网站无障碍
གསར་འགྱུར་གལ་ཆེན།
发布时间:2026年07月20日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་སྤྱིའི་ཆ་ནས་བདེ་འཇགས་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ལས་རིགས་ཡོངས་ཀྱི་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་རེར་དུང་ཕྱུར833.7ཟིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར3.8ཟིན་ཡོད།

ད་ལོའི་ལོ་སྟོད་དུ་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1088.9སླེབས་པ་དང་། དེ་དུས་མཚུངས་ལས4.2%འཕར་ཡོད།

ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ནང་མིག་སྔའི་བར་རང་རྒྱལ་དུ་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས181ཡོད་པ་འཁོད་ཡོད།

ཀྲུང་གོ་གོ་ཞིན་དང་ཀྲུང་གོ་ཁྲེང་ཐུང་གིས་ཀྲུང་གོའི་རྐང་འཛིན་རྒྱུ་ནོར་མང་འཛིན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

640 (1).gif

ཉེ་ཆར། ཤར་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་པུ་ཞིག་གིས་ཤར་རྒྱ་མཚོའི་མཚོ་ཁོངས་ཤིག་ཏུ་གྲུ་བབས་ཐད་འཕུར་གནམ་གྲུ་སྒྲིག་འཛུགས་བྱས་ཏེ། མཚོ་ཐོག་ཏུ་མདེའུ་དངོས་འཕེན་པའི་སྦྱོང་བརྡར་སྤེལ་ནས་དཔུང་སྡེའི་ཚོར་སྣང་མགྱོགས་པོ་དང་མཐུན་སྦྱོར་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་།

ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་སྣུམ་རླངས་ཞིང་ཆེ་ཤོས་ཡིན་པའི་ཀྲུང་གོ་རྡོ་སྣུམ་ལྷོ་ནུབ་སྣུམ་རླངས་ཞིང་གིས་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར253.1ཐོན་སྐྱེད་བྱས་པས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

ད་ལོར་ཤིན་ཅང་ཨ་ལ་ཧྲན་དང་ཧོར་ཀོ་སི་འགག་སྒོ་ཆེ་གྲས་གཉིས་སུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཤར་གཏོང་བྱེད་ཚད་རིམ་རྩིས་བྱས་ན་མེ་འཁོར་ཁྲི1ལས་བརྒལ་ཡོད་པ་རེད།

微信图片_2026-07-20_084434_076.jpg

པེ་ཅིང་གི་དུས་ཚོད་ཟླ7པའི་ཚེས20ཉིན་གྱི་ཐོ་རེངས་སུ2026ལོའི་མེ་ཁ་མོ་འཛམ་གླིང་བུམ་པའི་འགྲན་སྡུར་གྱི་རྟིང་རྩོད་འགྲན་བསྡུར་མཇུག་བསྒྲིལ་བ་དང་། སི་ཕེན་རུ་ཁག་གིས་དུས་སྣོན་འགྲན་སྡུར་བརྒྱུད་སྐར་གྲངས1:0གི་ཐོག་ནས་ཨ་ཀེན་ཐིན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། 

ཀུའེ་ཡ་ན་སྨྱན་སྦྱོར་གྱིས་ཚེས19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་དེའི་མི116ཡོད་པའི་གྲུ་གཟིངས་ཤིག་ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་དགོང་མོར་མགོ་རྟིང་ལོག་པ་དང་མིག་སྔར་མི8སྐྱོབ་ཐུབ་ཡོད།

སྤྱི་ཚོགས།

ཚེས19ནས་ཚེས21ཉིན་བར་ཀོང་ཞིའི་བྱང་རྒྱུད་ཀྱི་ཤར་རྒྱུད་དུ་རྒྱུན་མཐུད་རང་བཞིན་གྱི་དྲག་ཆར་འབབ་པ་དང་ས་ཁུལ་ཁག་ཏུ་རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི300ནས450བར་སླེབས་རྒྱུ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀོང་ཞི་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད།

ཚེས19ཉིན་ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཧེ་ལུང་ཅང་དང་ལིའོ་ཉིང་། ཀུའེ་ཀྲོའུ། ཡུན་ནན། ཀོང་ཞི། ཤིན་ཅང་སོགས་ཞིང་ཆེན་གྱི་གཙང་པོ9ལ་ཆུ་ལོག་བྱུང་བའི་ཉེན་བརྡ་བཏང་ཡོད།

