网站无障碍
ཞོགས་པའི་ཇ་ཡུན་གསར་འགྱུར།
发布时间:2026年08月03日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

གཞི་གྲངས་ལས་མངོན་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས5.0%འཕར་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི11.2བྱུང་ཡོད།

ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། ད་ལོའི་ཟླ7པ་ནས་བཟུང་། ལོ་གཅིག་ཙམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་རེད།

སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ1པོར《མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ཚུན། རྒྱལ་ཡོངས་སུ་སྲིད་འཛིན་གྲོང་ཚོ་ཁྲི2.4ལྷག་ཙམ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་བཅོས་བྱེད་ཚད་བརྒྱ་ཆ55བར་མཐོ་རུ་ཕྱིན་ཡོད།

ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི9.41ཟིན་པ་དང་། དེ་དུས་མཚུངས་ལས18.5%འཕར་ཡོད།

ཀྲུང་དབྱང་དངུལ་ཁང་གིས་ཉེ་ཆར་ལོ་སྨད་ཀྱི་ལས་ཀའི་གཙོ་གནད་ཁ་གསལ་བཟོས་པའི་ནང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་ཡག་པོ་བྱེད་པ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དངུལ་རྩའི་ཁྲོམ་ར་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་སེལ་བ་སོགས་ཚུད་ཡོད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཉེ་ཆར་རྒྱལ་ཁབ་ཕྱི་ནང་གི་ཕྱི་དངུལ་དངུལ་བུན་དོ་དམ་སྲིད་ཇུས་ལེགས་སུ་བཏང་ནས་རྒྱལ་ནང་གི་ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཕྱི་དངུལ་དངུལ་བུན་གཡར་བའི་དོ་དམ་བླང་བྱ་སྔར་བས་སྟབས་བདེ་རུ་བཏང་བ་དང་། ཕྱི་དངུལ་ཡོང་ཁུངས་མེད་པའི་ཁེ་ལས་ཀྱིས་དཔྱད་གཞི་ངོ་མར་བརྟེན་ནས་དངུལ་ཁང་དུ་ཕྱི་དངུལ་ཉོ་སྒྲུབ་བྱས་ནས་དངུལ་བུན་སྤྲད་པས་ལས་དོན་ཐད་ཀར་གཉེར་ཆོག་པ་དང་དེ་སྔའི་སྲིད་འཛིན་ཞིབ་མཆན་གྱི་བླང་བྱ་མེད་པ་བཟོས་ཡོད།

1.jpg

ཀྲུང་ཨུའི་རྒྱལ་མཚམས་སྒྲོལ་བའི་ཐག་ལམ་རྣམ་གྲངས་དང་པོ་དང་། ཧེ་ཧོ—པུའུ་ལ་ཀེ་ཝུའེ་ཧྲེན་སི་ཁེ་ཧེ་ལུང་ཅང་གཙང་པོ་སྒྲོལ་བའི་རྒྱལ་སྒྲོལ་འགྲུལ་སྐྱེལ་ཐག་ལམ་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་། ལས་གྲྭའི་ལས་གཞི་ཧྲིལ་པོ་སྔོན་དཔག་བྱས་ན་ད་ལོ་ལེགས་འགྲུབ་ཐུབ་རྒྱུ་རེད།

ཚེས2ཉིན། དབྱི་རན་ཧྥ་ཨེར་སི་གསར་འགྱུར་ཁང་གིས་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཧོར་མུའུ་ཙི་མཚོ་འགག་བསྐྱར་དུ་སྒོ་འབྱེད་པའི་འཆར་གཞི་དེ་དཀྲོག་གཏམ་ཞིག་ཡིན་པ་བསྟན།

ས་གནས་དེ་གའི་དུས་ཚོད་ཚེས2ཉིན། “ཨོའུ་ཕེ་ཁེ+”སྣུམ་ཐོན་རྒྱལ་ཁབ་གཙོ་བོས་ཟླ་དགུ་པར་ཉིན་རེར་ཆ་སྙོམས་སྣུམ་ཐོན་ཚད་ལྕགས་ཟོ་ཁྲི18.8འཕར་ནས་རྡོ་སྣུམ་ཁྲོམ་ར་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

