网站无障碍
གསར་འགྱུར་གལ་ཆེན།
发布时间:2026年09月14日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

71ba4db0a0ff8e848c6404076e9edd99.jpg

➤ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས13ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་པ་དང་། ད་དུང《འབོ་གསེར་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་ཆེ་རུ་གཏོང་དགོས》ཞེས་མགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 

➤ཟླ9པའི་ཚེས13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་ནས་པེ་ཅིང་དུ་ཕྱིར་ལོག་པ་རེད། 

➤ཉིན་ཤས་གོང་། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་དྲིལ་སྒྲོག་པུ་དང་སློབ་གསོ་པུ། ཚན་རྩལ་པུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་དང་མཉམ་དུ《བསམ་བློ་དང་རིག་གནས་ཁོངས་གཏོགས་བྱ་གཞག་ཚན་པའི་མགོ་ཁྲིད་མི་སྣའི་དོ་དམ་བྱ་ཐབས》དང་། 《མཐོ་རིམ་སློབ་གྲྭའི་མགོ་ཁྲིད་མི་སྣའི་དོ་དམ་བྱ་ཐབས》《སློབ་གྲྭ་འབྲིང་ཆུང་གི་མགོ་ཁྲིད་མི་སྣའི་དོ་དམ་བྱ་ཐབས》《ཚན་ཞིབ་བྱ་གཞག་ཚན་པའི་མགོ་ཁྲིད་མི་སྣའི་དོ་དམ་བྱ་ཐབས》《གཞུང་བཙུགས་སྨན་ཁང་གི་མགོ་ཁྲིད་མི་སྣའི་དོ་དམ་བྱ་ཐབས》བཅས་བཟོ་བཅོས་བྱས་ཏེ་དཔར་འགྲེམ་བྱས།

➤2026ལོའི་ཞབས་ཞུའི་ཚོང་དོན་ཚོགས་འདུ་ཚེས13ཉིན་པེ་ཅིང་ཧྲོའུ་ཀང་གླིང་དུ་མཇུག་སྒྲིལ་བ་དང་ཚོགས་ཆེན་ཐོག་གྲུབ་འབྲས་སྣ་ཚོགས་ཁྱོན1200ལྷག་ཙམ་གྲུབ་ཡོད། 

➤རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་དམངས་གཉེར་ཁེ་ལས་ལ་མ་འཇོག་རྣམ་གྲངས་ཁག་ཅིག་གཅིག་སྡུད་ཐོག་འོས་སྦྱོར་བྱས་ནས། དམངས་ཁྲོད་མ་རྩ་སྒོར་དུང་ཕྱུར156ནང་འདྲེན་བྱེད་རྩིས་ཡོད་པ་རེད། 

➤བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པའི་བར་ཀྲུང་གོའི་ཉིན་རེའི་ཆ་སྙོམས་ཐ་སྙད་ལེགས་སྒྲིག་བྱེད་ཚད་དུང་ཕྱུར་ཁྲི500ལས་བརྒལ་ཡོད་པ་རེད།

f5b9e6d27d689acbe75805f8d5dad9a6.jpg

➤ཚེས13ཉིན་ཡུང་ཀྲོའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙོ་གནད་ལས་གྲྭའི་གྲས་ཤིག་ཡིན་པའི་ཧྥུའུ་ཁྲི་མོན་གཞུང་ལམ་དང་ལྕགས་ལམ་གཉིས་སྤྱོད་ཀྱི་ཟམ་ཆེན་གྱི་གཙོ་སྒྲོམ་བདེ་བླག་ངང་བཀབ་པ་དང་། ལམ་ཐིག་ཧྲིལ་པོའི་མཚོ་སྒྲོལ་ཟམ་ཆེན་གསུམ་གྱི་སྒྲོམ་རྟེན་གཙོ་བོ་དྲུག་ཚང་མ་ལེགས་གྲུབ་ཟིན་ཡོད། 

➤ཚེས13ཉིན། 2026ལོའི་འཛམ་གླིང་གནམ་ལྕགས་ཞབས་བྲོ3V3མཉམ་བསྲེས་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་སི་ཁྲོན་ཁྲེང་ཏུའུ་རུ་གཉེར་བ་དང་། ཨང་དང་པོ་དང་ཨང་གཉིས་པ་ཚང་མ་ཀྲུང་གོས་བླངས་པ་རེད། 

➤ཚེས13ཉིན་ཧིན་རྡུ་ཉི་ཞི་ཡའི་འབྲེལ་ཆད་འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ལོག་པ་གཏན་འཁེལ་བྱས་པ་དང་མིག་སྔར་དོན་རྐྱེན་ཐོན་ནས་མི6རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། 

སྤྱི་ཚོགས།

➤ཚེས13ཉིན་ཆུ་བེད་པུས་ཧའེ་ནན་ལ་དམིགས་ནས་ཆུ་ལོག་འགོག་སྲུངⅣརིམ་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས་པ་རེད། 

➤ཧྲན་ཏུང་ཞིང་ཆེན་རིག་གནས་གནས་སྐོར་ཐིང་གིས“ཧོ་ཙེ་ཀུའུ་གྲུ་གཟིངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱེད་རིང་རིག་དངོས་བོར་བརླག་སོང་བའི་དོགས་གཞི་ཡོད་པའི་གནད་དོན་ཡོད་པ”ཁྱབ་བསྒྲགས་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། 

d9d10a1a0a311f8ca9b0b99675afb219.jpg

➤ཚེས11ཉིན། ཡོན་ལུང་ཕིང་རིམ་འདས་རྒྱུད་འདྲེས་ཆུ་འབྲས་ནང་སོག་ཏུ་དཔེ་སྟོན་རྟེན་གཞིར་བརྔ་བསྡུ་བྱེད་མགོ་ཚུགས་པ་རེད། 

➤ཚེས12ཉིན་ཕིང་ལུའུ་མིས་བཟོས་གཙང་པོའི་ཕྱི་ཕྱོགས་ཉོ་ཚོང་གི་དངོས་ཟོག་ཁག་དང་པོ་ཚང་མ་བདེ་བླག་ངང་འགག་སྒོ་སྒྲོལ་ཡོད། 

➤ཉེ་ཆར། “ཀྲུང་གོའི་གནམ་མིགFASTམ་ནིང་ཆིང་སྐོར་ཞིབ་རྣམ་གྲངས”ཀྱིས་དུས་ཐེངས་གཉིས་པའི་གྲངས་གཞིའི་ཚོགས་སྤྱི་ཁྱབ་བསྒྲགས་བྱས་ནས། དེང་སྐབས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མ་ནིང་ཆིང་སྐར་རྒྱུད་ཀྱི་མ་དཔེའི་མཛོད་བསྐྲུན་ཡོད། 

➤དྲོད་ཚད་ཆག་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་རྒྱལ་གྱི་ཆེས་བྱང་ཕྱོགས་གྲོང་ཁྱེར་ཧེ་ལུང་ཅང་མོ་ཧོ་ཆུ་བོར་དངོས་སུ་དྲོད་རླངས་མཁོ་འདོན་བྱས་པ་དེ་འཆར་གཞི་ལས་ཉིན13གྱིས་སྔ་བ་ཡོད་པ་རེད། 

➤ཚེས11ཉིན། ཧྲང་ཧའེ་ཡི་ཟློས་གར་ཁང་ཞིག་གི་ཁ་ཤགས་འཁྲབ་སྟོན་མ་བྱས་གོང་ལྟད་མོ་བ་ཁག་གཅིག་གིས་མིང་ངོ་མ་བཀོད་ནས་ར་སྤྲོད་བྱེད་ཐབས་བྲལ་བ་རེད། ཉེན་རྟོག་ཕྱོགས་ཀྱིས་སྒོ་འཛིན་ལྐོག་ཚོང་བྱེད་མཁན་གསུམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མིག་སྔར་མི་གསུམ་ལ་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད། 

➤ཚེས13ཉིན་ཤིན་ཅང་ཧ་སྨི་དབྱི་ལུང—ཡ་ཏན་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་བ་རེད། 

