网站无障碍
ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། 

ཚའེ་ཆི་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་ཤིང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།
发布时间:2026年07月15日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


图片

ཉེ་ཆར།ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོར་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས《ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཐུད་རྒྱུག་འགྲན་བསྡུར“འགག་རྩའི་དབྱུག་པ”》ཞེས་པའི་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚེས8ཉིན་མི་དམངས་ཚོགས་ཁང་ཆེན་མོར་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས《ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཐུད་རྒྱུག་འགྲན་བསྡུར“འགག་རྩའི་དབྱུག་པ”》ཞེས་པའི་ཤིས་ཚིག་ཕུལ།

ཚའེ་ཆིས་ཤིས་ཚིག་ལས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་དང་། ཀྲུང་གོའི་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོའན་ཧྲིའི་ཚོགས་ཆེན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཚན་རྩལ་བྱ་བ་དང་ཚན་རྩལ་མཐུན་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་དང་། གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཚུན། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་འབད་འབུངས་ཧུར་ལེན་དང་། ལག་ལེན་ནན་ཏན་བྱས་པས། འཛམ་གླིང་གིས་དོ་སྣང་བྱེད་པའི་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་ནས་བཟུང་། རིམ་པ་སོ་སོའི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས། ཁྲིམས་དང་སྒྲིག་ཡིག་ལྟར་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེན་སྲུང་གསར་གཏོད་བྱེད་པའི་རིང་ཚན་རྩལ་ཚོགས་པའི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

ཚའེ་ཆི་ཡིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ནི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་འགག་སྒྲོལ་དུས་མཚམས་གལ་ཆེན་ཞིག་རེད། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་། རང་ཚུགས་རང་འབད་ཀྱི་འགན་འཁྲི་འཁུར་ཕོད་པ། སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་གྱི་སྣེ་ཁྲིད་དེ་ཚན་རྩལ་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རིམ་པ་སོ་སོའི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་ཐོན་དང་། མཐུན་སྒྲིལ་གཅིག་སྡུད་ཀྱིས་ཞབས་ཞུ་བྱེད་དགོས་ཤིང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་འབུར་དུ་ཐོན་པ། བཅོས་བསྒྱུར་གཏིང་ཟབ་དང་གཞི་རིམ་སྲ་བརྟན་འབུར་ཐོན། ཏང་འཛུགས་སྣེ་ཁྲིད་དང་མཐུན་ཚོགས་ནན་གྱིས་སྐྱོང་བ་འབུར་ཐོན་བཅས་བྱས་ནས་ཚན་རྩལ་ལས་སྒྲུབ་པའི་ཁྱིམ་ཚང་འཛུགས་སྐྱོང་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚན་རྩལ་མཐུན་ཚོགས་ཀྱི་བྱ་བར་འགོ་ཁྲིད་པར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།

ཚན་རྩལ་པུའུ་ཡི་པུའུ་ཀྲང་དབྱིན་ཧོ་ཅུན་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་གཉིས་ཀྱིས་ཚན་རྩལ་ལས་རིགས་དང་མི་དམངས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཀྲུའུ་ཞི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ཝན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚབ་བྱས་ནས་བྱ་བའི་སྙན་གསེང་ཞུས།

ཧྲི་ཐའེ་ཧྥེང་དང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་མིན། ཐེ་ཉིང་། ཝུའུ་ཀྲེང་ལུང་། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན་བཅས་ཚོགས་འདུར་ཞུགས། 

ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་གྱི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།།