网站无障碍
གསར་འགྱུར་གལ་ཆེན།
发布时间:2026年08月05日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར37797.5ཟིན་པ་དང་། དེ་དུས་མཚུངས་ལས8.3%འཕར་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲུང་ཆིང་ཕེང་ཧྲུའེ་ཡི“7·17”རི་ཉིལ་གནོད་འཚེ་ཚབས་ཆེན་ལ་བརྟག་དཔྱད་དཔྱད་དཔོག་ཚོ་ཆུང་བཙུགས་ཡོད།

ཚེས4ཉིན་རང་བྱུང་ཐོན་ཁུངས་པུ་ཡིས《རྒྱལ་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས།

ཉེ་ཆར། ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུ་དང་ཆུ་བེད་པུ་མཉམ་དུ་ཞིང་ལས་གེགས་འགོག་གེགས་སེལ་དང་ཆུ་བེད་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར21.54བཏང་ཡོད།

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་བརྡ་ཁྱབ་ལས་མངོན་པར། 2026ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་མི1685ཐོ་འགོད་བྱས་པ་དང་མི1535ལ་ཆད་པ་བཅད་ཡོད།

ཉེ་དུས་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས“དྭངས་གཙང་། ཚོང་གཉེར་དྲ་རྒྱའི་ཁོར་ཡུག་ལེགས་སུ་བཏང་ནས་ཁེ་ལས་དང་འབྲེལ་བའི་ཆ་འཕྲིན་འུད་སྒྲོག་ལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས་དཔེ་མཚོན་མ་དཔེ་ཁག་གཅིག་བརྡ་ཁྱབ་བཏང་།

图片
  • ཚེས4ཉིན་གྱི་ཆུ་ཚོད16དང་སྐར་མ52སྟེང་། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཚོགས་ཆུང23འཕེན་གཏོང་བྱས།

ཧྥི་ལི་ཕིན་རྒྱལ་སྲུང་པུས་ཉིན་ཤས་གོང་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གསལ་བསྒྲགས་སྤེལ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་བཅའ་ཁྲིམས》སྐོར་གླེང་བ་ལ། ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསལ་བསྒྲགས་ཟེར་བ་དེས་རྫུན་གཏམ་དང་ངན་སེམས་བཅངས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་ཡོད། དེ་ནི་ངོ་བོ་ཧ་ཅང་ངན་པའི་ཆབ་སྲིད་ཀྱི་འཁྲུག་རྐྱེན་སློང་བ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ནའོ་ལུའུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཉིན་ཤས་གོང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་སྤྱི་བསྒྲགས་སྤེལ་ནས་རྒྱལ་ཁབ་དེའི་མིང“Nauru”ནས“Naoero”ལ་དངོས་སུ་བསྒྱུར་ཡོད་ཅེས་བཤད་པ་རེད། རྒྱལ་ཁབ་དེའི་རྒྱ་ཡིག་གི་མིང་ལ“ནའོ་ལུའུ(瑙鲁)”ཞེས་པའི་མིང་ལ་འགྱུར་བ་མེད།

སྤྱི་ཚོགས།

རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱི་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པར། 2026ལོའི་ཟླ6པ་ནས་ཟླ7པའི་བར་ཨེར་ཉི་ནུའོ་ཡི་རྣམ་པར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད།

ཚེས4ཉིན། ཆུ་བེད་པུས་སི་ཁྲོན་དང་། ཧྲའན་ཞི། ཀན་སུའུ། ཧེ་ལུང་ཅང་། ཁྲུང་ཆིང་བཅས་ཀྱི་ཆུ་ལོག་སྔོན་འགོག་རིམ་པⅣའཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས།

སློབ་གསོ་པུས《འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཚན་རིག་སློབ་གསོའི“སློབ་འབྲིང་བསྒྲུབ་པའི”སྣེ་ཁྲིད་བྱ་སྤྱོད་ཀྱི་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ནས། ལོ་རིམ་བཞི་པ་ནས་དགུ་པའི་བར་གྱི་སློབ་མ་རེས་སློབ་དུས་རེར་ཉུང་མཐར་ཡང་ཚན་རིག་དང་མཐུན་པའི་རྩད་ཞིབ་ལས་འགན1ལེགས་སྒྲུབ་བྱ་རྒྱུ་ཁ་གསལ་བཏོན་ཡོད།

རྒྱལ་ཁབ་སྦྲག་སྲིད་ཅུས་ཁྲིམས་ལྟར་ཧྲེན་ཐུང་མྱུར་སྐྱེལ་ཚད་ཡོད་སྤྱི་གཉེར་གྱི་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས།

ཚེས3ནས་ཚེས9ཉིན་བར་ཉིན་བརྒྱའི་གདན་ཞུའི་ཆེད་དོན་བྱ་སྤྱོད་ནང་མི་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། སྨན་བཅོས་འཕྲོད་བསྟེན། ཟོག་འགྲེམ་ལས་རིགས་བཅས་ཀྱི་དྲ་ཐོག་གདན་ཞུའི་ཆེད་དོན་རྣམ་གྲངས4བཏོན་པ་དང་། མི་སྤྱོད་ཚན་པ1700ལྷག་ཙམ་ཞུགས་པ་དང་མི་ཐེངས་ཁྲི21.5ཡི་གདན་ཞུའི་དགོས་མཁོ་ཡོད་པ་རེད།

《རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་རང་འགུལ་འཁོར་གཏོང་མ་ལག་གི་བདེ་འཇགས་བླང་བྱ》ཞེས་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། 2027ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྩིས་ཡོད་པ་རེད།

