网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年06月24日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཀྲུང་གོ་གུང་ཁྲན་ཏང་གི་གདན་ཞུ་ལྟར་ཁམ་བྷོ་དི་ཡའི་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་གྱིས་ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར་ཀྲུང་གོར་དངོས་སུ་མཛའ་གྲོགས་འཚམས་འདྲི་བྱ་རྒྱུ་རེད།

ཚེས23ཉིན་ནས་བཟུང2026ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་མཐོ་རྒྱུགས་སྐར་འབྲས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་པ་དང་། སྐར་མ་ཞིབ་བཤེར་བྱེད་མགོ་ཚུགས་པའི་དུས་ཚོད་གཙོ་བོ་ཟླ6པའི་ཚེས23ནས26ཉིན་བར་ཡིན།

བཟོ་འཕྲིན་པུ་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་པ་སྟེ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཚད་ལོན་ལག་ཁྱེར་གྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་དང་། རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱིས“ཉིན་དེར་རླངས་འཁོར་ཉོ་བ་དང་ཉིན་དེར་ཁྲལ་འཇལ་ཐུབ་པ། ཉིན་དེར་བྱང་བུ་སྤྲོད་ཐུབ”

ཚོང་དོན་པུ་སོགས་སྡེ་ཁག8ཀྱིས་བརྡ་ཐོ་བཏང་བ་སྟེ། རླངས་འཁོར་འཁོར་རྒྱུག་འཛད་སྤྱོད་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར40དང་དེའི་གཙོ་གནད་སྒྱུར་བཅོས་གསར་གཏོད་ཀྱི་ཁ་ཕྱོགས་ཁྱབ་བསྒྲགས་བྱས།

ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཁྲི2.5ལས་བརྒལ། དེ་དུས་མཚུངས་ལས5.3%འཕར།

ཚེས23ཉིན། རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཁག་གིས་ཧུའུ་ནན་ལ་རས་གུར་དང་ལྟེབ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི4བཏང་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་རོགས་སྐྱོབ་དང་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས།

图片

ཚེས23ཉིན། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་སྒྱུར་བཀོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་ཉེར་དྲུག་པའི་སྲུང་སྐར་རྟགསAཅན་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱོད་དེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་།

རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6པའི་ཟླ་སྨད་དུ་ཨུ་རུ་སུའི་མཚོ་དམག་གི་གདན་ཞུ་ལྟར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཆི་ཅི་ཀོང་དམག་གྲུ་དང་ཁུ་ནུ་རི་དམག་གྲུ་ལས་གྲུབ་པའི་དམག་གྲུའི་དཔུང་རུས་ཨུ་རུ་སུའི་ཕུའུ་ལ་ཏི་ཝོ་སི་ཐུའོ་ཁེ་རུ་འཚམས་འདྲི་བྱེད་པར་བསྐྱོད་རྒྱུ་རེད།

སྤྱི་ཚོགས།

2.gif

ཚེས23ནས་ཚེས25ཉིན་བར་རང་རྒྱལ་གྱི“སང་ན་ཐེན”ས་ཁོངས་གཙོ་བོ་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་སུ་གཅིག་སྡུད་བྱས་པ་དང་། ཀོང་ཏུང་དང་ཧའེ་ནན་སོགས་སུ་དྲོད་ཚད་མཐོ་བའི་གནམ་གཤིས་རྒྱུན་མཐུད་ཡོད་པ་མ་ཟད། ས་ཆ་མང་པོའི་ཕྱི་དྲོའི་དྲོད་ཚད་མཐོ་ཤོས་ཀྱི་དུས་མཚམས་སུ་བརླན་ཚད་ཀྱང70%ལས་བརྒལ་རྒྱུ་རེད།

ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྨ་ཆུའི2026ལོའི་འབྲུབ་དུས་གཙོ་བོའི་གོང་གི་ཆུ་འདྲེན་བྱེ་སྒྱུར་དངོས་སུ་བྱེད་མགོ་ཚུགས།

ཚེས23ཉིན། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་དེ་སྔའི་རྒྱུན་ཨུའམ་ཕུའུ་ཏུང་གསར་སྤེལ་ཁུལ་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲུའུ་ཀྲི་སུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲུའུ་ཀྲི་སུང་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱེད་རྒྱུ་རེད།

མིག་སྔའི་བར་རྒྱལ་ཡོངས་སུ་སྔོན་གཤེགས་དཔའ་བོའི་བང་སོ་ཁང5418ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱས་པ་དང་ལེགས་གྲུབ་བྱུང་ཚད99.6%ཟིན་ཡོད།

3.jpg

ཚེས23ཉིན། འཛམ་གླིང་གི་བར་བརྒལ་ཆེ་ཤོས་ཀྱི་རྟེན་གསུམ་གྱི་ལྕགས་སྒམ་གདུང་གསེག་འཐེན་ཟམ་སྟེ། ཆིང་ལུང་མོན་ཟམ་ཆེན་གྱི་ཟམ་པ་གཙོ་བོ་བདེ་བླག་ངང་སྦྲེལ།

