ཀྲུང་གོའི་བུད་མེད་སྟར་གྲུག་རུ་ཁག་ལྗར་པན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི“ཨང་དང་པོ་ཐོབ་ཐེངས་བཅུ་པ”རེད།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

མཇུག་སྒྲིལ་མ་ཐག་པའི་ཨའེ་ཀྲི·མིང་ཀུའུ་ཝུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་སྟར་གྲུག་རྟིང་རྩོད་འགྲན་སྡུར་ཁྲོད། སྐབས་སྔོན་མའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བུད་མེད་སྟར་གྲུག་རུ་ཁག་གིས་སྐར་གྲངས3:0གིས་མགྲོན་བདག་རྒྱལ་ཁབ་ལྗར་པན་བུད་མེད་སྟར་གྲུག་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་ཤིང་། རུ་ཁག་གི་ལོ་རྒྱུས་ཐོག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་ཨང་དང་པོ་ཐོབ་ཐེངས་བཅུ་པ་རེད།