ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་གྱིས《ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་རོགས་རེས་ཀྱི་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ངམ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། 《ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་རོགས་རེས་ཀྱི་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། 1961ལོར། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས《ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་རོགས་རེས་ཀྱི་ཆིངས་ཡིག》བཞག་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཁྲག་དྲོན་ལ་བརྟེན་ནས་གྲུབ་པའི་འཐབ་འཛིང་གི་མཛའ་གྲོགས་སྲ་བརྟན་དུ་གཏོང་བའི་ཐད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཏེ། ཀྲུང་ཁྲའོ་ཡི་མཛའ་གྲོགས་མཉམ་ལས་འབྲེལ་བ་འཕེལ་རྒྱས་དང་སྲ་བརྟན་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ཆིངས་ཡིག་བཞག་ནས་ལོ་ངོ65སོང་རིང་ཕྱོགས་གཉིས་ཀྱིས་ཆིངས་ཡིག་གི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་གཞོགས་འདེགས། དཔུང་པ་མཉམ་གཤིབ་བཅས་བྱས་ནས། ཀྲུང་ཁྲའོ་མཛའ་གྲོགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་བྱེད་རང་བཞིན་གྱི་ཁྱད་ཆོས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཟླ6པར། ངས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་སྲ་བརྟན་དང་། དུས་རབས་གསར་པའི་ནང་དོན་གསར་པ་སྣོན་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་ཏེ་འཆར་གཞི་གསར་པ་བཀོད་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་རིམ་འགྱུར་བྱུང་བའི་མདུན་དུ། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་མཐོང་ཆེན་བྱེད་པའི་ལངས་ཕྱོགས་བརྟན་པོར་འགྱུར་བ་མེད། བློ་མཐུན་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་མགོ་ཁྲིད་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པར་འགྱུར་བ་མེད། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཐབ་ཇུས་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མགོ་ཁྲིད་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་དགུ་པའི་འཐབ་ཇུས་བཀོད་སྒྲིག་སོ་སོ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བསྐྱར་བསྒྲགས་བྱས།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། ལོ་ངོ65ཡི་སྔོན་ལ། ཕྱོགས་གཉིས་ཀྱིས《ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་ཀྱི་རོགས་རེས་ཆིངས་ཡིག》བཞག་པ་དེ་ནི་བཙན་རྒྱལ་རིང་ལུགས་དང་ཞི་བདེ་ལ་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བཅས་ཀྱི་ཁྲག་འདོན་དམར་འཛིང་བྱེད་པའི་བརྒྱུད་རིམ་ནང་གྲུབ་པའི་ཁྲའོ་ཞན་དང་ཀྲུང་གོའི་འཐབ་གྲོགས་ཀྱི་མཛའ་གྲོགས་དང་མཐུན་སྒྲིལ་རོགས་རེས་ཀྱི་མཉམ་ལས་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། དུས་སྐབས་ཤིག་རིང་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་རླུང་འཚུབ་བརྒྱུད་ཕན་ཚུན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ། འཛམ་གླིང་ཡོངས་ལ་སྲོལ་རྒྱུན་གྱི་མཛའ་གྲོགས་ལས་དམིགས་བསལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཐུན་མོང་ལས་དམིགས་བསལ། བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཛིན་བྱེད་པ་ལས་དམིགས་བསལ་བཅས་ཡིན་པའི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་ནམ་ཡང་མི་ཉམས་པ་དང་སྲ་བརྟན་འགྱུར་མེད་ཀྱི་རང་བཞིན་གང་ལེགས་སྒོས་མངོན་ཡོད།
ཅིན་ཀྲེང་ཨེན་གྱིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འཐབ་ཇུས་ཀྱི་གདམ་ག་དང་ཐུན་མོང་གི་གཅེས་ནོར་ཡིན་པའི་ངོས་ནས། འཐབ་ཇུས་ཀྱི་མཐོ་ཚད་གསར་པར་སླེབས་པ་དང་འཕེལ་རྒྱས་བྱུང་ཡོད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག་རྒྱལ་ཁབ་གཉིས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྤྱི་ཚོགས་རིང་ལུགས་ལྟེ་བར་འཛིན་པའི་ཁྲའོ་ཀྲུང་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་འབྲེལ་བ་དེ་དུས་རབས་ཀྱི་འགྱུར་ལྡོག་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འདོད་འདུན་དང་འཚམ་པར་བྱས་ཏེ། ཁྱབ་ཁོངས་སོ་སོ་རུ་སྔར་ལས་འཁྲུག་ཆ་དོད་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་གི་འགྱུར་མེད་ཀྱི་ལངས་ཕྱོགས་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་དང་མཉམ་དུ། ལོ་རྒྱུས་ཡུན་རིང་དང་ཕུལ་བྱུང་སྲོལ་རྒྱུན་ལྡན་པའི་ཁྲའོ་ཀྲུང་གི་མཛའ་གྲོགས་དེ་མཐོ་ཚད་གསར་པར་སླེབས་པར་སྣེ་ཁྲིད་དེ། ཆེས་སྟོབས་ཤུགས་ལྡན་པ་དང་ཆེས་འཐབ་ཇུས་རང་བཞིན་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་འདོད་ཡོད། །