མཚོ་བྱང་མདོ་ལའི“གཞུང་ལམ9པ”ནི་སྐྱེ་ཁམས་དམངས་ཕྱུག་ལམ་བུ་རུ་གྱུར།
发布时间:2026年07月07日
消息来源:
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
ཉེ་བའི་ལོ་འདི་དག་གི་རིང་། མཚོ་བྱང་ཁུལ་མདོ་ལ་རྫོང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མ་བཅོས་ལྷུན་གྲུབ་ཀྱི་སྐྱེ་ཁམས་རྨང་གཞི་ལ་གཞི་ཚུགས་ཤིང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ཏེ་སྲོལ་རྒྱུན་ལྗོངས་གཟིགས་ཡུལ་སྐོར་གྱི་ལམ་རྙིང་དོར་ནས་སྤྱི་ལེ800ལྷག་གི་དབྱིབས“9”ཅན་གྱི་ཡིད་གར་འོང་བའི་སྐོར་ལམ་གྲུབ། ཡུལ་ལྗོངས་ལེགས་པོ་དང་རིག་གནས་བཟང་པོ། འཚོ་བ་སྐྱིད་པོ་ཐིག་གཅིག་ཏུ་སྦྲེལ་ཞིང་ཡུལ་ལྗོངས་སུ་གྲུབ་སྟེ་སྐྱེ་ཁམས་མཛེས་པ་དང་ཐོན་ལས་དར་བ། མང་ཚོགས་ཕྱུག་པའི་སྤུས་ཚད་མཐོ་བའི་ལམ་བུ་རུ་བསྐྱོད།
སྔོན་ཆད་ཡུལ་སྐོར་བ་མང་པོས་མདོ་ལ་ནས“པར་ཞིག་བླངས་ནས་འགྲོ་བ”ཡི་ཁྱད་ཆོས་མངོན་གསལ་ཡིན། ད་ལྟ་མདོ་ལ་རྫོང་གིས་བཙུན་མོ་སྒང་དང་ཨ་མྱེས་སྟོང་སོ། མཁར་དམར་གནའ་མཁར་སོགས་ལྟེ་བའི་ལྗོངས་ཁུལ12ཐིག་གཅིག་ཏུ་སྦྲེལ། “སྐོར་ལམ་ཆེན་མོའི་ལེགས་སོན་སྐོར་ལམ་ཆུང་བ”སྟེ“བྱང་གི་མདོ་ལའི་གཞུང་ལམ9པ”ལེགས་པོར་བསྐྲུན། ལམ་ཀྱི་རྒྱུད་ནི་ཁ་ཐོར་གྱི་ཡུལ་ལྗོངས་མིན་པར་སྒེར་འཁོར་སྒར་ས་དང་སྟབས་བདེ་ས་ཚིགས། ལྗོངས་གཟིགས་སྟེགས་བུ། གློག་གསོག་སྒྲིག་ཆས་ཡོངས་སུ་ཚང་བའི“འཁོར་སྐྱོད་ཀྱི་ཡུལ་ལྗོངས་རྒྱུད”ཡིན། 2025ལོར་རྫོང་གིས་སྒེར་སྐོར་འགྲུལ་བ་མི་ཐེངས་ཁྲི195.85སྣེ་ལེན་བྱས་ཤིང་སྔོན་དང་བསྡུར་ན་བརྒྱ་ཆའི་བཞི་བཅུ་ཡི་འཕར། “གཞུང་ལམ9པ”ཀྲུང་གོའི་ཆེས་མཛེས་པའི་སྒེར་སྐོར་ལམ་ཐིག་ཆེན་མོ་ལྔ་ཡི་གྲས་སུ་བདམས་ཤིང་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་ཅན་གྱི་མིང་བྱང་དུ་གྱུར།
མདོ་ལ་རྫོང་གིས“རི་ཆུ་ལ་མྱོང་པ”ཙམ་གྱི་ཡུལ་སྐོར་ལས་འདས་ཏེ“རི་ཆུའི་རིན་ཐང་མངོན་འགྱུར”གྱི་རབ་བྱེད་ཆེན་མོ་ལེགས་པོར་བརྩམས། ཆིང་ཧྭ་དང་པེ་ཅིང་སློབ་ཆེན་ལ་མཉམ་འབྲེལ་སྒོས་གསར་དུ་བཏོན་པའི་ཞིབ་སློབ་སློབ་ཚན་ལ་རྒྱལ་ཡོངས་ཀྱི་དམིགས་བསལ་བྱ་དགའ་ཐོབ། བྱིས་པ་རྣམས་ལ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཁྲོད“བསྐྱོད་བཞིན་པའི་སློབ་ཁྲིད”ཐེབས་ཐུབ་པ་བྱས། “གངས་འཁྱགས+ནགས་ཀློང”གི་ཁྱད་ལྡན་རྣམ་པས་དགུན་དུས་ཀྱི་ཡུལ་སྐོར་ལ་རྒྱུན་མཐུད“དྲོད་རྒྱས”པར་བྱས། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞིའི་སྡོད་ཤག་གཅིག་ཀྱང་ཉོ་དཀའ་མོ་རུ་གྱུར། ལྷག་ཏུ་དགའ་འོས་པ་ཞིག་ནི་ལམ་རྒྱུད་དུ་ནོར་ཤ་དང་ཤ་མོ་སེར་བོ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རབ་ཏུ་བྲིན། མཁར་དམར་གྲོང་རྡལ་གྱི་འབྲོག་ཁྱིམ་གླིང39ཡི་རྟ་ཐོག་གི་མྱོང་རོལ་རྣམ་གྲངས་གཅིག་པོས་སྒོར་ཁྲི2600ཡི་ཡོང་འབབ་མངོན་འགྱུར་བྱས། ས་ཐག་རིང་བོ་གཡང་ལུང་གི་རླངས་འཁོར་བཞུར་རྒྱུན་ཡང་ལྡབ7གྱིས་མང་དུ་འཕར། 2025ལོར་རྫོང་གི་རིག་གནས་ཡུལ་སྐོར་ལས་ཞུགས་པ་ཁྲི1.3གྱི་ཡོང་འབབ་སྔོན་ལས30%ཡི་འཕར། ཞིང་སྡེའི་སྡོད་དམངས་མི་རེར་གཏོང་སྤྲོད་ཡོང་འབབ་ཀྱི་འཕར་འགྲོས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན།
རྫོང་གི་ལས་ཁུངས་སྡེ་ཚན་གྱི་རླངས་འཁོར་འཇོག་ཡུལ་རིན་མེད་སྒོ་འབྱེད་དང་སྤྱི་པའི་གསང་སྤྱོད་དུས་ཚོད24རིང་སྒོ་འབྱེད་ཡིན་པ། རིག་ནུས་ཕྱོགས་སྟོན་གྱིས་ཐད་ཀར་དམིགས་ས་ལ་ཁྲིད་པ་སོགས་སེམས་དྲོ་བའི“བྱ་སྤྱོད་ཆུང་ངུ”རེ་རེ་ཡིས་ཡུལ་སྐོར་པ་ལ་དོ་སྣང་བྱེད་བཞིན་པའི་དྲོད་ཚད་མྱངས་སུ་བཅུག དུས་མཚུངས་སུ་མདོ་ལ་རྫོང་གིས་ཀའོ་ཏི་ས་ཁྲ་དང་ཀྲུང་གོའི་ཁྱེར་འཕྲིན་གཉིས་ལ་མཉམ་འབྲེལ་སྒོས“གཞུང་ལམ9པ”ཡི་རིག་ནུས་ཞབས་ཞུ་སྟེགས་བུ་བསྐྲུན་ཏེ་ཞུ་གཏུག་མྱུར་ལན་ལམ་སྲོལ་བཙུགས་ཤིང་། ཁྲིམས་བསྟར་ཆེད་དོན་ཚན་པས་རྒྱུད་ཡོངས་སྲུང་སྐྱོང་སྒོས་ཐག་རིང་ནས་ཡོང་བའི་མགྲོན་པོར་རྩེད་ན་སེམས་བདེ་ཞིང་མྱུལ་ན་བློ་བདེ་བར་བྱས།
རྒྱུས་ལོན་པ་ལྟར་ན་མདོ་ལ་རྫོང་གིས་མུ་མཐུད་དུ“གཞུང་ལམ9པ”ཡི་ཆས་རྟགས་ལེགས་པོར་གཉེར་ནས“རྒྱ་ཆེ་ཞིང་ཆ་ཚང་བ”ཞིག་མི་དམིགས་ཤིང“སྤུས་ལེགས་ཤིང་གཏིང་མཐུག་པ”ཞིག་ལ་དམིགས་ནས་སྐྱེ་ཁམས་ཉམས་ལེན་དང་སྒོ་ཕྱིའི་ཁམས་གསོ། ཞིབ་སློབ་ཡུལ་སྐོར་མཐར་ཕྱིན་པ་ཞིག་ལས་ཏེ་རོང་འབྲོག་པ་མང་པོར“ཡུལ་སྐོར་དཀར་ཡོལ”བརྟན་པོར་འཛིན་པ་དང་། “སྐྱེ་ཁམས་ཟ་མ”བཟའ་ཐུབ་སྟེ“གཞུང་ལམ9པ”འདི་མདོ་ལ་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོའི་སེམས་ཀྱི་བཞུད་འདོད་པའི་ལམ་ཐིག་ཏུ་གྱུར།