网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年07月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ7པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ལུའོ་སི·ནུའོ་ཝ་ལ་གློག་འཕྲིན་བཏང་ནས། ཁོ་སོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཀྲུང་དབྱང་དྲིལ་སྒྲོག་པུས་ཉིན་ཤས་གོང་ཝང་ཅི་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་གནང་བ་རེད།

ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི181.1ཡིན་པ་དང་། དུས་མཚུངས་ལས5.1%འཕར་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལས་གནས་དང་བྲལ་ཏེ་ཉིན་གང་ལམ་ལུགས་ཀྱི་སློབ་གཉེར་བརྒྱུད་རིམ་སློབ་གསོར་ཞུགས་པའི་ལས་བྱེད་མི་སྣས་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་དང་འགལ་ཏེ། བྱ་ལས་སྡེ་ཚན་གྱིས་ཁ་ཆད་ལྟར་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་རྒྱབ་སྐྱོར་བྱ་རྒྱུ་གསལ་བོར་བཏོན།

《རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ》ཚེས29ཉིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ནས། 2030ལོར་སླེབས་སྐབས། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད2025ལོ་ལས17%ཆག་རྒྱུ་ཡིན་ཞེས་བཏོན་ཡོད།

图片

ཚེས29ཉིན་གྱི་ཆུ་ཚོད19:50སྟེང་། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཀོལ་ནས་ཐེན་ལེན་ཨང་གསུམ་པའི་སྲུང་སྐར01བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

ཟླ7པའི་ཚེས29ཉིན། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་གིས་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད།

ཉེ་དུས་འཇར་པན་སྨྱན་སྦྱོར་གྱིས་འཇར་པན་གཡས་རུ་སྟོབས་ཤུགས་ཀྱིས་གཞི་ཁྱོན་ཆེན་པོས་མི་ཐབས་རིག་ནུས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆ་འཕྲིན་རྫུས་མ་བཟོ་བ་དང་། ཀྲུང་གོར་བཙན་འཛུལ་བྱེད་པའི་ལོ་རྒྱུས་འཁྱོག་བཤད་བྱེད་རྩིས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། རང་རྒྱལ་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། དེ་ནི་རྒྱལ་སྤྱིའི་སྤྱི་པའི་དྲང་བདེན་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་སུམ་འཛེམ་མེད་ངང་འཁྲུག་རྐྱེན་བཟོས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྐུལ་བྱས་པ་ཞིག་རེད་ཅེས་བཤད་པ་རེད།

འཇར་པན་སྨྱན་སྦྱོར་གྱིས་ཚེས29ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཞུང་པེན་རྫོང་དུ་ཚེས28ཉིན་ས་ཡོམ་བརྒྱབ་ནས་མི14རྐྱེན་ལམ་དུ་ཤོར་བ་དང་། མི200ལྷག་ཙམ་ལ་རྨས་སྐྱོན་ཕོག ད་དུང་མི་མང་པོ་ཞིག་གི་གནས་ཚུལ་ཤེས་རྟོགས་བྱུང་མེད་ལ། མི9000ཙམ་གྱིས་ཉེན་གཡོལ་བྱས་ཡོད་ཟེར།

སྤྱི་ཚོགས།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས། མིག་སྔར“ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་མགོ་ཡི”འབྲུབ་འགོག་འགག་རྩའི་དུས་སུ་སླེབས་ཡོད་པས། ཆུ་བོ་དང་མཚོ། བྲག་རི་དང་སྒང་ལ་བཅས་ཀྱི་འགྲམ་གྱི་གནས་སྐོར་མཛེས་ལྗོངས་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེའི་ཉེན་ཁ་མངོན་གསལ་ཆེ་རུ་ཕྱིན་ཡོད་ཟེར།

རྒྱལ་ཁབ་སྦྲག་སྲིད་ཅུས་ཡིག་ཆ་བཀྲམ་ནས། 2030ལོར་སླེབས་སྐབས། སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར2900ཟིན་རྒྱུ།

ཚེས29ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཉེ་དུས་རྒྱལ་ཁབ་ཀྱི་ལམ་ཐུང་མྱུར་ཤུད་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ཡོངས་བསྒྲགས་ངང་གདམ་གསེས་གདན་ཞུའི་ལས་དོན་སྤེལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱིས་གསར་གཏོད་ཁེ་བེད་ཀྱི་བདག་ཐོབ་ཁྲི45.3ལ་དབང་ཆ་སྤྲད་པ་དང་། ཐོ་འགོད་ཚོང་རྟགས་ཁྲི205.5ལ་ཞིབ་མཆན་བཀོད་ཡོད།

དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། མིག་སྔའི་བར། 2026ལོའི་གློག་བརྙན་སྤ་སེ་བཙོང་ཚད་སྡོམ་འབོར་སྒོར་དུང་ཕྱུར220ལས་བརྒལ་ཡོད་པ་རེད།

རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཞུས་ཞན་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུས་ཞན་ཕིང་ལ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