ཚེས19ཉིན། 2026ལོར་ཀྲུང་གོའི་གློག་བརྙན་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར200ལས་བརྒལ་བ་དང་། དབྱར་གསེང་རིང་གི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར43ལས་བརྒལ་ཡོད།

སྐབས58པའི་རྒྱལ་སྤྱིའི་རྫས་འགྱུར་ཨོ་ལིམ་ཕིག་འགྲན་བསྡུར་དེ་ཚེས19ཉིན་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་མཇུག་བསྒྲིལ་བ་དང་། ཀྲུང་གོའི་འཐུས་མི་རུ་ཁག་གི་མཐོ་རིམ་སློབ་འབྲིང་གི་བདམས་ཐོན་པ4ཚང་མར་གསེར་གྱི་རྟགས་མ་ཐོབ་པ་རེད།

图片

ཚེས19ཉིན། 2026ལོའི་འཛམ་གླིང་བྱ་སྒྲོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་སྐོར་སྐྱོད་འགྲན་སྡུར་གྱི་འཇར་པན་ཡོངས་བསྒྲགས་འགྲན་སྡུར་གྱི་མཉམ་བསྲེས་རྟིང་རྩོད་འགྲན་སྡུར་ནང་ཀྲུང་གོའི་རུ་ཁག་གི་ཧྥེང་ཡན་ཀྲེ་དང་ཧོང་ཏུང་ཕིང་གིས་ཨང་དང་པོ་བླངས་པ་རེད།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧང་ཀྲང་ཨོའུ་དབྱང་ཝུའེ་མིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ཚེས19ཉིན་ཁུན་མིང་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་ཐོག“བུད་མེད་གཅིག་གི་ཐོབ་ཐང་ཆ་འཕྲིན་དུག་འཐེན་མི་སྣས་རྫུན་སྤྱོད་བྱས་པའི”འབྲེལ་ཡོད་ཐག་གཅོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མིག་སྔར་བུད་མེད་དེའི་འབྲེལ་ཡོད་ཁྲིམས་འགལ་ཟིན་ཐོ་ཚང་མ་དག་བཅོས་བྱས་ཡོད།

སྐར་མ་སྤེན་པའི་ཨ་ལོང་ན་ནིང་ཟླ11པའི་ཟླ་མཇུག་ཏུ་ཧ་ལམ་མེད་པར་གྱུར་རྗེས་གསེག་ཟུར་མུ་མཐུད་ཆེ་རུ་ཕྱིན་ནས་ད་ལོའི་ཟླ7པའི་ཚེས21ཉིན་གྱི་ཆུ་ཚོད8པ་ཡས་མས་སུ་དེའི་གསེག་ཟུར་ལོ་འཁོར་གྱི་ཆེ་ཤོས་སུ་སླེབས་རྒྱུ་རེད། སྐབས་དེ་དུས་རྒྱང་ཤེལ་ལ་བརྟེན་ནས་ལྟ་ཞིབ་བྱས་ཚེ་སྐར་མ་སྤེན་པའི་ལུས་ཕྱིར་དཀར་ཆ་དོད་པའི་འོད་གོར་ཞིག་བསྐོར་ཡོད་པ་མཐོང་ཐུབ།

微信图片_2026-07-20_084416_423.png

ཧྲན་ཏུང་ཙི་པོའི་རླངས་འཁོར་ཞིག་སེམས་ཆུང་མ་བྱས་པར་གཞོགས་སུ་ལོག་ནས་རླངས་འཁོར་ནང་གི་མི་སྣ་ཉེན་ཁར་འཕྲད། ཉེན་ཁའི་དུས་སུ་ལམ་འགྲོ་མང་ཚོགས་ཀྱིས་མཉམ་དུ་གཞོགས་ལོག་རླངས་འཁོར་དྲང་མོ་བཅོས་ནས་ཉེན་ཁའི་མི་སྣ་སྐྱབས་པ་རེད།

