网站无障碍
གསར་འགྱུར་གལ་ཆེན། 
发布时间:2026年07月06日 消息来源:

    

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
    ➤ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《གཞི་རིམ་གྱི་ལས་ཀ་བྱེད་སྟངས་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དེབ་དེ། ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་རྒྱལ་ཡོངས་སུ་དཔེ་སྐྲུན་བྱས་པ་རེད། 




 ➤བཟོ་ལས་དང་ཆ་འཕྲིན་པུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས14.6%འཕར་ཡོད།     
➤རྒྱལ་གཉེར་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་བཏང་ཚད་ཏུན་དུང་ཕྱུར20.15ཡིན་པ་དང་དེ་དུས་མཚུངས་ལས1.8%འཕར་ཡོད།  
 ➤ཟླ6པར། ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.6%ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད། 
  ➤ཚེས5ཉིན་རྒྱལ་ཁབ་གེགས་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སོགས་སྡེ་ཁག་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1.5ཀོང་ཞི་དང་ལེའོ་ཉིང་སོགས་ས་ཁུལ་དུ་བསྐྱལ་བ་རེད།    
➤འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་དུས་མགོའི་ཟླ་བ་ལྔའི་རིང་རང་རྒྱལ་གྱི་འཕྲུལ་མི་ཕྱིར་གཏོང་དུང་ཕྱུར200ཡས་མས་བྱས་པ་རེད། 
 ➤ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སུ་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ལམ་ཐིག་ཁྱོན92གསར་དུ་བཏོན་པ་དང་། མཁའ་འགྲུལ་ཁ་ཕྱོགས་ཀྱི་གྲུབ་ཆ་གཙོ་བོ་ཨེ་ཤེ་ཡ་དང་ཡོ་རོབ་ཡིན་པ་དང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་རྩེར་སོན་བཟོ་སྐྲུན་གྱི་འབྲེལ་ཡོད་ཚོང་ཟོག་སྐྱེལ་འདྲེན་གྱི་གཙོ་ཤུགས་སུ་གྱུར་ཡོད། 
➤ཚེས5ཉིན། ཀྲུང་གོ་དང་ཨུ་རུ་སུའི“མཚོ་ཐོག་མཉམ་འབྲེལ-2026”མཉམ་འབྲེལ་ནང་སྦྱོང་ནང་ཞུགས་མཁན་ཨུ་རུ་སུའི་མཚོ་དམག་གི་དམག་གྲུ་དཔུང་རུ་ཧྲན་ཏུང་ཆིང་ཏའོ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་འབྱོར་བ་དང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་ནང་སྦྱོང་ནང་ཞུགས་མཁན་དམག་ཤུགས་ཚང་མ་བསྡུ་རུབ་བྱས་ཏེ་མཇུག་རྫོགས།   ➤ཨ་མེ་རི་ཁའི་ས་ཁུལ་མང་པོར་རྒྱུན་མཐུད་ཀྱི་ཚ་རླབས་བྱུང་བས། སྔོན་དཔག་བྱས་ན་མི་དུང་ཕྱུར1.65ལས་བརྒལ་བ་དྲོད་ཚད་མཐོ་བའི་བདེ་ཐང་གི་ཉེན་ཁ“ཚབས་ཆེན”ནམ“ཐལ་སྐྱོན”འཕྲད་རྒྱུ་ཡིན་པ་རེད། 

                                                                              སྤྱི་ཚོགས། 




 ➤ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང10པ“མེ་ཧྲ་ཁེ”ལ་ཁ་གཏད་གཅོག་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ལས་དོན་ཚོ་ཆུང་ས་གནས་སུ་མངགས་ནས་མཛུབ་ཁྲིད་བྱས་པ་རེད།   
➤ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གི་གནོད་འཚེའི་གནམ་གཤིས་ཉེན་བརྡ་དམར་པོ་བཏང་བ་སྟེ། དེ་རིང་ཧུའུ་ནན་དང་ཀོང་ཞི་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་བ་དང་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཧ་ཅང་ཆེ། 
➤ཚེས5ཉིན་བར་ནང་སོག་ཏུང་ཝུའུ་ཀྲུའུ་མུའུ་ཆིན་ཆི་ཡི་ཟེ་སྐྱུར་ཨན་སྐྱེལ་འདྲེན་རླངས་འཁོར་གྱི་ལས་འཛོལ་ནང་མི2རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་སྐྱོན་ཕོག་ཡོད་པ་རེད། 


