网站无障碍
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཁྱད་ཆོས་གཉིས།
发布时间:2026年07月09日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཁྱེད་ཀྱིས་ཉེ་ཆར་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་དོ་ཁུར་བྱས་ཡོད་དམ། ངས་ཁྱེད་ཚོར་དེའི་ནང་གི་ཁྱད་ཆོས་གཙོ་བོ་གཉིས་བཤད།

ཁྱད་ཆོས་གཅིག རྒྱལ་ཁབ་རིམ་པའི་ཁྲིམས་འཛུགས་ཀྱི་སྟོང་ཆ་བསྐངས་ཡོད་པ།

  འདི་ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་ལ་ཆེད་དུ་དམིགས་པའི་བཅའ་ཁྲིམས་དང་པོ་ཡིན་ཞིང་། བཅའ་ཁྲིམས་ཀྱི་ངོས་ནས་ཀྲུང་ཧྭ་མི་རིགས་ནི་མི་རིགས་སོ་སོ་གཅིག་ཏུ་བསྒྲིལ་ནས་གྲུབ་པའི་སྣ་མང་གཞི་གཅིག་ཅན་གྱི་ཁྱིམ་གཞི་ཆེན་མོ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པ་གསལ་པོར་བསྟན་ཡོད། མདོར་བསྡུས་ནས་བཤད་ན་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཐོག་ནསང་ཚོ་སུ་ཡིནཞེས་པའི་རྩ་བའི་གནད་དོན་དེར་ལན་བཏབ་ཡོད།

图片

ཁྱད་ཆོས་གཉིས།ཐུན་མོང་རང་བཞིན་ཆེ་རུ་གཏོང་བཡི་དམིགས་བསལ་རྩ་དོན་གཏན་འཁེལ་བྱས་པ། 

འདི་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ད་ལྟ་ཐུན་མོང་རང་བཞིན་ནི་ཁ་ཕྱོགས་ཡིན་ལ། ཁྱད་པར་རང་བཞིན་ནི་ཁོང་ཡངས་ཡིན་པ་གསལ་པོར་བསྟན་ཡོད། སྲིད་ཇུས་དང་འཆར་འགོད། རྣམ་གྲངས་ཚང་མས་སྔོན་ལ་ངེས་པར་དུ་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསམ་གཞིགས་གཏོང་དགོས། མི་རིགས་ཀྱི་ཁྱད་པར་ཇེ་དྲག་ཏུ་གཏོང་བའི་བྱེད་སྟངས་གང་ཞིག་ཡིན་རུང་བཅའ་ཁྲིམས་ཀྱིས་ཁས་མི་ལེན། དེ་ཡང་མི་རིགས་ཀྱི་ཁྱད་པར་ལ་བརྩི་འཇོག་མ་བྱས་པ་མིན་པར། ང་ཚོ་ནི་སྤྱི་ཡོངས་ཡིནཞེས་པ་དེ་ཆེས་མཐོ་སར་བཞག་པས་ཡིན།

ཚིག་གཅིག་གིས་ཕྱོགས་བསྡོམས་བྱས་ན། ཀུན་སྤྱོད་དར་སྤེལནསཁྲིམས་ལུགས་ཚད་ལྡནདུ་གྱུར་ཏེ། མི་རིགས་མཐུན་སྒྲིལ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དེ་རེད།