网站无障碍
གསར་འགྱུར་གལ་ཆེན།
发布时间:2026年06月23日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་གསུམ་ནང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར1.24ཟིན། དེ་དུས་མཚུངས་ལས4.4%འཕར་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཟླ6པའི་ཚེས22ཉིན་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་མགོ་ཚུགས།

ནོར་སྲིད་པུ་ཞིང་ལས་གྲོང་གསེབ་པུ་དང་མཉམ་དུ་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་ལ་མ་དངུལ་སྒོར་དུང་ཕྱུར2.19བཏང་ནས། ནང་སོག་དང་ཧུའུ་པེ་སོགས་ཞིང་ཆེན7གྱིས་ཞིང་ལས་ཐོན་སྐྱེད་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་ནས་མིག་ཤེལ་བཟོ་མཁན་ཁེ་ལས་ཀྱི་མིག་ཤེལ་ཐོན་སྐྱེད་དང་། སྡེབ་སྦྱོར། ཕྱིར་ཚོང་། ཉམས་བཟོ་སོགས་སྦྲེལ་ཐག་ཧྲིལ་པོའི་ཚད་འཇལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

图片

ཚེས22ཉིན་མཚོ་དམག་ལེའོ་ཉིང་དམག་གྲུའི་དཔུང་རུས་ཐག་རིང་མཚོ་ཐོག་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཞིང་། ཆིང་ཏའོ་གྲུ་ཁར་བདེ་འཇགས་ངང་ཕྱིར་ལོག

ནོར་སྲིད་པུས་བརྡ་ཐོ་བཏང་བ་འདི་ལྟར། ཉོ་སྒྲུབ་བྱེད་མཁན་གྱིས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོའི་ནང་ཨ་རིའི་ཁེ་ལས(ཀྲུང་གོར་ཡོད་པའི་ཨ་རིའི་མ་འཇོག་ཁེ་ལས་ཚུད་མེད)46གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཉོ་སྒྲུབ་བྱས་མི་ཆོག

ཚོང་དོན་པུས་ཨའེ་ཝུའེ་ཨའོ་ཁེ་སི་སྤྱི་གཉེར་སོགས་ཨ་རིའི་དངོས་ཚན10ཕྱིར་གཏོང་དོ་དམ་ཚོད་འཛིན་གྱི་མིང་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས།

ཚེས22ཉིན། དབྱིན་ཇིའི་དབུ་བློན་སི་ཐ་མའོ་ཡིས་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས། དབྱི་རན་གྱིས་དབྱི་རན་དང་ཨ་རིའི་གྲོས་མོལ་ཐོག་གྲོས་མཐུན་བྱུང་བའི་ནང་དོན་གཙོ་བོ5ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

图片

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སེར་པོའི་སྔོན་བརྡ་བཏང་ཞིང་། དེ་རིང་ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་དང་། ཧུའུ་ནན་ལྷོ་ནུབ་རྒྱུད། ཧུའུ་པེའི་ཤར་ལྷོའི་རྒྱུད། ཅང་ཤིས་བྱང་རྒྱུད། ཨན་ཧུའེ་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཚེས23ཉིན་ནས་བཟུང་ཞིང་ཆེན་ཁག་གིས2026ལོའི་མཐོ་རྒྱུགས་ཀྱི་སྦྱངས་འབྲས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱ་རྒྱུ་རེད།