            


 ➤ཚེས5ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་དཔུང་སྡེ་བདུན་གསུམ་གཅིག་གི་ཉེས་དཔང་འགྲེམས་སྟོན་ཁང་གིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་དཔུང་སྡེ་ལྔ་གཅིག་དྲུག་གི《ལུས་ཐོག་གི་སྙན་ཞུའི》ཡིག་ཚགས་ཐེངས་དང་པོ་ཡོངས་བསྒྲགས་བྱས་པ་རེད། འདི་ནི་ཀྲུང་གོ་ཕྱོགས་ཀྱིས་ཉེ་བའི་ལོ་ཤས་རིང་རྒྱལ་སྒྲོལ་དཔང་རྟགས་བླངས་པ་བརྒྱུད་འཇར་པན་ནས་བསྡུ་རུབ་བྱས་པའི་དམག་དོན་ལོ་རྒྱུས་ཀྱི་ཡིག་ཚགས་གལ་ཆེན་ཞིག་དང་། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་རྫས་འགྱུར་དམག་འཐབ་ཀྱི་ནག་ཉེས་བདེན་དཔང་གསར་པ་ཞིག་ཡིན།   
➤2026ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེ་མོའི(WTT)ཨ་རིའི་ཏ་མན་ཀོན་འགྲན་བསྡུར་ཐོག ཀྲུང་གོའི་རུ་ཁག་གི་སྡེབ་སྒྲིག་ཝུན་རུའེ་པོ་དང་ཡོན་ལི་ཚེན། ཝང་མན་ཡུས་དང་ཁུའེ་མན་་སོ་སོར་སྐྱེས་པའི་ཚན་པ་དང་བུད་མེད་ཚན་པ་གཉིས་ཀྱི་ཨང་དང་པོ་བླངས་པ་རེད།


     




➤ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཝང་ཅུན་ཀྲུང་གོའིU-20རྒྱལ་ཁབ་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོར་གདན་ཞུ་བྱ་རྒྱུའི་གཏན་འབེབས་ཞིབ་འཇུག་བྱས་པ་རེད།   
➤ཚེས4ཉིན། ཀྲུང་ཀོང་ཉིང་རྡུལ་ཀོང་ཏུང་ཐའེ་ཕིང་ལིང་ཉིང་རྡུལ་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་གཉིས་པ་གློག་སྦྲེལ་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་དེས་འཕྲུལ་ཚན་ལ་གློག་དྲར་གློག་ཤུགས་སྐྱེལ་འདྲེན་བྱེད་པའི་ནུས་པ་དངོས་སུ་ལྡན་པ་མཚོན་གྱི་ཡོད། 
 ➤ནང་སོག་ཧུའུ་ཧོ་ཧའོ་ཐེ་ཤར་འབབ་ཚུགས་སུ་ལོ2ལ་སླེབས་པའི་བྱིས་པ་ཞིག་གཟབ་གཟབ་མེད་པར་འབབ་ཚུགས་སྟེགས་བུ་དང་རླངས་འཁོར་གྱི་བར་གསེང་དུ་ལྷུང་བ་ན། ལྕགས་ལམ་ལས་དོན་མི་སྣས་མགྱོགས་མྱུར་ཐག་གཅོད་བྱས་ཏེ། ཕྲུ་གུ་བདེ་འཇགས་ངང་བསྐྱབས་པ་དང་བརྒྱུད་རིམ་ཧྲིལ་པོར་སྐར་མ་གཅིག་ཀྱང་འགོར་གྱི་མེད་པ་རེད། 
                                      དོ་སྣང་།

                          