2.jpg

ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེ་གནམ་གཤིས་ཀྱི་དམར་པོའི་ཉེན་ཟོན་སྔོན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན་ཚེས2ཉིན་གྱི་ཆུ་ཚོད20ནས3ཉིན་གྱི་ཆུ་ཚོད20བར་ནང་སོག་གི་བྱང་ཤར་རྒྱུད་དང་། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་དབུས་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧྲའན་ཤིས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད་པ་རེད།

པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་པེ་ཅིང་ནས་ཧྲང་ཧའེ་བར་གྱི་ལྕགས་ལམ་གྱི་རྒྱལ་སྟོན་དུས་ཆེན་རིང་གི་མེ་འཁོར200ལྷག་ཙམ་སྔོན་མངགས་བྱེད་མགོ་ཚུགས་པ་དང་། ཚེས3ཉིན་ལ་ཟླ10པའི་ཚེས1ཉིན་གྱི་སྤ་སེ་སྔོན་མངགས་བྱེད་ཆོག་གི་ཡོད།

མིག་སྔའི་བར་རང་རྒྱལ་གྱི2026ལོ་འཁོར་གྱི་གློག་བརྙན་སྤ་སེ་འཚོང་ཚད(སྔོན་ཚོང་ཚུད་པ)སྒོར་དུང་ཕྱུར230ལས་བརྒལ་བ་དང་། དབྱར་གནང་སྐབས་ཀྱི་སྤ་སེ་འཚོང་ཚད་དུང་ཕྱུར72ལས་བརྒལ་ཡོད།

ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་བྱ་རིམ་ཆུང་ངུར“ཡོམ་ཚོར་གོང་ཞུའི”ནུས་པ་དངོས་སུ་སྤྱོད་མགོ་ཚུགས། སྤྱོད་མཁན་ལ་ས་ཡོམ་གྱི་སྔོན་བརྡ་འབྱོར་བ་དང་འབྲེལ་རང་ངོས་ཀྱི་བདེ་འཇགས་གཏན་འཁེལ་བྱས་རྗེས་གནས་ཡུལ་གོང་ཞུ་བྱེད་པ་དང་ཡོམ་ཚོར་གནས་ཚུལ་བརྡ་ལན་སྤྲོད་ཆོག ཆ་འཕྲིན་ཐག་གཅོད་བྱས་རྗེས་ཡོམ་ཚོར་ཁྱབ་ཚུལ་རི་མོ་ཆགས་ཐུབ།

སྐབས་དང་པོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མི་ཐབས་རིག་ནུས་འགྲན་སྡུར་ཆེ་མོའི་རྟིང་རྩོད་འགྲན་བསྡུར་ཚེས1ཉིན་ཧྲང་ཧའེ་རུ་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་བདམས་ཐོན་པ850ལྷག་ཙམ་འགྲན་བསྡུར་ཞུགས་མཁན་ཁྲི4.6ཁྲོད་ནས་འབུར་དུ་ཐོན་ཏེ་ཧྲང་ཧའེ་རུ་མཐའ་མའི་འགྲན་བསྡུར་བྱས་པ་རེད།

ད་ལོའི་ལོ་སྟོད་དུ་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་ཕྱིར་གཏོང་ནང་འདྲེན་གྱི་དུས་གཏན་གནམ་གྲུ་ཐེངས་གྲངས་ཁྲི6.3ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྒོར་དུང་ཕྱུར4109.8ཟིན། དེ་དུས་མཚུངས་ལས18.7%འཕར་ཡོད།

ཏ་ལེན་མཚོ་དོན་ཅུས་མཚོ་འགྲུལ་ཐ་ཚིག་བསྒྲགས་ཏེ། ཚེས2ཉིན་གྱི་ཆུ་ཚོད16ནས་ཚེས16ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁ་ཤས་སུ་དམག་དོན་ལས་འགན་བསྒྲུབ་རྒྱུ་ཡིན་པས་འགྲོ་མི་ཆོག

