网站无障碍
གསར་འགྱུར་གལ་ཆེན།
发布时间:2026年07月21日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས5.4%འཕར་ཡོད།

  • ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་བཞི་ཡི“དྭངས་གཙང·ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།

  • ཚོང་དོན་པུ་སོགས་སྡེ་ཚན9ཡིས་ཚེས20ཉིན་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་ཁྱབ་བསྒྲགས་བྱས།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《ལས་སྟེགས་ཁེ་ལས་ཀྱི་ནུས་པ་སྤྲོད་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》ཞེས་པ་པར་འགྲེམས་བྱས།

  • སྤྱི་བདེ་དྲ་བའི་བདེ་འཇགས་སྡེ་ཚན་གྱིས་དྲ་རྒྱའི་རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་འབྲེལ་དཔེ་མཚོན་གྱོད་གཞི10ཡོངས་བསྒྲགས་བྱས།

  • ཚེས20ཉིན་གྱི་སྔ་དྲོར། འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མ་འཇོག་མཁན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མ་འཇོག་མཁན་ཆེ་འབྲིང་ཆུང་གསུམ་ཚུད་པའི་འཐུས་མི8དང་ངོ་ཐུག་ནས་སྤེལ་རེས་བྱས་པ་དང་། མ་རྩའི་ཁྲོམ་ར་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར་དང་གྲོས་མགོ་ཉན་པ་རེད།

    图片
  • ས་གནས་དེ་གའི་དུས་ཚོད་ཚེས20ཉིན་དབྱིན་ཇིའི་སྲིད་འཛིན་ཏང་བཟོ་པའི་ཏང་གི་གསར་དུ་བསྐོ་གཞག་བྱས་པའི་ཏང་གི་མགོ་གཙོ་ཨན་ཏི·པོ་ན་མུའུ་ཡིས་པའེ་ཅིན་ཧན་ཕོ་བྲང་དུ་དབྱིན་ཇིའི་རྒྱལ་པོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་ཐུག་འཕྲད་བྱས་ནས་རྒྱལ་པོས་དབུ་བཞུགས་བློན་ཆེན་གསར་པར་བསྐོ་གཞག་བྱས་ཤིང་། སྐབས་གསར་པའི་ནང་བློན་ཁང་འཛུགས་པའི་དབང་ཆ་སྤྲད་པ་རེད།

སྤྱི་ཚོགས།

微信图片_2026-07-21_084106_951.jpg
  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་སྔོན་བརྡ་བཏང་བ་ལྟར་ན། ཚེས20ཉིན་གྱི་ཆུ་ཚོད20ནས་ཚེས21ཉིན་གྱི་ཆུ་ཚོད20བར་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཅང་ཤིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཞིའི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་རེད། དེའི་ནང་ཀོང་ཞིའི་ཤར་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་འབྱུང་ཉེན་ཤིན་ཏུ་ཆེ།

  • ཚེས20ཉིན། རྒྱལ་ཡོངས་ཀྱི་ཤིན་ཅང་ལྷོ་རྒྱུད་ནས་འབྲི་ཆུའི་ཟུར་གསུམ་གླིང་བར་གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་མྱུར་བགྲོད་དུས་གཏན་མེ་འཁོར་ཐོག་མ་དེ་ཤིན་ཅང་ཨ་ཁེ་སུའུ་འཁེལ་འཐག་བཟོ་ལས་གྲོང་གི་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ནས་ཤར་གཏོང་བྱས་ནས་ཉིང་པོ་ཀྲོའུ་ཧྲན་གྲུ་ཁར་བསྐྱོད་པ་རེད།

  • རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུ་ཧྲན་ཞི་ཅུའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཀྲང་ཁྲེང་ཀྲི་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་འཕྲལ་སྡོམ་དོ་དམ་པུའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཉེ་ཆར། སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་ཝེ་ཐེ་ནམ་དུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་། དེ་བཞིན་ཝེ་ཐེ་ནམ་སྤྱི་བདེ་སྡེ་ཚན་གྱི་གཞོགས་འདེགས་ཧུར་ཐག་འོག་ཧྲན་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ལས་དོན་ཚོགས་ཆུང་ཝེ་ཐེ་ནམ་དུ་མངགས་ནས་རྩིས་འཁོར་ཆ་འཕྲིན་མ་ལག་ལ་གཏོར་བཤིག་བཏང་བའི་གྱོད་གཞིའི་ཉེས་ཅན་དང་པོ་ཕན་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་པ་དང་འབྲེལ་རང་རྒྱལ་དུ་ཕྱིར་སྐྱེལ།

微信图片_2026-07-21_084111_351.jpg
  • ཚེས20ཉིན། མངའ་ཁོངས་ཕྱི་རོལ་དུ་ཀྲུང་གོའི་སྤྱི་དམངས་མང་པོ་བསད་པ་དང་བཙན་ཁྲིད་བྱས་པའི་ཉེས་གསོག་དོགས་ཅན་གཙོ་བོ་ལིའུ་ཆེ་ཝུན་ཀྲུང་གོའི་ཉེན་རྟོག་ཕྱོགས་ལ་རྩིས་སྤྲོད་བྱས།

