སྐྱོན་ཕོག་པ། རྨས་སྐྱོན་ཕོག་མཁན་གྱིས་རྨ་ཁ་དཀྲིས་རྗེས་སྨན་ཁང་ནས་ཁ་བྲལ་ཟིན། ད་ཐེངས་ས་ཡོམ་མཐའ་འཁོར་གྱི་སྤྱི་ལེ50ཡི་ནང་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་འདོན། ཆུ་མཁོ་འདོན། སོལ་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཉེ་འཁོར་གྱི་གཏེར་སྙིགས་བང་མཛོད 7 ལ་གས་སྲུབས་སོགས་ཉེན་ཁའི་གནས་ཚུལ་མ་རྙེད་པ་དང་། ས་ཡོམ་ཁྲོད་ཀྱི་ཉེ་འགྲམ་གྱི་རྡོ་སོལ་གཏེར་ཁའི་ཁེ་ལས་ཀྱི་ལས་སྒྲུབ་མི་སྣ་ཚང་མ་ཕྱིར་འཐེན་བྱས་པ་མ་ཟད་ཐོབ་ཐང་ཞིབ་བསྡུར་བྱས། ཚྭ་འདམ་ས་ཁུལ་གྱི་མཛེས་ལྗོངས་ཁུལ་ཚང་མ་སྒོ་བརྒྱབ་པ་དང་། ཡོམ་འགོག་གིས་བཀག་ཉར་བྱས་པའི་འགྲུལ་པའི་མེ་འཁོར 7 རིམ་བཞིན་དུ་འཁོར་སྐྱོད་བྱས། གནོད་འཚེའི་གྱོང་གུན་གྱི་གནས་ཚུལ་ལ་ཞིབ་བཤེར་སྔར་ལས་ལྷག་པ་བྱེད་བཞིན་ཡོད།