སྨྱན་སྦྱོར་གྱིས་བཏོན་པའི“ཕྲུ་གུ་དམར་འབྱར་གྱི་ཤོག་བུའི་གཅིན་ཐུང་ཅ་ཤན་ཨན་གྱི་གནད་དོན”ལ་དམིགས་ཏེ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས་ནས། ཕྲུ་གུ་དམར་འབྱར་གྱི་ཤོག་བུའི་གཅིན་ཐུང་ཅ་ཤན་ཨན་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་བཤེར་བྱས་པ་དང་འབྲེལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ཀྱང་བྱས་ཤིང་། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས2025ལོའི་ལོ་འཁོར་གྱི་མི་སྒེར་གྱི་ཐོབ་ཁྲལ་ཕྱོགས་བསྡུས་ཐོབ་ཆའི་བསྡོམས་རྩིས་ཟླ6པའི་ཚེས30ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཁྲལ་འཇལ་མཁན་ཁག་གཅིག་ལ་ཁྲལ་དོན་སྡེ་ཚན་གྱིས་འཕྲིན་ཐུང་སོགས་ཀྱི་བྱ་ཐབས་བརྒྱུད་བསྐུར་བའི་དྲན་སྐུལ་འབྱོར་ནས་དེར་ཡོང་འབབ་སྙན་ཞུ་མ་བྱས་པའམ་ཡང་ན་སྙན་ཞུ་ཉུང་ཙམ་བྱས་པ་དང་ཁྲལ་དངུལ་གསབ་འཇལ་བྱེད་དགོས་པའི་གནས་ཚུལ་སོགས་ལ་དྲན་སྐུལ་བྱ་རྒྱུ་རེད།

ཅང་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱི་ཅན་ཡེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཐོབ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།

ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཏའེ་པེ་ཧྥང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཐོབ་ལས་ཕྱིར་འབུད་བྱས།

རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུ་ཧྲན་ཤིས་ཅུ་ལྟ་ཞིབ་ཁྲིམས་འཛིན་ཁྲུའུ་བརྒྱད་རིམ་གསུམ་བརྟག་ཞིབ་པ་ཀེང་ཆིང་ལུའུ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་གྱི“5·22”ཝ་སི་འབར་གས་ཀྱི་ལས་འཛོལ་ཧ་ཅང་ཚབས་ཆེན་དང་འབྲེལ་བ་ཡོད་པས། མིག་སྔར་ཧྲན་ཤིས་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ཚེས21ཉིན་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་སོ་གཉིས་པ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་མཇུག་འགྲིལ། བསྡོམས་རྩིས་བྱས་པར་གཞིགས་ན། སྐབས་འདིའི་པར་རིས་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་པར་དབང་ཉོ་ཚོང་གྲོས་མཐུན(འདོད་བློ་ཚུད་པ)2835བཞག་ཡོད།

图片

ཉེ་ཆར། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས1940ལོའི་ཟླ3པའི་སྙན་ཞུ་ཞིག་སྤེལ་ཞིང་། སྙན་ཞུའི་ནང་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་རིང་འཇར་པན་དམག་གིས་ཀྲུང་གོར་སྲོག་ཆགས་ཀྱི་ཁྲག་རྒྱུན་མི་ལུས་སུ་བླུགས་པའི་ཚོད་ལྟ་ཡང་ཡང་བྱས་ཡོད་ཅེས་འཁོད་ཡོད།