ཉིན་ཤས་གོང་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་གོ་ལ་ཧྲིལ་པོའི་ཕུར་འདེབས་གྲུ་གཟིངས་ཆེ་ཤོས“ལྕགས་སྐྲུན་ཟམ་ཆེན་གྱི་ཕུར་འདེབས1”རྟགས་ཅན་ཅང་སུའུ་ནན་ཐུང་དུ་དངོས་སུ་རྩིས་སྤྲད།

ཀུའེ་ཀྲོའུ་ཀུའེ་དབྱང་དང་ཐེན་ཅིན་ཐང་ཀུའུ། ཡུན་ནན་ཐེང་ཁྲུང་། ཧུའུ་ནན་ཡུའེ་དབྱང་བཅས་གནམ་གཤིས་ས་ཚིགས4འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ལོ་བརྒྱའི་གནམ་གཤིས་ས་ཚིགས་ཀྱི་ཁས་ལེན་མིང་ཐོའི་ནང་བདམས།

ཚེས22ཉིན་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས166པ་སྤེལ་མགོ་ཚུགས།

ཉེ་ཆར། ཨན་ཧུའེ་ཧུ་ཧྥེ་སྐྱེས་པ་ཞིག་གིས་ནམ་གུང་ཆུ་ལ་ལྡིང་བ་དང་། ལམ་བར་དུ་བརྒྱུད་པའི་མངག་སྐྱེལ་བ་ཧུའུ་ཡན་ཧུའེ་དང་ལི་ཀྲི་ཏ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་མཆོངས་ནས་མཉམ་དུ་སྐྱེས་པ་མཚོ་འགྲམ་དུ་དྲུད། རོགས་སྐྱོབ་དུས་ཐོག་ཏུ་བྱས་པས་སྐྱེས་པ་རྣམས་ལ་སྐྱོན་ཆེན་པོ་མེད།

དོ་སྣང་

图片

ཉེ་དུས་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་བཀོད་ནས་བློ་འདྲིའི་ཁྲོམ་ར་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་རྙོག་འཛིང་ཆེ་བའི་གནས་ཚུལ་མི་ཉུང་བ་ཞིག་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་བཏང་དོན། ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་ནི་ཅི་བཤད་ཀྱང་རམ་འདེགས་ཡིན་པ་དང་། རང་ཉིད་དང་འཚམ་པ་ནི་ཡག་ཤོས་ཡིན། ཁྱིམ་བདག་ལ་སེམས་ཁྲལ་བཟོ་བར་བརྟེན་ནས“མྱུར་འགྲུབ་འཆར་འགོད་དགེ་རྒན”གྱི་ལྟ་བ་འདོན་མཁན་དེ་དག་མཇུག་མཐར་འདོར་ངེས་ཏེ། མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་འབྲི་སྐབས་སྐར་གྲངས་དང་། སྤྲོ་སྣང་གི་ཁྱད་ཆོས། ཕུགས་ཀྱི་ལས་རིགས་དམིགས་ཚད་བཅས་དབར་དོ་སྙོམས་ཡག་ཤོས་འཚོལ་དགོས། དེ་ལྟར་བྱས་ཚེ་ད་གཟོད་སྣ་མང་གི་གདམ་ག་ཁྲོད་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་མི་ཚེའི་རྒྱུགས་ལེན་ཆེན་པོ་འདི་ལས་རང་ཉིད་ལ་དབང་བའི་མཐའ་ཡངས་པའི་རྒྱ་མཚོར་སྐྱོད་ཐུབ།

འཚོ་བའི་ཞབས་ཞུ།

5.jpg

གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བཏང་བ་དང་། དེ་རིང་ཉིན་ཀུའེ་ཀྲོའུ་ལྷོ་རྒྱུད་དང་ཀོང་ཤིས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་ས་ཆ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

པེ་ཅིང་། ཚེས26ཉིན་པེ་ཅིང་གིས་ད་ལོའི་དུས་ཐེངས་དང་པོའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་དམིགས་ཚད་བཀོད་སྒྲིག་བྱ་རྒྱུ་དང་། ད་ཐེངས་སྣུམ་འཁོར10000བཀོད་སྒྲིག་བྱ་རྒྱུ་རེད།

སུའུ་ཀྲོའུ། སུའུ་ཀྲོའུ་སྤྱི་སྤྱོད་རླངས་འཁོར་ཚོགས་པས2026ལོའི་དབྱར་ཁའི་གུང་གསེང་སློབ་མའི་ཆེད་གཏོགས་དམངས་ཕན་བྱེད་སྒོ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭར་ཡོད་པའི་ཆེད་ཚན་དང་དེ་ཡན་གྱི་སློབ་མ། མཐོ་རྒྱུགས་སྐབས2026ལོའི་མཐར་ཕྱིན་སློབ་མར་སྒོར1ལས་མི་དགོས་པར་ཆེད་གཏོགས་གློག་རྡུལ་རླངས་འཁོར་ཨང་བཤེར་ལེན་ཆོག་པ་དང་། རྒྱལ་ཡོངས་ཀྱི་སློབ་མ་རྣམས་ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས31ཉིན་བར་ཚད་མེད་པར་སུའུ་ཀྲོའུ་གྲོང་ཁུལ་གྱི་རྒྱུན་གཏན་གྱི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག