མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་རིགས200ལྷག་ཟི་ལིང་དུ་ཁྱེར་ནས་ཚོང་ལམ་རྒྱ་སྐྱེད་བཏང་།
发布时间:2026年09月22日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། མཚོ་བྱང་ཁུལ་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་ཤར་གསར་སྤེལ་ཁུལ་ཝུའུ་ཡུའེ་ཐང་ཆེན་དུ“མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཟི་ལིང་དུ་བསྐྱོད་པ་དང་། མཁོ་འཚོང་གིས་ཞིང་ལས་ལ་རོགས་རམ་བྱས་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི”ཆེད་དོན་ངོ་སྦྱོར་འགྲེམས་སྟོན་བྱེད་སྒོ་སྤེལ་ལ། རྫོང་བཞིའི་མཁོ་འཚོང་མཉམ་ལས་ཁང་དང་འབྲེལ་ཡོད་སྤྱི་ཚོགས་ཁེ་ལས། ཆེད་ལས་མཉམ་ལས་ཁང་། གཉེར་སྐྱོང་བྱེད་པོ་བཅས་ཁྱོན་བསྡོམས་ཁེ་ལས52འགྲེམས་སྟོན་ཁྲོད་ཞུགས་ལ། ནོར་ནག་དང་བོད་ལུག་གི་རིགས་འབྲེལ་ཐོན་རྫས་དང་། འོ་མའི་ཐོན་རྫས། ལོག་དཀར་སྣུམ། ནས་ཀྱི་ཐོན་རྫས་སོགས་སྣ་ཁ200ལྷག་ཙམ་འཁྱེར་ནས། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་དང་ཟོང་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས།
བྱེད་སྒོའི་རིང་། མཚོ་བྱང་ཁུལ་མཁོ་འཚོང་ཁོངས་གཏོགས་ཀྱིས་ཟི་ལིང་གི་ཚོང་ཁང་དང་ཉོ་སྒྲུབ་ཁེ་ལས། སྤྱི་ཚོགས་ཚོགས་པ། འདྲེན་འཚོང་པ་བཅས་ལ་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། དུས་ཡུན་རིང་པོར་དངོས་ཟོག་མཁོ་འདོན་དང་ཐབས་ལམ་མཉམ་སྐྲུན། མངགས་ཐོ་མཉམ་ལས་སོགས་ཀྱི་ཐད་གྲོས་མོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐེངས་གཅིག་རང་བཞིན་གྱི་འགྲེམས་འཚོང་དེ་རྒྱུན་རྣམ་ཅན་གྱི་ཚོང་ཟོག་མཁོ་འདོན་དུ་འགྱུར་བར་བྱས། དུས་མཚུངས་སུ“གཅིག་གྱུར་འཆར་འགོད་དང་ཆེད་དོན་བཀོད་གཏོང་། གདུབ་ཟུམ་སྐུལ་སྤེལ”བཅས་རྒྱུན་འཁྱོངས་ཀྱིས་འགྲེམས་ཞུགས་ཐོན་རྫས་ཚང་མ་ངེས་པར་དུ་བརྟག་བཤེར་ཞིབ་དཔྱད་ཚད་ལོན་དང་། ཐུམ་སྒྲིལ་ཚད་ལྡན་ཡིན་པ། མཚོན་རྟགས་གསལ་པོ་ཡིན་པ་བཅས་བྱས་ཤིང་། འགྲེམས་སྟོན་བྱེད་པོས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་གཏན་འབེབས་ལག་བསྟར་ནན་མོ་བྱས་ནས། འབྱུང་རྩ་ནས་ཐོན་རྫས་ནང་འདྲེན་གྱི་འགག་སྒོ་ཡག་པོར་སྲུང་བ་དང་། ཚད་གཞི་མི་ལོན་པའི་ཐོན་རྫས་འགྲེམས་ཁུལ་དུ་འགྲེམས་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་སྤྱི་སྤྱོད་ཟོང་རྟགས་ཀྱི་མཚན་སྙན་སྲུང་སྐྱོང་བྱས་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ཉིན5རིང་ལ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོས་འགྲེམས་འཚོང་ནི་སྟེགས་བུར་བྱས་ནས་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་བར་འབྲེལ་བ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། ཞིང་ཆེན་དང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་བསྐྲུན་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་སྤྱི་སྤྱོད་ཟོང་རྟགས་མུ་མཐུད་ཇེ་ལེགས་དང་སྟོབས་ཆེར་བཏང་ནས། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ་དང་། གྲོང་མི་དང་ཉེ་བར་བཅར་ནས་ཁྲོམ་ར་རྒྱ་སྐྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།