《ཀོང་ཏུང་ཞིང་ཆེན་གྱིས་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐུལ་འདེད་གཏོང་བའི་མཉམ་ལས་གཏན་འབེབས》ཉེ་ཆར་གྲོས་འཆམ་བྱུང་བ་དང་། ད་ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

དུས་ཡུན་ཟླ་བ་བཞི་འགོར་བའི་རྨ་ཆུའི་ཧྲན་ཞི་དུམ་བུའི་ཉ་འཛིན་མི་ཆོག་པའི་བྱ་བ་དེ་ཟླ8པ་ནས་བཟུང་ལོ་འཁོར་གྱི་ཉ་འཛིན་མི་ཆོག་པའི་དུས་སྐབས་དངོས་སུ་མཇུག་རྫོགས།

ཉིན་ཤས་གོང་ཝུའེ་སུའུ་མྱུར་བགྲོད་ལྕགས་ལམ་གྱི་ཝུའེ་ཧོ་ཟམ་ཆེན་གྱི་གདུང་མ་སྦྲེལ་མཐུད་ལེགས་འགྲུབ་བྱུང་ཡོད། ཝུའེ་སུའུ་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་བསྐྲུན་རྗེས་ཧྲན་ཏུང་དང་ཅང་སུའུ་བྱང་རྒྱུད་ས་ཁོངས་ཀྱི་ལམ་དྲ་བཀོད་སྒྲིག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

图片

ཉེ་ཆར། ཀྲེ་ཅང་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་ནས་བུ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་། སྐོར་གཡེང་བྱེད་བཞིན་པའི་ལོ40ལ་སླེབས་པའི་རུ་འཁྱུར་དམག་མིའི་བདེ་སྲུང་ཀྲང་ཕུང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཚེའུ་ནང་དུ་མཆོངས་ནས་བུ་དེ་བདེ་བླག་བསྐྱབས།

དོ་སྣང་།

图片

ཉེ་ཆར། དམངས་སྲིད་པུའི་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་བ་རེད། ཉིང་ཞ་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་ལ་ཁྱོན་ཚོགས་མི365ཡོད་ཀྱང་འགན་འཁུར་བ90ཡོད། དེའི་ནང་རིགས་ཁག་གི་ཚོགས་གཙོ་གཞོན་པ88ཡོད་པ་དེ་ས་གནས་དེ་གའི་གཏན་འབེབས་ཀྱི་ཚད་གཞི་ལས་བརྒལ་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་སྟེ། མཐུན་ཚོགས་ཀྱིས་ཐོབ་ཐང་ལ་བརྟེན་ནས་འབྲེལ་བ་འཛུགས་པ་དང་། མི་སྒེར་གྱིས་ཐོབ་ཐང་ལ་བརྟེན་ནས་ཐོབ་ཐང་མཐོ་རུ་གཏོང་བ། ཕྱོགས་གཉིས་པོས་རང་ཉིད་ཀྱི་དགོས་མཁོ་ལེན་པ། དེ་ཡིས་རྩ་འཛུགས་བཅོས་སྐྱོང་གི་གཟབ་ནན་རང་བཞིན་ལ་གནོད་འཚེ་ཕོག་ཡོད། ཚོགས་གཙོ་གཞོན་པ་མུ་མཐུད“སྡེབ་ཚོང”བྱེད་པར་སྔོན་འགོག་བྱེད་དགོས་ཚེ། དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་གོ་གནས་ཉུང་དུ་གཏོང་བ་དང་བསྐྱར་དུ་འདེམས་བསྐོ་བྱེད་པའི་ཐོག་ལུས་མི་རུང་། གནད་དོན་བྱུང་བའི་རྒྱུ་མཚན་རྩད་གཅོད་གསལ་པོ་བྱེད་དགོས་ལ། གཅིག་ཤེས་ཀུན་གྲོལ་གྱིས་རིགས་གཅིག་པའི་གནས་ཚུལ་གྲལ་བཤེར་བྱེད་དགོས། ལམ་ལུགས་ཀྱི་བཀག་རྒྱ་ཇེ་དམ་དུ་བཏང་ན། ལག་བསྟར་བྱེད་སྐབས་དེ་བས་ཀྱང་གཟབ་ནན་དང་བཙན་པོ་ཡིན་དགོས་ཏེ། སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་མོ་དང་། ཡོངས་བསྒྲགས་དམར་འདོན། རྗེས་འདེད་དག་ཐེར་བཅས་བྱས་ཏེ། ལུགས་རིགས་ཁག་གི་གོ་གནས་གང་བྱུང་དུ་འཛུགས་པའི་བཀག་རྒྱ་དངོས་གནས་འགོག་དགོས།

འཚོ་བའི་ཞབས་ཞུ།

图片

གནམ་གཤིས། དེ་རིང་ཧེ་ལུང་ཅང་གི་དབུས་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཧྲའན་ཞིའི་དབུས་རྒྱུད་དང་ཤར་ལྷོ་རྒྱུད། ཧྲན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧུའུ་ནན་གྱི་དབུས་ནུབ་རྒྱུད། ཁྲུང་ཆིང་གི་ཤར་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཀོང་ཞིའི་ཤར་ལྷོ་རྒྱུད་དང་དབུས་བྱང་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

ཁྲུང་ཆིང་། ཟླ8པའི་ཚེས1ཉིན་ནས་བཟུང་ཁྲུང་ཆིང་གིས་རྙིང་ཚབ་གསར་བརྗེ་དང་འཛད་སྤྱོད་ཁ་གསབ་ལེགས་སུ་བཏང་ནས་འཕྲུལ་རྟ་དང་གློག་སྒུལ་རྐང་འཁོར་ཁ་གསབ་ཁྱབ་ཁོངས་སུ་ཐོག་མར་བཅུག་ཡོད།