3.png

ཉེ་ཆར། ཀོང་ཤིས་ཀྱི་ཆུ་ལོག་ཁྲོད་འབྲེལ་བ་ཆད་པའི་ཀུའེ་ཀང་ཀན་ཏའོ་ཆུ་མཛོད་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣ་ལུའེ་ཀོན་བཙལ་ནས་རྙེད་པ་དང་། ཡིན་ནའང་ཚེ་ལས་འདས།

4.jpg

རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་འཇིག་ཉེའི་དངོས་རིགས“སི་ཁྲོན་ཤར་རྒྱུད་ཀྱི་ཏེང་ཐའེ་པའོ་ཁྲུན(川东灯台报春)”ཉེ་ཆར་ཁྲུང་ཆིང་དབྱིན་ཐིའོ་ལིན་དུ་གནས་སྤོ་སྲུང་སྐྱོང་བྱེད་པར་ལེགས་གྲུབ་བྱུང་།

དོ་སྣང་།

5.jpg

ཉེ་ཆར་སྨྱན་སྦྱོར་གྱིས་ཧོ་ནན་ཧྲང་ཧྲུའེ་རྫོང་གི་སྡེ་ཚོགས་ཤིག་གིས“སྲོག་ཆགས་ཆུང་ཆུང་ལ་རོགས་སྐྱོབ་བྱེད་པའི”མིང་ཐོག་ནས་ལོ་གཉིས་ནང་གཅེས་སེམས་མི་སྣ1500ལྷག་ཙམ་ཁ་བསླུས་བརྒྱབ་ནས་སྒོར་ཁྲི250ལྷག་ཙམ་བླངས་པ་རེད། མི་དམངས་ཚ་གཏམ་གྱིས་དཔྱད་བརྗོད་སྤེལ་དོན། སེམས་བཟང་ལ་འཛད་སྤྱོད་བྱས་པ་ནི“ཡིད་ཆེས་སྟོང་ཟད་དུ་བཏང་བ”རེད། ངེས་པར་དུ་ལམ་ལུགས་ལ་བརྟེན་ནས་ཉེས་གསོག་གི་མ་གནས་མཐོ་རུ་གཏོང་བ་དང་དགེ་སྒྲུབ་ཀྱི་ཉེན་ཁ་ཆུང་དུ་བཏང་ནས་གཅེས་སེམས་མི་སྣར་“ཐེངས་རྗེས་མར་ཡིད་ཆེས་བྱེད་འདོད་ཡོད་པ”བྱས་ཏེ་རོགས་རམ་བྱེད་དགོས་པའི་མིར“མཐོང་ཐུབ་པ་དང་རྒྱབ་སྐྱོར་བྱེད་དགོས་པ”འགན་ལེན་བྱེད་དགོས།

འཚོ་བའི་ཞབས་ཞུ།

6.jpg

གནམ་གཤིས། དེ་རིང་ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲན་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་དབུའ་ལྷོ་རྒྱུད་དང་མཚོ་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

ཧའེ་ནན། ཟླ7པའི་ཚེས31ཉིན་མཇུག་སྒྲིལ་རྩིས་ཡོད་པའི“ཧའེ་ནན་དུ་ཉོ་བའི”དགའ་སྤྲོའི་དུས་ཆེན་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་དེ་ཟླ8པའི་ཚེས18ཉིན་བར་རིང་དུ་བཏང་བ་དང་། འཛད་སྤྱོད་འཛིན་ཤོག་བཟའ་བཏུང་དང་། བརྒྱ་ཟོག་ཚོང་ཁང་། སྒོ་རྩིས་ཚོང་ཁང་། སྣུམ་སྣོན་བཅས་ཀྱི་རྣམ་པ་ཆེན་པོ་བཞི་ལ་ཁྱབ་ནས་གྲོང་མི་དང་གནས་སྐོར་བ་ཚང་མས་ལེན་ཆོག་གི་ཡོད་པ་རེད།

ཀོང་ཀྲོའུ། ཉེ་ཆར་ཀོང་ཀྲོའུ་ཡི་གནམ་འཁོར་ཆེ་ཤོས་ཏེ“ཉ་གང་ཟླ་བ”ཞེས་པའི་གནམ་འཁོར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་ཡོད།