网站无障碍
གསར་འགྱུར་གལ་ཆེན།
发布时间:2026年09月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

➤ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། སི་ཁྲོན་སློབ་ཆེན་བཙུགས་ནས་ལོ130འཁོར་བའི་སྐབས་སུ་དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས།

➤ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》པར་འགྲེམས་བྱས།

➤ནོར་སྲིད་པུ་སོགས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2026ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་སྡོད་དམངས་ཀྱི་ཁང་པ་ཉོ་བའི་དངུལ་བུན་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་ཅིང་། སྲིད་ཇུས་ལག་བསྟར་བྱེད་ཡུན་གནས་སྐབས་ལོ་གཅིག་གཏན་འཁེལ་བྱས།

➤འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔོན་དཔག་བྱས་པར་གཞིགས་ན། ཟླ10པའི་ཚེས1ཉིན་ཕྱིར་སྐྱོད་མི་ཐེངས་དུང་ཕྱུར3.4ཟིན་ནས་རྒྱུན་གཏན་མི་གྲངས་ཀྱི་ལྡབ2ཙམ་ཟིན་པ་དང་། རླངས་འཁོར་གླ་གཏོང་བྱེད་ཚད20%ཡན་འཕར་རྒྱུ་རེད།

图片

➤ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱི་དབྱར་འབྲུའི་ཐོན་འབོར་རྒྱ་མ་དུང་ཕྱུར3000ལས་ཐོག་མར་བརྒལ་བ་དང་། སྟོན་འབྲུ་གཞི་ཁྱོན་ཆེན་པོས་བསྡུ་བཞིན་ཡོད་པས་ལོ་ཧྲིལ་བོར་འབྲུ་རིགས་ལོ་ལེགས་ཡོང་རེ་ཡོད།

➤སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཕུལ་བྱུང་བཟོ་སྐྲུན་ཆེན་མོའི་སློབ་གླིང50བསྐྲུན་པ་དང་། སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ལས་གྲྭའི་རབ་འབྱམས་པ་ཁྲི3.6ཙམ་གསོ་སྐྱོང་བྱས། ད་ལོའི་ཟླ8པའི་བར་ལས་གྲྭའི་རབ་འབྱམས་པའི་འབུམ་རམས་པ400ལྷག་ཙམ་གྱིས་ཐོན་རྫས་ཇུས་འགོད་དང་ཇུས་གཞི་ཇུས་འགོད་སོགས་ལག་ལེན་གྲུབ་འབྲས་ལ་བརྟེན་ནས་སློབ་གནས་ཐོབ།

➤2026ལོའི་ལོ་སྟོད་བར་རང་རྒྱལ་གྱི་མིས་བཟོས་རིག་ནུས་སྤྱོད་མཁན་དུང་ཕྱུར7ལས་བརྒལ་ནས། ཁྱབ་གདལ་གཏོང་ཚད50.0%ལས་བརྒལ།

➤ཚེས29ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གིས་ཀྲུང་གོའི་ཐའེ་ཝན་གླིང་ཕྲན་ཤར་རྒྱུད་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས།

➤ཚེས29ཉིན། ཨའེ་ཀྲི·མིང་ཀུའུ་ཝུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྟིང་རྩོད་ཉིན་མོ10པར། ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ11དང་། དངུལ་གྱི་རྟགས་མ9 ཟངས་ཀྱི་རྟགས་མ6ཐོབ།

སྤྱི་ཚོགས།

➤རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་རྒྱལ་སྟོན་གུང་གསེང་རིང་བྱང་ཕྱོགས་ཀྱི་ས་ཆ་མང་ཆེ་བར་གནམ་ཐང་བ་ནས་སྤྲིན་མང་རྒྱུ་དང་། གྲང་ངར་ཆེ་བའི་རླུང་འཚུབ་སྟོབས་ཆེན་མིན་པ་མང་པོ་ཞིག་གིས་ཤུགས་རྐྱེན་ཐེབས་པས་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ཙམ་ཡོད། ལྷོ་ཕྱོགས་ས་ཁུལ་དུ་ཚེས4ཉིན་གྱི་གོང་དུ་ཆར་བ་མང་པོ་བབས་པ་དང་ཚེས5ཉིན་ཆར་པ་མངོན་གསལ་དོད་པོས་ཆུང་དུ་འགྲོ་རྒྱུ། ཚེས6ནས7ཉིན་བར་ས་ཁུལ་མང་ཆེ་བ་གནམ་ཐང་རྒྱུ་རེད།

图片

➤ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་ཆེད། རྒྱང་སྐྱོད་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ཆེན་པོ་གཉིས་ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་དུ་མགོ་ཚུགས།

➤རང་རྒྱལ་གྱིས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐིམ་རྗེས་ད་དུང་ལོ30རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཞིང་དུད་ཁྲི3000ལྷག་ཙམ་གྱིས་འགན་གཙང་ལེན་དུས་འགྱངས་ཀྱི་གན་རྒྱ་བདེ་བླག་ངང་བཞག

➤ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཕེང་ཞའོ་ཁྲུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཚེས29ཉིན་འདྲི་གཅོད་དང་པོའི་ཐོག་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཕེང་ཞའོ་ཁྲུན་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

➤སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་སྟོན་གུང་གསེང་རིང་ལྕགས་ལམ་འགྲོ་སྐྱོད་ཀྱི་བདེ་འཇགས་དྲན་སྐུལ་ཁྱབ་བསྒྲགས་བྱས།

➤ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་འཛད་སྤྱོད་དྲན་སྐུལ་བྱས་དོན། འཕྲོད་སྦྱོར་བཟའ་བཅའ་ནི་དམིགས་བསལ་གྱི་བཟའ་བཅའི་ཁོངས་སུ་གཏོགས་པ་ལས་སྨན་རྫས་མིན་པས་སྨན་རྫས་ཀྱི་ཚབ་བྱས་ནས་ནད་གཞི་སྨན་བཅོས་བྱེད་མི་ཐུབ།

➤པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་སྟེ། ཕེ་ག་གེ་མོའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོས་པ་དང་། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་གྱི་ལས་གནས་ཐོབ་ཐང་མེད་པར་བཟོས་ཤིང་། གདན་ཞུའི་འབྲེལ་བ་མེད་པར་བཟོས།

➤ཀུའེ་ཀྲོའུ་ལུང་ལི་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་དོན། ཚེས29ཉིན་གྱི་ཐོ་རེངས་སུ་ཀུའེ་ཀྲོའུ་ཞིང་ཆེན་ཆན་ལྷོ་ཀྲོའུ་ལུང་ལི་རྫོང་ཁོངས་སུ་ཐོན་པའི་མི7རྐྱེན་ལམ་དུ་ཤོར་བའི་འགྲིམ་འགྲུལ་ལས་འཛོལ་དེ་བརྟག་དཔྱད་བྱས་པ་ལྟར་ན། ཁ་ལོ་བས་ཆང་འཐུང་ནས་རླངས་འཁོར་བཏང་བ་དང་། དེ་མ་ཟད་ཚད་ལས་བརྒལ་བའི་སྒོ་ནས་འགྲུལ་བཞུད་བྱས་འདུག

➤ཀྲུང་གོའི་ཚན་རིག་པས་སྣེ་ཁྲིད་ནས་སྤེལ་བའི“མིའི་ལུས་སྤྲི་དཀར་རྫས་གྲུ་ལམ་སྟོན་པའི་རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི”ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་ཡོད།

དོ་སྣང་།

图片

➤“ལག་པ་འཇུ་བ་དང་འཐམ་འཁྱུད། པང་དུ་སྡོད་པ་བཅས་བྱས་ཆོག” “ཁྱོད་ཀྱིས་ཚོང་ཁང་ལ་ལོ་ཚོད་བཤད་མི་དགོས་ལ། ང་ཚོས་ཀྱང་རང་འགུལ་ངང་འདྲི་མི་སྲིད”ཅེས་པ་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། བརྩེ་དུང་མྱོང་རོལ་བྱེད་པའི་འཁྲབ་གཞུང་རོལ་རྩེད་ཁ་ཤས“དགའ་རོགས་སྒྲིག་པའི་མྱོང་ཚོར”ལས་བརྒལ་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་འདེམས་བྱས་ནས་ཡིག་ཆ་བཀྲམ་དོན། ལས་ཀ་བྱེད་མཁན་གྱིས་གསལ་པོར་ཤེས་དགོས་པ་སྟེ། ཟུར་འདྲེད་ཀྱིས་མ་འོངས་པ་འདྲེད་མི་སྲིད་ལ། ཁ་ཕྱོགས་ནོར་ཚེ“གསོད་སྲིད་པ”ནི་ལས་རིགས་ཁོ་ན་ཡིན། ལྟ་སྐུལ་དོ་དམ་གྱི“སྟེམ་སྒོ”དམ་དུ་གཏོང་བ་དང་། གཉེར་སྐྱོང་གི་མཐའ་ཚད་སྲུང་བ། འགོག་སྲུང་སྲུང་ཡོལ་བརྟན་པོ་བསྐྲུན་པ་བཅས་བྱས་ཚེ་འཁྲབ་གཞུང་རོལ་རྩེད་གཞི་ནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་དང་། དྲང་ཕྱོགས་ཀྱི་རིན་ཐང་བརྒྱུད་སྤྲོད་བྱེད་པའི་བདེ་ཐང་རིག་གནས་རོལ་རྩེད་ལས་རྣམ་ཞིག་ཏུ་དངོས་འབྲེལ་འགྱུར་ཐུབ།

འཚོ་བའི་ཞབས་ཞུ།

4.png

➤གནམ་གཤིས། དེ་རིང་ཧེ་ལུང་ཅང་ཤར་རྒྱུད་དང་། ཅི་ལིན་ཤར་རྒྱུད། ལེའོ་ཉིང་ཤར་རྒྱུད། ཧྲང་ཧའེ། ཧུའུ་པེ། ཀྲེ་ཅང་བྱང་རྒྱུད། ཁྲུང་ཆིང་། ཡུན་ནན་ལྷོ་ནུབ་རྒྱུད། བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད། ཅང་ཧན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཧུའུ་པེའི་ལྷོ་རྒྱུད་དང་ནུབ་རྒྱུད། ཁྲུང་ཆིང་བྱང་ཤར་རྒྱུད། ཀུའེ་ཀྲོའུ་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཡོད།

图片

➤པེ་ཅིང་། ཚེས29ཉིན་ནས་བཟུང་པེ་ཧའེ་སྤྱི་གླིང་གི་གཡུ་རྩིའི་ཁང་སྤྱི་དམངས་ལ་སྒོ་ཕྱེ་ཡོད།

➤ཧྲན་ཞིས། ཡུན་ཀང་བྲག་ཕུག་ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས7ཉིན་བར་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་དུས་ཚོད་ཆུ་ཚོད6:30ནས18:00བར་ལེགས་སྒྲིག་བྱས་པ་དང་། ཆུ་ཚོད18:00གི་རྗེས་སུ་སྤ་སེ་ཞིབ་བཤེར་བྱེད་མཚམས་འཇོག་རྒྱུ་རེད།