➤ཉེ་ཆར་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་གིས་སློབ་མ་གསར་པའི་སློབ་ཞུགས་ཆ་འཕྲིན་འཚོལ་བསྡུ་བྱེད་རིང་། ཁྱིམ་བདག་གི་གོ་གནས་དང་ཁྱིམ་ཚང་གི་རླངས་འཁོར་སྤུས་རྟགས། ཉོ་སྒྲུབ་རིན་གོང་སོགས་ཀྱི་རྣམ་གྲངས་འབྲི་དགོས་པའི་བླང་བྱ་བཏོན་པར་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱུང་།  མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། སློབ་ཞུགས་ཐོ་འགོད་དེ“ཁྱིམ་གཞིས་ཞིབ་བཤེར་བྱེད་པའི”རྣམ་པའི་ཚད་བརྒལ་རྩད་གཅོད་ཅིག་ཏུ་གྱུར་པ་དེ་བལྟས་ཚོད་ཀྱིས་ཁུངས་ལུང་མེད་པ་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་སློབ་གསོ་དོ་དམ་པ་རེ་ཟུང་གི་སློབ་གསོའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་བ་མཚོན་གྱི་ཡོད། སློབ་གསོའི་ཐོག་མའི་བསམ་འདུན་ནི་ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་བྱེད་པའི་ལྷད་མེད་དང་འགན་འཁྲི་འཁུར་རྒྱུ་དེ་ཡིན་ཞིང་། སྐྱེ་ཁུངས་དང་ཁྱིམ་གཞིས་ལ་མི་ལྟ་བར། སྤྱོད་ལམ་ཁོ་ནར་ལྟ་བ་དང་འཚར་ལོངས་ཁོ་ནར་ལྟ་བ་ཡིན་དགོས། ཐོག་མའི་བསམ་འདུན་མཚོན་པ་ནི་འབོད་ཚིག་ཅིག་ཁོ་ན་མིན་པར་ཞིབ་ཕྲའི་བྱ་སྤྱོད་རབ་དང་རིམ་པ་སྤྱད་དེ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སློབ་གསོ་དྲང་གཞག་སྲུང་སྐྱོང་བྱེད་པའི་རྣམ་པ་བསྐྲུན་ནས། བྱིས་པ་རེ་རེ་ཉི་འོད་འོག་འདྲ་མཉམ་ངང་རྒྱུག་ཐུབ་པ་བྱ་རྒྱུ་དེ་ཡིན།

     

  ➤གནམ་གཤིས། དེ་རིང་ཀོང་ཞིའི་དབུས་ཤར་རྒྱུད་དང་། ཀོང་ཏུང་གི་ནུབ་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོ་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧྲན་ཏུང་གི་དབུས་ལྷོ་རྒྱུད། ཧོ་ནན་གྱི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། དེ་བཞིན་ནང་སོག་གི་བྱང་ཤར་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ལེའོ་ཉིང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་དང་། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཧྲན་ཏུང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ལ། ཀོང་ཞིའི་ཤར་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།    
➤ལས་ཞུགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་པའེ་ཏུའུ་དང་ཀའོ་ཏེ། ཐེང་ཤུན་བཅས་ཀྱི་ས་ཁྲ་དང་མཉམ་འབྲེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ལས་ཞུགས་སྤྱི་པའི་ཞབས་ཞུ་ས་ཁྲའི་ཐོག་དངོས་སུ་བཀོད་པ་དང་དྲ་ཚིགས4400ལྷག་ལ་ཁྱབ་ཡོད།   
 ➤པེ་ཅིང་། ཆིང་ཧྭ་སློབ་ཆེན་གྱིས་དབྱར་གནང་གི་སློབ་གྲྭའི་ཕྱི་ཕྱོགས་སྒོ་དབྱེའི་ལྟ་སྐོར་བྱེད་མགོ་བརྩམས་པ་དེ་ཟླ8པའི་ཚེས11ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་རེད། གཟའ་འཁོར་རེའི་གཟའ་ཟླ་བ་ནི་སློབ་གྲྭའི་ངལ་གསོའི་ཉིན་མོ་ཡིན་པས་ཕྱི་ཕྱོགས་སུ་སྒོ་འབྱེད་ཀྱི་མེད།