网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年07月22日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། སྔ་སྨིན་འབྲས་བསྡུ་ཚད་བཅུ་ཆ་བདུན་ཙམ་ཟིན་ཡོད་པ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2026ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི25.47ཟིན་པ་དང་། ལོ་སྔོན་མའི་དུས་མཚུངས་ལས་ཐོག་དང་པོར་སྒོར་དུང་ཕྱུར་ཁྲི25ལས་བརྒལ།

འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་སྒོར་དུང་ཕྱུར220བཀོད་སྒྲིག་བྱས་ནས་ཟོག་འདྲེན་རླངས་འཁོར་རྙིང་པ་བེད་མེད་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

ད་ལོའི་ལོ་སྟོད་དུ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཐེར་འདོན་ལྟེ་གནས་ཀྱིས་དྲ་རྫུའི་དྲ་ཚིགས759ཐག་གཅོད་བྱས། དེ2025ལོའི་དུས་མཚུངས་ལས150%འཕར་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོ་འཁོར་གྱི་ཕྲུ་གུ་གསོ་བའི་ཁ་གསབ་མི་ཁྲི2516ལ་སྤྲད་པ་རེད།

རང་རྒྱལ་གྱིས་ཉེ་ཆར་སྤུས་ཚད་ལྟ་ཞིབ་ལས་དོན་ཐོག་མར་སྤེལ་མགོ་ཚུགས་པ་དང་སྤུས་ཚད་ལྟ་ཞིབ་ཚོགས་ཆུང4འབྲེལ་ཡོད་ཞིང་ཆེན་དུ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ཏེ“ནང་སྒྲིལ་རྣམ་པའི”འགྲན་རྩོད་མངོན་གསལ་དོད་པའི་ཁྱབ་ཁོངས་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་སྤུས་ཚད་གནད་དོན་ལ་འཐེན་བཤེར་ཞིབ་བཤེར་བྱ་རྒྱུ་རེད། 

ཕྱི་འབྲེལ་པུས་ཧྥི་ལི་ཕིན་གྱིས་རེན་ཨའེ་ཅོ་རུ་འཁྲུག་རྐྱེན་བསླངས་ཤིང་དོན་དངོས་འཁྱོག་བཤད་དང་འུད་སྒྲོག་ཤུགས་ཆེན་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་བཅའ་སྡོད་བྱས་པའི་ཧྥི་ལི་ཕིན་གྱི་གཞུང་ཚབ་ཆེ་མོ་བར་འབྲེལ་གཏུག་ནན་པོ་བྱས་ཡོད་ཅེས་བཤད་པ་རེད།

ཨ་རིས་ཁ་ན་ཏའི་ཐོན་རྫས་ཁག་གཅིག་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

2026ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྗེས། ཨ་ཀེན་ཐིན་དང་སི་ཕེན་རུ་ཁག་གཉིས་དབར་ཐོན་པའི་གདོང་ཐུག་ལ་དམིགས་ཏེ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་ཁྲིམས་དང་ཀུན་སྤྱོད་ཞིབ་དཔྱོད་དཔོན་ཞིག་བསྐོ་གཞག་བྱས་ནས་དོན་རྐྱེན་ནང《རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་ཚད་གཞི》ལས་འགལ་བའི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་རྒྱུ་རེད།

སྤྱི་ཚོགས།

ཚེས19ཉིན་གྱི་ཆུ་ཚོད24བར། ཀོང་ཤིས་ཀྱི་གནོད་འཚེ་ཕོག་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ922ཚང་མར་འཕྲལ་སྡོམ་མྱུར་བཟོ་བྱས་པ་དང་མི་ཁྲི253.6ལ་འཐུང་ཆུ་མཁོ་འདོན་བྱེད་ཐུབ་ཡོད་པ་རེད། 

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཞིང་སྐྱོར་ཐད་ཀྱི་བསྐྱར་གཏོང་དངུལ་བུན་སྒོར་དུང་ཕྱུར1000གསར་སྣོན་བྱས་ནས་དངུལ་རྩའི་སྒྲིག་གཞིས་ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ། ཀྲེ་ཅང་སོགས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་གཉེར་སྐྱོང་བྱེད་པོར་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ་རེད། 

དམངས་སྲིད་པུས་རྒྱལ་ཡོངས་ཀྱི་གཉེན་སྒྲིག་དང་དུར་འཇུག་གོམས་སྲོལ་སྒྱུར་བཅོས་ཀྱི་དཔེ་མཚོན་གྱོད་གཞི་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་རེད།

ད་ལོའི་ལོ་སྟོད་དུ། ཧྲང་ཧའེ་གྲོང་ཁྱེར་གྱི་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་ཁྲི1.14སླེབས་པ་དང་། དུས་མཚུངས་ལས20.1%འཕར་ཡོད།

ཚེས21ཉིན། ཡུན་ནན་ཕུའུ་ཨེར་གྲོང་ཁྱེར་མོ་ཅང་རྫོང་དུ་ས་ཡོམ་རིམ་པ5.0བརྒྱབ་པ་རེད། 

图片

ཚེས21ཉིན། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ། དྲག་རྒྱུག་ལྕི་བའི་གྱེས་རྡུལ་མགྱོགས་གཏོང་འཕྲུལ་ཆས་ཀྱི་སྒྲིག་ཆས་བཟོ་རྩལ་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ཚོད་ལྟའི་འཁོར་སྐྱོད་བྱེད་མགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་ཚན་ཞིབ་མཁན་གྱིས་སྤྱོད་པར་སྒོ་ཕྱེ་ཡོད། དེས་གོ་ལ་ཧྲིལ་པོའི་གསར་གཏོད་ལག་རྩལ་མང་པོ་ཐོབ་པའི་རྒྱལ་ཁབ་ཆེན་པོའི་ལྗིད་ཆས་དངོས་སུ་བསྐྲུན་ཟིན་པ་མཚོན་ཡོད།

རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་ཕྱོགས་གཉིས་མཚོ་འགྲུལ་གྱི་རང་འབེབས་གྲུ་གཟིངས་ཐོག་མ་དེ་ཚེས21ཉིན་ཅང་སུའུ་རུ་རྩིས་སྤྲོད་བྱས་པ་རེད།

འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེན་པོས་ཚེས21ཉིན་ཀྲུང་གོའི་ལུས་རྩལ་པ་སུན་དབྱིང་ཧྲ་ཡིས་ལོ་བཞི་བསྟུད་མར་བུད་མེད་རྐྱང་པའི་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

图片

ཚེས14ཉིན། རང་འགུལ་ངང་ཀོང་ཤིས་སུ་གེགས་སེལ་བྱེད་པར་སྐྱོད་མཁན་དང་བླངས་པ་ཏང་ཤིན་རུའེ་ངལ་དུབ་ཀྱིས་རྐྱེན་པས་སྙིང་གི་ནུས་པ་ཉམས་ནས་ཀུའེ་ཀང་གྲོང་ཁྱེར་ཐན་ཐང་ཆུས་སུ་སྐུ་གཤེགས་པ་དང་། ལོ29རེད།

དོ་སྣང་།

图片

ཉེ་ཆར། སུའུ་ཀྲོའུ་ཡིས་མངགས་ཟས་ཕྱིར་སྐྱེལ་མཁན་ལ་དམིགས་པའི་འགྲིམ་འགྲུལ་བཅོས་སྒྲིག་གི་བྱེད་ཐབས་གསར་པ་ཞིག་བཏོན་པ་སྟེ། འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་གྱི་གྲངས་གཞི་དང་ལས་སྟེགས་སྡེབ་སྐྱེལ་མ་ལག་གཅིག་ཏུ་སྦྲེལ་ནས་གྱིས་གློག་སྒྲོན་དམར་པོ་སྒུག་པའི་དུས་ཚོད་དེ་མངགས་ཐོའི་དུས་ཚོད་ནང་ནས་དོར་ཏེ་སྡེབ་སྐྱེལ་མཚམས་འཇོག་པའི་དུས་ཚོད་རིང་དུ་བཏང་བ་རེད། མི་དམངས་ཚ་གཏམ་གྱིས་དཔྱད་བརྗོད་སྤེལ་བ་འདི་ལྟ་སྟེ། གློག་སྒྲོན་དམར་པོ་སྒུག་པའི་དུས་ཚོད་དེ་སྡེབ་སྐྱེལ་དུས་ཚོད་ནང་ནས་ཕུད་པ་དེས་ལག་རྩལ་ཡར་ཐོན་བྱུང་བ་ནི་གྲོང་ཁྱེར་གྱི་འཁོར་སྐྱོད་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་བ་ཙམ་མིན་ལ། དོ་དམ་སྔར་བས་གནད་སྨིན་དང་ལུགས་མཐུན་ལྡན་པ་ཞིག་ཡོང་ཐུབ་པ་གསལ་བཤད་བྱས་ཡོད། རྩིས་རྒྱག་སྟངས་ཅུང་ཙམ་ཇེ་དལ་དུ་གཏོང་བ་དེས་གྲོང་ཁྱེར་གྱི་འཁོར་སྐྱོད་དལ་དུ་ཕྱིན་པ་མཚོན་གྱིན་མེད་ལ། དེ་ལས་ལྡོག་སྟེ་ལས་རིགས་སྔར་བས་བརྟན་པོར་འཕེལ་རྒྱས་འགྲོ་ཐུབ་པ་མཚོན་ཡོད།

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧྲའན་ཞིའི་དབུས་ཤར་རྒྱུད་དང་། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ་བཅུ་ཡན་གྱི་ཐོག་རྒོད་རླུང་ཆེན་གྱི་གནམ་གཤིས་ཡོད་པ་དང་། རླུང་ཤུགས་ཆེ་ཤོས་རིམ་པ་བཅུ་གཅིག་ཡན་སླེབས་རྒྱུ་ཡིན་པས་ས་ཆ་ཁག་གཅིག་ཏུ་རླུང་ནག་འཚུབ་མ་འབྱུང་ཉེན་ཆེ།

པེ་ཅིང་། པེ་ཅིང་གིས“གློག་འཁོར་ཆུང་ཆུང”མཉམ་སྤྱོད་ཀྱི་གཏན་འབེབས་གསར་པ་བཏོན་ཏེ། ལོ16ལ་མ་སླེབས་ཚེ་བེད་སྤྱོད་བྱེད་མི་ཆོག་པ་གཏན་ལ་ཕབ།

བོད་ལྗོངས། ཟླ7པའི་ཚེས23ཉིན་དང་ཚེས24ཉིན། ཚེས25ཉིན། ཚེས28ཉིན། ཚེས30ཉིན། ཚེས31ཉིན། ཟླ8པའི་ཚེས1ཉིན་བཅས་ལ་ལྷ་ས་ནས་གཞིས་རྩེའི་བར་ཤུགས་འགྲེམས་མེ་འཁོརC4393/4མང་དུ་གཏོང་རྒྱུ་རེད།