网站无障碍
གསར་འགྱུར་གལ་ཆེན།
发布时间:2026年10月20日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  • རགས་རྩིས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)དུང་ཕྱུར1071071ཟིན་ལ། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས4.6%འཕར་ཡོད།

  • ད་ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ས་ལུའི་ཐོན་འབོར་ཁྱོན་ཏུན་ཁྲི17904ཟིན། དེ་ལོ་གོང་མ་ལས་ཏུན་ཁྲི78མང་དུ་ཕྱིན་ནས0.4%འཕར།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འདེགས་སྐྱོར་མངོན་གསལ་དོད་པོ་བྱུང་ནས། བཟོ་ལས་འཕྲུལ་མིའི་ཐོན་འབོར་དུས་མཚུངས་ལས29.1%འཕར།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ནར་མ་སོན་པའི་མིས་སྤྱོད་པའི་གྲངས་འབོར་མང་བ་དང་ནར་མ་སོན་པའི་ཚོགས་སྤྱིར་ཤུགས་རྐྱེན་མངོན་གསལ་དོད་པོ་ལྡན་པའི་དྲ་རྒྱའི་ལས་སྟེགས་ཞབས་ཞུ་མཁོ་འདོན་བྱེད་མཁན་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་མགོ་ཚུགས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་གཞུང་དོན་ཁང་གིས་བསམ་འཆར་པར་འགྲེམས་བྱས་ནས། དུས་ཐེངས་གོང་མའི་ལས་གྲྭའི་རབ་འབྱམས་འབུམ་རམས་པས་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་སློབ་གནས་རེ་ཞུའི་རྨང་གཞིའི་ཐོག་ཆེད་ལས་སློབ་གནས་རིགས5ཚོད་ལྟ་སྔོན་ལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་མཐའ་མཚམས་ཀྱི་རྒྱལ་ལམ219དང331 མཚོ་རྒྱུད་ཀྱི་རྒྱལ་ལམ228བཅས་ཀྱི་སྐམ་སའི་བགྲོད་ལམ་ཕྱོགས་ཡོངས་ནས་ཤར་གཏོང་བྱས་ནས། རྒྱལ་ཁབ་ཀྱི་མཐའ་མཚམས་དང་མཚོ་རྒྱུད་དུ་ཤར་གཏོང་ཐུབ་པའི“ཕྱི་སྐོར་ཆེན་མོ”ཞིག་ཆགས་པར་བྱ་རྒྱུ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་རང་རྒྱལ་གྱི་ནུས་གསོག་འཕྲུལ་འཁོར་གསར་པའི་གློག་འདོན་ཚད་རིམ་རྩིས་བྱས་ན་ཆན་ཝ་དུང་ཕྱུར1.53ལས་བརྒལ། དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་འགོར་ལས་ལྡབ50འཕར་ཡོད།

  • རང་རྒྱལ་ཚོང་དོན་པུས་མི་མེད་གནམ་གྲུ་དང་འབྲེལ་བ་ཡོད་པའི་དངོས་ཟོག་ཕྱིར་གཏོང་དོ་དམ་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་པར་ལན་བཏབ། ད་ཐེངས་ཀྱི་བྱེད་ཐབས་དང་འབྲེལ་བ་ཡོད་པའི་མི་མེད་གནམ་གྲུའི་འབྲེལ་ཡོད་དངོས་ཟོག་རྣམ་གྲངས་ལ་དམག་དམངས་གཉིས་སྤྱོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་བྱེད་ཐབས་ལེགས་སྒྲིག་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ཁྱབ་མཆེད་སྔོན་འགོག་སོགས་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་པ་ཡིན།

  • ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་པུས་བརྡ་ཁྱབ་བཏང་བར་གཞིགས་ན། རྒྱལ་ཁབ་དེར་གཏན་འཁེལ་བྱུང་བའི་སྤྲེལ་འབྲུམ(Mpox)ནད་དཔེ4མང་དུ་ཕྱིན་པ་དང་། ད་ལོ་ཚུན་ཚོད་ལྟ་ཁང་གིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་གཏན་འཁེལ་བྱས་པའི་ནད་དཔེ་རིམ་རྩིས་བྱས་ན26བར་མང་དུ་ཕྱིན་ཡོད།

