གསར་འགྱུར་གལ་ཆེན།ཡོང་ཁུངས།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ6པའི་ཚེས30ཉིན་ཚོགས་འདུ་འཚོགས་ནས་འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
➤ཟླ6པའི་ཚེས30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སའེ་ཧྲེའར་གྱི་ཙུང་ཐུང་ཧོ་མི་ཉི་ཡེ་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།
➤ཟླ7པའི་ཚེས1ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས13པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཅའོ་ཡུས་ལུའུ་རྣམ་པའི་རྫོང་ཨུའི་ཧྲུའུ་ཅི》བསྐྱར་དུ་སྤེལ་རྒྱུ་རེད།
➤2025ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྡོམ་འབོར་ཁྲི10128.6ཟིན་པ་དེ་ལོ་གོང་མ་ལས་ཁྲི101.5འཕར་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི543.1ཡོད་པ་དེ་ལོ་གོང་མ་ལས་ཁྲི18.1འཕར་ཡོད།
➤2026ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་ཟླ7པའི་ཚེས1ཉིནམགོ་ཚུགས་ཤིང་། ཟླ7པའི་ཚེས1ནས་ཟླ8པའི་ཚེས31ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར10.1སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1629སྐྱེལ་འདྲེན་བྱ་རྒྱུ་རེད།
➤ཟླ6པའི་ཚེས30ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་ཕྱོགས་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་མངའ་ཁོངས་བར་སྣང་དང་མཐའ་འཁོར་གྱི་མཚོ་ཐོག་བར་སྣང་ཁྱབ་ཁོངས་སུ་དམག་གྲབས་སྐོར་ཞིབ་བྱས།
➤ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཅང་ཏེ་ཀུའོ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།
➤ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ལིའུ་མན་ཚང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་མན་ཚང་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད།
➤ཟླ6པའི་ཚེས30ཉིན་རྒྱལ་ཁབ་གློག་དྲ་ཚད་ཡོད་སྤྱི་གཉེར་གྱི་ཧྲའན་པེ་ནས་ཨན་ཧུའེ་བར་གྱི་སྟོང་ཧྥུ800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ནས་སྤྱོད་མགོ་ཚུགས།
➤ཉེ་ཆར་སྤྱི་བདེ་ལས་ཁུངས་ཀྱིས་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་རྒྱན་འཛུགས་ཁྱབ་གདལ་དང་རྒྱན་འཛུགས་མ་དངུལ་སྡོམ་རྩིས་རྒྱག་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ནས་གྱོད་འབྲེལ་མི6འཛིན་བཟུང་བྱས།
➤ཉེ་ཆར། ཧྲན་ཏུང་ཧོ་ཙེའི་སྐྱེས་པ་ཞིག་གློ་བུར་དུ་ས་ལ་འགྱེལ། ཉེན་ཁ་ཆེ་བའི་སྐབས་སུ་ལམ་དུ་འགྲོ་བཞིན་པའི་གསར་འགོད་པ་ཧྲོ་ཧྲོའེ་དང་སེམས་རྩ་འཁོལ་བའི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྐྱོབ་རོགས་བྱས་པས་ནད་པའི་དྲན་པ་སོས་པ་དང་འབྲེལ་སྨན་བཅོས་བྱེད་པར་བསྐྱལ།
འཚོ་བའི་ཞབས་ཞུ།➤གནམ་གཤིས། དེ་རིང་ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧུའུ་པེའི་ཤར་ལྷོའི་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧེ། ཀྲེ་ཅང་གི་བྱང་རྒྱུད་དང་དེ་བཞིན་ཧྭ་བྱང་གི་ཤར་རྒྱུད་དང་། ཧྲན་ཏུང་གི་དབུས་བྱང་རྒྱུད། ལེའོ་ཉིང་གི་ནུབ་རྒྱུད། ཧའེ་ནན་གྱི་ནུབ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།
➤ཀོང་ཏུང་ཀོང་ཀྲོའུ། ཟླ7པའི་ཚེས2ཉིན་ནས་བཟུང་ཀོང་ཀྲོའུ་འགྲིམ་འགྲུལ་ཉེན་རྟོག་པས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་གསར་པ་སྤྲོད་རྒྱུ་རེད། གྲོང་མིས་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་ཏེ “འགྲིམ་འགྲུལ་དོ་དམ12123App”བརྒྱུད་དེ་སྐབས་བསྟུན་རམ་ཡང་ན་རང་སྒྲིག་ཨང་རྟགས་གདམ་ཆོག་ལ། རླངས་འཁོར་དོ་དམ་སྐར་ཁུང་དུ་ཕྱིན་ནས་སྐབས་བསྟུན་གདམ་ཀྱང་ཆོག