  • ཉེ་ཆར། ཀྲུང་གོའི་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་གིས་རེས་སྐོར་གསར་པའི་རིག་དངོས་གསར་པ་འགྲེམ་སྟོན་བྱས་ཤིང་། དུས་ཚོད་ཧྲང་རྒྱལ་རབས་ནས་མིང་རྒྱལ་རབས་བར་ཁྱབ་ཡོད། དུས་མཚུངས་སུ་སྒོ་འབྱེད་དུས་ཚོད་རིང་དུ་བཏང་།

    图片

    དོ་སྣང་།

    • ཉེ་ཆར། “AIཡི་འདྲ་པར་གྱིས་པར་ལེན་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པའི”བརྗོད་གཞིར་དྲ་གྲོགས་ཚོས་གྲོས་བསྡུར་ཆེན་པོ་བྱས་ཤིང་། ཞིབ་དཔྱད་བྱས་པ་བརྒྱུད་བརྩམས་ཆོས་དེ་ནིAIཡིས་གྲུབ་པ་གཏན་འཁེལ་བྱས། མཐར་བྱ་དགའ་མེད་པར་བཟོ་བ་དང་འགྲན་བསྡུར་ལ་གནས་སྐབས་བཅོས་སྒྲིག་བྱས། མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་གཞིའི་ཐོག་དཔྱད་གཏམ་སྤེལ་བ་སྟེ། དོན་རྐྱེན་དེ་རིགས་ཀྱི་ཤུགས་ནས་འགྲན་བསྡུར་ཞིབ་བཤེར་གྱི་སྐྱོན་ཆ་ཕུད། ད་དུངAIདུས་རབས་འོག་པར་ལེན་གསར་རྩོམ་ལ་འཕྲད་པའི་འགྲན་སློང་གསར་པ་མངོན་ཡོད། མི་ཐབས་རིག་ནུས་དང་མཉམ་དུ་བསྐྱོད་པའི་དུས་རབས་སུ་པར་ལེན་འགྲན་བསྡུར་མུ་མཐུད་དུ་འཕེལ་རྒྱས་གཏོང་དགོས་ཚེ། “AIཡིས་གྲུབ་མི་ཆོག”ཅེས་པའི་འགྲན་བསྡུར་གསལ་འདེབས་གཅིག་ཁ་སྣོན་བྱེད་དགོས་པ་ལས་ད་དུང་ཚན་རིག་དང་མཐུན་པའི་ཞིབ་བཤེར་མ་ལག་འཛུགས་དགོས། པར་ལེན་འགྲན་བསྡུར་གྱི་སྤྱིའི་ཡིད་རྟོན་ཚད་ལ་སྲུང་སྐྱོང་བྱས་ནས་དོན་དངོས་མཚོན་པའི་པར་ལེན་བརྩམས་ཆོས་ལ་བརྩི་འཇོག་བྱེད་དགོས།

    འཚོ་བའི་ཞབས་ཞུ།

    • གནམ་གཤིས། འབྱུང་འགྱུར་གྱི་ཉིན་གསུམ་ནང་ཧྭ་ལྷོ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། དབུས་བྱང་རྒྱུད། ཅང་ཧོའེ་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། གོང་སྨྲས་ཀྱི་ས་ཁུལ་ཁ་ཤས་སུ་ད་དུང་དུས་ཐུང་དྲག་ཆར་དང་། ཐོག་རྒོད་རླུང་ཆེན། སེར་བ་འབབ་པ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་ཡོད།

    • པེ་ཅིང་། པེ་ཅིང་འགན་སྲུང་སྡོད་ཁང་ལྟེ་གནས་ཀྱིས2026ལོར་མཐར་ཕྱིན་པའི་སློབ་ཆེན་སློབ་མ་དང་གཞོན་ནུ་ཤེས་ལྡན་མི་སྣར་ཆེད་དོན་བོགས་གཏོང་བྱེད་མགོ་ཚུགས་པ་དང་། ཐེངས་འདིའི་བོགས་གཏོང་ཁང་བ་ཁྱོན3300ཡོད།

    • ཅང་སུའུ། ཚེས25ཉིན“སུའུ་ཁྲའོ”མཉམ་འབྲེལ་འགྲན་བསྡུར་གྱི་དབྱང་ཀྲོའུ་རུ་ཁག་གིས་ཞུས་ཀྲོའུ་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ་ཡིན། ཚེས25ནས་ཚེས26ཉིན་བར་ཞུས་ཀྲོའུ་ཡི་གྲོང་མི་དང་རེས་སྐོར་འདིའི་དབྱང་ཀྲོའུ་ཡི་ཚོགས་ར་གཙོ་བོའི་སྤོ་ལོའི་སྤ་སེ་ཡོད་པའི་མང་ཚོགས་ལ་དབྱང་ཀྲོའུ་གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་གྲོན་བསྡུའི་མཛེས་ལྗོངས་ཁུལ་དུ་རིན་མེད་ངང་ཡོང་ཆོག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།(གླིང་ནང་གི་གྲོན་བསྡུའི་རྣམ་གྲངས་དང་མཚན་མོའི་གནས་སྐོར་རྣམ་གྲངས་ཚུད་མེད)