➤ཧྲའན་ཞི་པའོ་ཅིའི་གནས་སྐོར་བ་ཞིག་ཆར་པ་བབས་པའི་རྐྱེན་གྱིས་ལུང་གྲོག་ཏུ་ལྷུང་ནས་མཚན་མོ་གཅིག་ལ་ལུས། ལམ་བར་དུ་འགྲོ་བཞིན་པའི་སྐུ་ཞབས་ལི་ལགས་ཀྱིས་རོགས་སྐྱོབ་བྱེད་པའི་རེ་འབོད་ཐོས་རྗེས། པུས་མོ་བཙུགས་ནས་རྨས་མ་སྐྱོབ་ཏུ་བཅུག་པ་དང་། ཡང་འཕྲུལ་རྟ་སྤྱི་ལེ50ལ་ཞོན་ནས་རྨས་མ་སྨན་ཁང་དུ་བསྐྱལ། 

དོ་སྣང་།

➤མཚན་མོའི་ཐང་ཆེན་ཞབས་བྲོ་དང་སྒྲིག་སྦྱོར་བྱས་པའི་གློག་གསོར་གྱི་སྒྲ། ཐོག་ཁང་སྟེང་གི་མཆོང་རྒྱུག དྲོད་སྙོམ་འཕྲུལ་ཆས་ཀྱི་མཉམ་འདར་སོགས་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་འཛེར་སྒྲས་མི་རྣམས་ལྷིང་འཇགས་ངང་སེམས་རྣལ་དུ་ཕབ་པར་དཀའ། ཇི་ལྟར་ལུགས་མཐུན་གྱིས་ཐག་གཅོད་བྱེད་པར་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཚད་ཧ་ཅང་མཐོ། མི་དམངས་སྐབས་དོན་གྱིས་དཔྱད་བརྗོད་སྤེལ་བ་འདི་ལྟ་སྟེ། རང་ཉིད་ཀྱི་འགན་འཁྲི་མཐོང་བ་དང་མི་གཞན་གྱི་དཀའ་ངལ་ལ་བསམ་ཤེས་བྱས་ན། བདེ་འཇགས་ལོངས་སུ་སྤྱོད་ཐུབ་པ་དང་གྲོང་ཁྱེར་གྱི་རྣམ་པ་ཡག་ཤོས་སྲུང་སྐྱོང་བྱེད་ཐུབ། ངལ་རྩོལ་ལས་སྒྲུབ་ཀྱི་སྒྲ་དང་། གྲོང་ཁྱེར་དང་ཁྲོན་པའི་འགྲོ་འོང་གི་འགུལ་རྣམ། མཚན་གུང་དུ་གཉིད་ཁུག་པའི་དབུགས་འབྱིན་རྔུབ་བཅས་ཀྱི་སྒྲ་རེ་རེ་བཞིན་རང་གནས་སུ་བཞག་ན། འཚོ་བ་རེ་རེ་ཡང་བག་ཕེབས་ངང་ལྷོད་ལ་འབབ་ངེས་ཡིན། 

འཚོ་བའི་ཞབས་ཞུ།

8c21078614146aa6b9d44e2f16ea4c54.jpg

➤གནམ་གཤིས། དེ་རིང་ཀོང་ཞིའི་ལྷོ་ནུབ་རྒྱུད་དང་ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་ཀྱི་ཡོད། དེའི་ནང་ཧའེ་ནན་གླིང་ཕྲན་ལྷོ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་ཀྱི་ཡོད། 

➤གནམ་དཔྱད། “ལྕགས་རིང”གི་རྣམ་པའི་ཐོག་ནས་མངོན་པའི་སྐར་མ་པ་སངས་དེ་ཚེས14ཉིན་མེ་སྟག་ཟླ་བའི་ཉེ་སར་བཅར་ནས། པ་སངས་དང་ཟླ་བར་འགྲོགས་པའི་གནམ་བབ་ཅིག་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། འདི་ཡང་ལོ་འཁོར་འདིའི་ནང“ལྕགས་རིང”ཡིན་པའི་པ་སངས་ཆེས་མཐའ་མར་ཟླ་བར་འགྲོགས་པ་ཡིན། 

➤ཧྲང་ཧའེ། ཟླ9པའི་ཚེས14ཉིན་གྱི་ཆུ་ཚོད0ནས་ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད24བར། ཧྲང་ཧའེ་རུ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བར་གྱི་ལམ་མདོ་རུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།