དོ་སྣང་།

图片

ཉེ་ཆར་ཧུའུ་ནན་གྱི་ལོ11ལ་སླེབས་པའི་བུ་ཞིག་གིས་དྲ་ཐོག་ནས་ཀའོ་མཱན་སྐྱུར་ཅཱ་དང་ལིའུ་ཧོང་ཕྱེ་སོགས་རྫས་འགྱུར་དངོས་རྫས་ཉོས་ཏེ་ཁྱིམ་དུ་རྫས་འགྱུར་ཚོད་ལྟ་བྱེད་སྐབས་གློ་བུར་དུ་འབར་གས་བྱུང་ཞིང་། ངོ་གདོང་དང་གཞོགས་གཉིས་ཀྱི་རྐང་ལག་འཚིག་རྨས་ཚབས་ཆེན་ཕོག་ལ་ཚེ་སྲོག་ལ་ཉེན་ཁ་མེད་པར་བདེ་བླག་ངང་སྨན་ཁང་ནས་དོན་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བར། ཚན་རིག་དང་མཐུན་པའི་འཚོལ་ཞིབ་བྱེད་པར་སྐུལ་ལྕག་བྱེད་རིན་ཡོད་མོད། འོན་ཀྱང་བདེ་འཇགས་ཀྱི་དམར་ཐིག་ལས་བརྒལ་མི་རུང་། ཕྱོགས་ཡོངས་ཀྱིས་ལག་གདང་སྦྲེལ་བ་དང་སྦྲེལ་ཐག་ཧྲིལ་པོར་ཤུགས་བརྒྱབ་ཚེ། གཞི་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་སྐྱ་མདོག་གི་ས་ཁུལ་ནུས་ལྡན་ངང་སེལ་ཐུབ་པ་དང་། གཞོན་ནུ་ལོ་ཆུང་གི་ཡ་མཚན་གྱི་བསམ་པ་དང་ཤེས་བྱ་སྦྱོང་འདོད་ལ་སྲུང་སྐྱོང་བྱེད་ཐུབ་ལ་སྤྱི་པའི་བདེ་འཇགས་ཀྱང་བརྟན་པོར་སྲུང་ཐུབ། 

འཚོ་བའི་ཞབས་ཞུ།

གནམ་གཤིས། དེ་རིང་དང་སང་ཉིན་གཉིས་རིང་རང་རྒྱལ་གྱི་ཆར་པ་འབབ་རྒྱུད་གཙོ་བོ་སྔར་བཞིན་འབྲི་ཆུའི་རྒྱུད་དུ་གཅིག་སྡུད་བྱས་ཡོད་པ་དང་། ཧུའུ་ནན་དང་། ཧུའུ་པེ། ཅང་ཤིས་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་ཤུགས་ཆེ་ཙམ་ཡོད་པ་མ་ཟད། ཁ་སྤྲོད་རྒྱུག་གི་གནམ་གཤིས་ཀྱང་ཡོད་པས་སྤྱི་དམངས་ཀྱིས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ་རི་ཁུལ་སོགས་ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཁུལ་དུ་བསྐྱོད་མི་རུང་།

ཧྲང་ཧའེ། ཟླ6པའི་ཚེས24ཉིན་གྱི་ཆུ་ཚོད22:00ནས་ཚེས29ཉིན་གྱི་ཆུ་ཚོད8:00བར་ཧེང་ཧྲན་ལམ་གྱི་ཟུར་ལམ(ཧེང་ཧྲན་ལམ་འོག་གི་ཤར་ཕྱོགས་སུ་ནང་འདྲེན་བྱས་ནས་ཧྭ་ཧྲན་ལམ་བར)ལམ་དུམ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད། དོ་དམ་ཚོད་འཛིན་བྱེད་རིང་འཕྲུལ་སྒུལ་འཁོར་ལོ་དང་འཕྲུལ་སྒུལ་མིན་པའི་འཁོར་ལོ་ཁྲིད་སྟོན་ལྟར་བསྐོར་ནས་འགྲོ་དགོས་པ་དང་། རྐང་ཐང་བ་རྒྱུན་ལྡན་ལྟར་འགྲོ་ཐུབ།

ཅི་ལིན། ཟླ6པའི་ཚེས20ཉིན་ནས་ཟླ7པའི་ཚེས20ཉིན་བར་ཅི་ལིན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་མཁན་གྱིས“ཅི་ལིན་གཅིག་ཀུན་འཐུས་གཱ”ཡི་ཆེན་ཆུང་གི་སྤྱི་ཚོགས་འགན་བཅོལ་གཱ་ཡི་དངུལ་སྤྲོད་ཨང་གྲངས་བརྒྱུད་ཉིན་གཅིག་ལ་ཆག་ཡང་དང་རྩ་ཆག་གཏོང་བའི་བྱེད་སྒོ་ཐེངས་གཅིག་ལོངས་སུ་སྤྱོད་ཆོག