图片

རྒྱལ་ཡོངས་ཀྱི“དྲང་འཕྱང་མཚོ་རྒྱུད་དང་ཐད་གཏོང་གྲུ་ཁ”ཞེས་པའི་མཚོ་ཐོག་དང་ལྕགས་ལམ་མཉམ་འདྲེན་ཆེད་སྤྱོད་ལམ་ཐིག་དང་པོ་སྟེ། ཞ་མོན་ཡོན་ཧའེ་གྲུ་ཁའི་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ཚེས29ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད།

ཚེས29ཉིན། C919ས་མཐོའི་རྣམ་པའི་གནམ་གྲུ་དང་པོ་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་འཕུར་སྐྱོད་ཚོད་ལྟ་ཐེངས་དང་པོ་བྱས་ནས་སྔོན་འཁེལ་ཚོད་ལྟའི་འཕུར་སྐྱོད་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ་དང་། དེསC919གནམ་གྲུ་རབ་དང་རིམ་པ་ཅན་གྱི་འཕེལ་རྒྱས་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

ཧྲང་ཧའེ་སྲོག་ཆགས་གླིང་ནས་ཡོང་བའི་དོམ་ཕྲུག་གཉིས་ཚེས29ཉིན་ཐའེ་པེ་གྲོང་ཁྱེར་གྱི་སྲོག་ཆགས་གླིང་དུ་འགྲེམས་སྟོན་བྱས་ཤིང་། ཐའེ་ཝན་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། དོམ་ཕྲུག་གཉིས་ལ་“ཐེན་ཐེན”དང“ལི་ལི”ཞེས་མིང་བཏགས།

དོ་སྣང་།

03.jpg

དབྱར་གསེང་གི་སྐབས་སུ་འབྲུབ་དུས་མང་པོ་ཐོན་པ་དང་། གནམ་གཤིས་ངན་པ་ཡང་ཡང་ཐོན་ནས་གནས་སྐོར་བདེ་འཇགས་ལས་འཛོལ་གྱིས་ཉེན་བརྡ་ཡང་ཡང་བཏང་ཡོད། མི་དམངས་དཔྱད་བརྗོད་ཀྱིས་ཡིག་ཆ་བཏང་ནས་བསྟན་དོན། དབྱར་གསེང་སྐབས་གནས་སྐོར་གྱི་ཚ་རླབས་ཐོན་ཡོད་པས་སྲིད་གཞུང་སྡེ་ཁག་དང་། མཛེས་ལྗོངས་ཁུལ། གནས་སྐོར་བ་བཅས་ཀྱིས་འབྲུབ་དུས་ཉེན་ཁར་དོ་སྣང་བྱེད་དགོས་ལ། “བྱང་རྒྱུད་དུ་འབྲུབ་ཆུ་ཆེན་པོ་མེད་པ”སོགས་ཀྱི་ཉམས་མྱོང་རྙིང་པ་བརྟན་སྲུང་བྱེད་མི་རུང་ལ། སྲིད་གཞུང་སྡེ་ཁག་དང་མཛེས་ལྗོངས་ཁུལ་གྱིས་ཆུ་ལོག་སོགས་ཀྱི་གནོད་འཚེ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གནས་སྐོར་བས་ཀྱང་སྟེས་དབང་གི་བསམ་བློ་རྦད་དེ་དོར་ནས་གནོད་འཚེར་ངོས་འཛིན་གསལ་བོ་བྱེད་དགོས་ཤིང་། ཉེན་ཁར་ཚོད་དཔག་བྱས་ནས་རང་སྐྱོབ་བྱེད་ཐབས་བསླབས་ནས་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས།

འཚོ་བའི་དྲན་སྐུལ།

04.jpg

གནམ་གཤིས། དེ་རིང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་ལྷོ་རྒྱུད། ཧོང་ཧོའེ་ནུབ་རྒྱུད། ཅང་ཧན་གྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་ཤར་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་བཅས་དང་། ནང་སོག་གི་བྱང་ཤར་རྒྱུད་དང་། བོད་ལྗོངས་ཀྱི་དབུས་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ཁྲོད་སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་། ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧོ་ནན་གྱི་དབུས་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་དང་དྲག་ཆར་ཆེན་པོ་ཡོད།

སི་ཁྲོན། ཟླ8པའི་ཚེས1ཉིན་ནས་ཟླ10པའི་ཚེས31ཉིན་བར། ཏའོ་ཁྲིན་ཡ་ཏིང་མཛེས་ལྗོངས་ཁུལ་དུ་དུས་བཀག་སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ནས། དྲ་ཐོག་ཏུ་དངོས་མིང་ཐོ་འགོད་བྱས་ནས་སྔོན་མངགས་བྱས་ཆོག་ལ་ཉིན་རེར་མི15000ཚོད་འཛིན་བྱས་ཡོད།

ཨན་ཧུའེ། ཧོ་ཧྥེ་ནས་ཧོའེ་ཉིང་། ཧོ་ཧྥེ་ནས་ཙུང་དབྱང་ས་ཚིགས་གཉིས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གསར་པ་ཟླ7པའི་ཚེས31ཉིན་མཉམ་དུ་ཤར་གཏོང་བྱ་རྒྱུ་རེད།