网站无障碍
གསར་འགྱུར་གལ་ཆེན།
发布时间:2026年10月27日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  • ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཚེས26ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཚབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་གནང་བ་མ་ཟད། 《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན(གྲོས་བསྡུར་མ་ཡིན)》ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཀྱང་གནང་བ་རེད། 

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད》ཀྱི་དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད། 

  • 《བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་སྲོལ་ཡིག》དེ2026ལོའི་ཟླ12ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

  • ཉེ་ཆར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་བཅའ་སྡོད་ལས་དོན་ལེགས་གྲུབ་བྱུང་ཞིང་། ཀྲུང་དབྱང་སྐོར་གཟིགས་ཚོ་ཆུང15ཡིས་སློབ་གསོ་པུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ31གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར512.2ཡིན་པ་དེ་དུས་མཚུངས་ལས1.2%འཕར་ཡོད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཟླ་མཇུག་བར། རང་རྒྱལ་གྱི་རླུང་གློག་དང་ཉི་ནུས་གློག་གཏོང་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར20.1ལ་སླེབས་ཡོད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་དུས་མཚུངས་ལས3.9%ཆག་ཡོད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ10ཚེས26ཉིན་སྤྱི་བསྒྲགས་སྤེལ་ནས། བུན་འཛིན་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱ་ཆེད། བུན་འཛིན་ཁྲོམ་རའི་དངུལ་མིན(BNSF)གྲངས་འབོར་ཆེ་བ་ཚུར་བླུས་དང་བརྗེ་རེས་སྟབས་བདེ་བསྐྲུན་རྒྱུའི་གཏན་འབེབས་བྱས་ཡོད། 

  • པར་ཙིར་གྱི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕངས་པའི་འབྲས་བུ་ས་གནས་དེ་གའི་དུས་ཚོད་ཚེས25ཉིན་གྱི་དགོང་མོ་ཡོངས་བསྒྲགས་བྱས་པ་དང་། ངལ་རྩོལ་བཟོ་པའི་ཏང་གི་འོས་མི་དང་ད་ལྟའི་ཙུང་ཐུང་ལུའུ་ལས་མུ་མཐུད་འགན་འཁུར་རྒྱུ་རེད། 

    སྤྱི་ཚོགས།

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2027ལོ་འཁོར་གྱི་གཞུང་ཞབས་པ་རྒྱུགས་བསྡུའི་དྲ་ཐོག་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་ལས་དོན་མཇུག་བསྒྲིལ་བ་དང་། ཐོབ་ཐང་ཞིབ་བཤེར་བྱས་པ་བརྒྱུད་རྒྱུགས་སྤྲོད་སློབ་མས་ཟླ11ཚེས1ཉིན་ནས་ཚེས6ཉིན་བར་མིང་ཐོ་འགོད་པ་དང་དངུལ་སྤྲོད་ཆོག་གི་ཡོད་པ་རེད། 

  • ཚེས26ཉིན་ནས་བཟུང་། ལྕགས་ལམ་གྱི12306དུད་སྣེ(དྲ་ཚིགས་ཚུད་པ)ལ“ཚོགས་པའི་སྤ་སེའི་ལས་སྒོའི་འབྲེལ་གཏུག་བྱེད་སྟངས་འདྲི་ཞིབ”ཀྱི་ནུས་པ་གསར་སྣོན་བྱས་ཡོད་པ་རེད། 

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་སོགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག“བཅུ་གཅིག་ཟུང”གི་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས། འཛད་སྤྱོད་པར་རིན་གོང་གཅོག་པའི་འཕྲུལ་སྣང་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། 

  • རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཉིན་ཤས་གོང2026ལོའི་དུས་ཚིགས་གཉིས་པའི་ཕུལ་བྱུང་དྲ་རྒྱའི་ལྟ་ཉན་ལེ་ཚན་འདེམས་སྒྲུག་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། བརྙན་ཐུང14བདམས་པ་རེད། 

  • 2026ལོའི་ཡ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཚེས25ཉིན་མཇུག་རྫོགས་པ་དང་། ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་ལ་སྐྱེས་པའི་ཚོགས་པ་དང་བུད་མེད་ཆ་གཅིག སྐྱེས་པ་ཆ་གཅིག བུད་མེད་རྐྱང་འཕེན་བཅས་རྣམ་གྲངས་བཞིའི་ཨང་དང་པོ་ཐོབ་ཡོད། 