དོ་སྣང་།

图片


ཉེ་དུས་ཧྲང་ཧའེ་ཧུང་ཁོའུ་ཞིབ་དཔྱོད་ལས་ཁུངས་ཀྱིས“AIཡིས་མ་ཡིག་བཅོས་པའི་གྱོད་གཞི”ཞིག་ཡོངས་བསྒྲགས་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོས་མཉེན་ཆསAIབརྒྱུད་གསར་རྩོམ་རྩོམ་ཡིག་རྫུན་མ་འབོར་ཆེན་བཟོས་པ་དེའི་དམིགས་ཡུལ་ནི་ལས་སྟེགས་ཀྱི་ཐོག་མའི་གསར་གཏོད་ཁ་གསབ་གཡོ་ལེན་བྱ་ཆེད་ཡིན་པ་རེད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་སྟེ། AIཡིས་གཞན་གྱི་མ་ཡིག་བཅོས་ནས་རང་གི་གསར་རྩོམ་བྱས་པ་དེས་ཐོག་མའི་གསར་གཏོད་པའི་བློ་གྲོས་ངལ་རྩོལ་གྱི་གྲུབ་འབྲས་རྐུ་བཤུས་བྱས་པ་ཡིན། ཀུན་གྱིས་དོ་སྣང་བྱེད་པའི་རྩོམ་ཡིག་ལ་མི་ཤུགས་དང་། དུས་ཚོད། སེམས་ཤུགས་བཅས་ཆེན་པོ་འདོན་དགོས་པ་ཡིན་ལ། AIཡིས་མ་ཡིག་བཅོས་ན་དུས་ཚོད་གང་ཡང་སྤྱོད་མི་དགོས། མ་ཡིག་བཅའ་མཁན་གྱིས་འདི་ལྟར་བྱས་ན་ཁེ་ཕན་ཆེན་པོ་ཡོད་པར་འདོད་དུ་འཇུག་མི་རུང་། མིག་སྔར་ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིསAIཡི་མ་ཡིག་བཅོས་པའི་གྱོད་དོན་མང་པོ་ཐག་གཅོད་ནན་མོ་བྱས་ཡོད། དེའི་རྗེས་སུ་ད་དུང་མུ་མཐུད་དུ་མཐོ་གནོན་རྡུང་རྡེག་གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གླེང་ཕྱོགས་ར་བའི་ནང་དུAIཡིས་མ་ཡིག་བཅོས་མི་ཆོག་པའི་མཐོ་གནོན་གློག་སྐུད་ལྟ་བུ་འཛུགས་དགོས།

འཚོ་བའི་ཞབས་ཞུ།

微信图片_2026-07-20_084348_941.jpg

གནམ་གཤིས། དེ་རིང་ཡུན་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཀོང་ཞིའི་དབུས་ཤར་རྒྱུད། ཀོང་ཏུང་གི་ཤར་ནུབ་རྒྱུད་དང་བྱང་རྒྱུད། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཀྲེ་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲང་ཧའེ། ཧོ་པེའི་བྱང་རྒྱུད། པེ་ཅིང་གི་བྱང་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད། ཅི་ལིན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་མོ་འབབ་རྒྱུ་རེད།

འགྲོ་འོང་། ཟླ7པའི་ཚེས23ཉིན་ནས་ཟླ10པའི་ཚེས10ཉིན་བར་ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་ལྷ་ས་ནས་ཁྲང་ཧྲ་བར་ཐད་ཀར་ཕྱིར་ལོག་བྱེད་པའི་མཁའ་ལམ་ཤར་གཏོང་བྱ་རྒྱུ་དང་། གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ། གཟའ་ཉི་མ་བཅས་སོ་སོར་ཐེངས་རེར་འཕུར་པའི་འཆར་གཞི་ཡོད་པ་རེད།

ཁྲུང་ཆིང་། ཁྲུང་ཆིང་གྲོང་ཁྱེར་རིག་ནུས་བཟོ་སྐྲུན་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་ཟླ7པའི་ཚེས25ཉིན་འཚོག་རྒྱུ་དང་། གདན་ཞུའི་ཚོགས་འདུའི་ཐོག་ཆེད་ཁུལ5འཛུགས་རྒྱུ་མ་ཟད། ནང་འཇུག་རྣམ་པའི་མཉེན་ཆས་བཟོ་བཀོད་པ་སོགས་ལས་གནས1000ལྷག་ཙམ་མཁོ་འདོན་བྱ་རྒྱུ་རེད།