སྤྱི་ཚོགས།

  • ཚེས21ཉིན་གྱི་ཞོགས་པའི་དྲོད་ཚད་དམའ་ཤོས0℃ཐིག་ལྷོ་ཕྱོགས་སུ་དེད་ནས་ཧྲན་ཞིས་དབུས་རྒྱུད་དང་། ཧྲན་ཞིས་ལྷོ་རྒྱུད། ཧོ་པེའི་བྱང་རྒྱུད་བཅས་སླེབས་པ་དང་། བྱང་ཕྱོགས་ཀྱི་དྲོད་ཚད་དམའ་ཤོས་དེ་ལོ་སྨད་ཀྱི་དམའ་ཤོས་སུ་སླེབས་རྒྱུ་དང་། ཐའེ་ཡོན་དང་དབྱིན་ཁྲོན་གྱི་དྲོད་ཚད་དམའ་ཤོས་ཚང་མ་ལོ་སྨད་དུ་འཁྱགས་གཏོར་བྱེད་ཐེངས་དང་པོ་ཡིན།

图片1.png

  • ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བ་དང་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཚེས19ཉིན་ནས་བཟུང་ཀྲུང་དབྱང་ཡིག་ཚགས་ཁང་གིས་སྤྱི་ཚོགས་ལ་རྒྱང་སྐྱོད་ཀྱི་ཆེད་དོན་ཡིག་ཚགས་ཁག་གཅིག་གཅིག་སྡུད་ཐོག་སྒོ་ཕྱེ་ཞིང་ཁྱོན5000ལྷག་ཙམ་ཡོད།

  • སྨན་བཅོས་གུན་སྐྱོབ་དངུལ་ཁུག་གསར་བ་ད་ལོའི་ཟླ10པའི་ཚེས16ཉིན་ནས་བཟུང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་དང་དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་སོགས་ཚང་མར་དྲ་ཐོག་ཏུ་འཁོར་སྐྱོད་བྱས་ཤིང་། རྩིས་ཐོ་དེ་བས་ཁྱབ་ཁོངས་ཆེ་བའི་སྒོ་ནས་འབད་བརྩོན་ཐུབ་པ་བྱུང་ཡོད།

  • རང་བྱུང་ཐོན་ཁུངས་པུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀྲང་ཅན་ལུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཐོབ་ནས་ཕྱིར་འབུད་བྱས།

  • རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་ལས་འཛིན་དཔོན་གཞོན་པ་ཝང་ཝུན་ལིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ནས་ཏང་ཐོབ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།

  • ཀྲུང་གོ་མི་དམངས་འགན་བཅོལ་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཨུ་ཡོན་སྤྱི་ཁྱབ་གཞོན་པ་ཡུས་ཞའོ་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཐོབ་ནས་ཕྱིར་འབུད་བྱས།

  • སྐབས39པའི་ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་མིང་འདོན་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།《ཝན་ཐུང་ཧྲོ》དང《འཕུར་སྐྱོད་པ》《ནན་ཅིང་པར་ལེན་ཁང》《ཨ་ཕྱི་ལ་བྲིས་པའི་མཛའ་ཡིག》《གསང་ཡིག》《ལྡིར་སྒྲས་རྣ་འོན》《མདུང་མི། རླུང་གིས་བྱེ་ཐང་བསླངས》བཅས་ལ་གཏམ་རྒྱུད་ཡག་ཤོས་གཟེངས་རྟགས་ཐོབ།

  • ཀྲུང་གོའི་འཁྱགས་རོམ་རྒྱ་མཚོ་བྱང་མའི་རྟོག་ཞིབ་ལས་འགན་ཐེངས16པ་སྒྲུབ་བཞིན་ཡོད་པའི“གླིང་སྣེའི་ཁུལ”རྟགས་ཅན་གྱིས་མིག་སྔར་རང་རྒྱལ་གྱིས་བཟོས་པའི་སྲུང་སྐར་དྲ་སྦྲེལ་བྱང་སྣེའི་མཁའ་ལམ་གྱི་ཆོག་འཐུས་ལས་སྒོ་ཅན་གྱི་བཀོལ་སྤྱོད་ཚོད་ལྟ་ལེགས་གྲུབ་ཟིན་ཡོད།

图片2.png

  • ཧྥུའུ་ཅན་གྱི་ལོ3ལ་སོན་པའི་བུ་མོ་ཞིག་གི་མགོ་འགོག་སྲུང་དྲ་བར་འཕྲོད་ཅིང་ལུས་པོ་མཁའ་དབྱིངས་སུ་དཔྱངས། བདེ་སྲུང་དང་སྡེ་ལས་མི་སྣས་ཉེན་ཁར་མི་འཛེམ་པར་འདེགས་སྐྱོར་བྱས་པ་དང་མེ་གསོད་མི་སྣས་འཕྲལ་མར་སྒོ་གཏོར་ནས་མཐར་ཕྲུ་གུ་བདེ་འཇགས་ངང་སྐྱོབ་ཐུབ་པ་བྱུང་།

དོ་སྣང་།

图片3.png

  • ཉེ་དུས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་གླེང་ཕྱོགས་དང་འབྲེལ་བ་ཡོད་པའི་ནག་ཚོགས་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ4གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ཤིང་། དྲ་དཔོན་ཁག་གཅིག་གིས“ཁེ་དབང་སྲུང་སྐྱོང་གི་ཕྱི་གོས”གྱོན་ནས“དྲང་བདེན་གྱི་མིང”ལ་བརྟེན་ནས་ཁེ་བཟང་ཟ་བའི་རྩལ་ལམ་མཚང་འབྱིན་བྱས། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་སྟེ། སྲོལ་རྒྱུན་གྱི་ནག་སྤྱོད་སྟོབས་ཤུགས་ཀྱི་གཏུམ་སྤྱོད་འཇིགས་སྐུལ་དང་བསྡུར་ན“མཉེན་དྲག”རྣམ་པའི་གླེང་ཕྱོགས་ཀྱི་མགོ་སྐོར་གཡོ་ལེན་དེ་རིགས་ལ་དེ་བས་ཀྱང་མགོ་སྐོར་རང་བཞིན་ལྡན། དྲ་ཐོག་ཏུ་རྣམ་པ་བཟོ་བ་དང་མཉེན་པའི་འཇིགས་སྐུལ་གྱི་དྲ་རྒྱའི་གླེང་ཕྱོགས་ཀྱི་མགོ་སྐོར་གཡོ་ལེན་བྱེད་པ་དེ་ངོ་བོའི་ཐོག་ནས་བཤད་ན་སྒྲིག་འཛུགས་ཡོད་པ་དང་ངན་ཇུས་སྔོན་འགོད་བྱས་པའི་ནག་སྤྱོད་ཉེས་གསོག་ཡིན་པས་བཅའ་ཁྲིམས་ཀྱི་དམར་ཐིག་ལ་ཐུག་ཡོད། ད་ཐེངས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་དཔེ་མཚོན་གྱོད་གཞི་གཅིག་སྡུད་ཐོག་དམར་འདོན་བྱས་པ་དང་འབྲེལ་ཡོད་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་པ་དེས་བརྡ་རྟགས་གསལ་པོ་བཏོན་པ་སྟེ། དྲང་བདེན་གྱི་ཕྱི་གོས་གྱོན་པ་དང་། རྒྱུག་ཚད་སྤྱད་དེ་བྱ་ངན་སྤེལ་བ། གླེང་ཕྱོགས་ལ་བརྟེན་ནས་ཁེ་བཟང་ཟ་བ་བཅས་ཀྱི་བྱ་སྤྱོད་སོགས་ལ་མཐར་ཐུག་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་ངེས་ཡིན་ལ། དྲ་སྦྲེལ་ནག་ཚོགས་ཉེས་གསོག་ལ་འཚོ་གནས་ཀྱི་བར་མཐོངས་མེད།

འཚོ་བའི་ཞབས་ཞུ།

图片4.png

  • གནམ་གཤིས། དེ་རིང་ནང་སོག་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ལེའོ་ཉིང་གི་ནུབ་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོངས་ས་དང་བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཧོང་ཧོའེ་ལྷོ་རྒྱུད་དང་། ཅང་ཧའེ། ཅང་ཧན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་པའི་ནང་ཨན་ཧུའེ་དབུས་རྒྱུད་དང་། ཧུའུ་པེའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་ཀྱི་ཡོད།

  • ཅང་ཞིས། གོང་ཚེས་ཉིན་ཅང་ཞིས་ཞིང་ཆེན་གྱི2027ལོ་འཁོར་གྱི་འདེམས་འཐེན་སློབ་མའི་མིང་ཐོ་འགོད་མགོ་ཚུགས་ཤིང་། སློབ་ཆེན83གྱི་ལོ་འདིའི་མཐར་ཕྱིན་སློབ་མར་ཕྱོགས་པ་དང་། ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ11པའི་ཚེས15ཉིན་གཏན་འཁེལ་བྱས།

  • བོད་ལྗོངས་ལྷ་ས། ལྷ་ས་གྲོང་ཁྱེར་གྱིས་ཁག་དང་པོའི“ལྷ་སའི་ཤེས་ལྡན་མི་སྣའི”ཁ་གསབ་དཔྱད་འདེམས་ལས་དོན་སྤེལ་མགོ་ཚུགས་པ་དང་། རྩེར་སོན་ཤེས་ལྡན་པ་དང་ཆིང་དབྱིན་ཤེས་ལྡན་པ་རིགས་གཉིས་བཀོད་སྒྲིག་བྱས་པ་ཁྱབ་ཁོངས་བདུན་ལ་ཁྱབ་པ་དང་། སྙན་ཞུ་འབུལ་མཚམས་འཇོག་པའི་དུས་ཚོད་ནི་ཟླ11པའི་ཚེས6ཉིན་ཡིན།