8d17a8043d33a347b21a87433e4bba2f.jpg

  • འཛམ་གླིང་ལུས་སྦྱོང་ལེགས་སྐྱེས་འགྲན་བསྡུར་སྐབས54པ་ཚེས25ཉིན་མཇུག་བསྒྲིལ་ཅིང་། ཙོའུ་ཅིང་ཡོན་ལ་སྐྱེས་པའི་ཆ་གདང་གི་ཨང་དང་པོ་ཐེངས་ལྔ་པ་ཐོབ་པ་དང་། ཀྲང་ཆིང་དབྱིང་ལ་བུད་མེད་དོ་སྙོམས་ཤིང་གི་དངུལ་གྱི་རྟགས་མ་ཐོབ་པ་རེད། 

  • ཡུན་ནན་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས་བརྟན་སྐར་གྱིས་ཁྱུར་མིད་བཏང་ཡང“གསོན་པའི”རྒྱུ་སྐར་གསུམ་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་དཔྱད་རྩོམ་ཨ་རིའི《རྒྱལ་ཁབ་ཚན་རིག་ཁང་གི་རིག་གཞུང་དུས་དེབ》ཐོག་སྤེལ་ཡོད། 

  • ཨན་ཧུའེ་མངའ་ཁོངས་ཀྱི་ཧོའེ་པེ་ནས་པེང་པུའུ་བར་དང་། ཧོའེ་པེ་ནས་ཕུའུ་དབྱང་བར། ཁྲའོ་ཧུའུ་ནས་མཱ་ཨན་ཧྲན་བར་གྱི་གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་གསུམ་ཚེས26ཉིན་ཚོད་ལྟའི་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་གོང་ཤར་གཏོང་ཐུབ་པའི་གཉེར་སྐྱོང་ཆ་རྐྱེན་འཛོམས་རྒྱུ་རེད། 

  • མིག་སྔར་རང་རྒྱལ་གྱི་གསའ་ཁྱུའི་གྲངས་འབོར2013ལོའི2500ཙམ་ནས་ད་ཆའི5000བར་མང་དུ་ཕྱིན་ཡོད་པ་རེད། 

0124e51f80c0da98d8db2b036576e744.jpg

  • ཉེ་ཆར། ཧྲན་ཏུང་ཅི་ནན་གྱི་རླངས་འཁོར་ཆུང་ཆུང་ཞིག་ལ་ཚོད་འཛིན་མ་ཐུབ་པར་འགྲིམ་འགྲུལ་ལས་འཛོལ་ཐོན་ནས། ཁ་ལོ་བའི་དབུགས་གཏོང་ལེན་དང་སྙིང་ལྡིང་ཚད་གློ་བུར་དུ་མཚམས་བཞག་པ་དང་། ཉེན་ཁ་ཆེ་བའི་དུས་སུ། སྨན་ཁང་གི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བཟོ་པ་ཙུའོ་ཁའེ་ཡིས་དཔའ་ངར་ཆེར་བསྐྱེད་ཀྱིས་ཁ་ལོ་བར་གློ་སྙིང་སླར་གསོ་བྱས་ཏེ། མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ་རྗེས་ཁ་བྲལ། མིག་སྔར་ཁ་ལོ་བ་སྐྱོབ་བཅོས་བྱས་པ་བརྒྱུད་བདེ་འཇགས་སུ་གྱུར་ཡོད། 

    དོ་སྣང་། 

3607951e6b6a5e732d0a0f0620d5122b.jpg

  • ཉེ་ཆར། སི་ཁྲོན་གཡག་རྔ་ཡི12345ཐད་སྦྲེལ་ཁ་པར་ཐོག“ལུགས་མཐུན་ངང་བློ་ཡིད་མི་ཚིམ་པའི་མངགས་ཐོ་ཡོད་ཆོག་པའི”ཐད་དོ་ཁུར་ཆེན་པོ་བྱུང་ཡོད། མི་དམངས་ཚ་གཏམ་གྱིས་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། “བློ་ཡིད་མི་ཚིམ་པ”བྱེད་ཆོག་པ་ནི་མང་ཚོགས་དངོས་གནས་བློ་ཡིད་ཚིམ་པའི་ཆེད་དུ་ཡིན། དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་སྣ་མང་ཅན་གྱི་གདེང་འཇོག་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མང་ཚོགས་ཀྱི་བསམ་འཆར་ཕྱོགས་ཡོངས་ནས་མངོན་པ་བྱ་དགོས་ལ། འབྲེལ་ཡོད་སྡེ་ཁག་གིས་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་ལྕག་བཏང་ནས། 12345ཐད་སྦྲེལ་ཁ་པར་དེ་དོན་དངོས་ཐོག་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་འབྲེལ་མཐུད་ཀྱི་ཟམ་པར་ཕྱིར་ལོག་ཐུབ་པ་བྱ་དགོས། 

    འཚོ་བའི་ཞབས་ཞུ།

96137fd37d07a6ed613953a945682c33.jpg

  • གནམ་གཤིས། དེ་རིང་ཞིན་ཅང་ནུབ་རྒྱུད་རི་ཁུལ་དང་མཚོ་སྔོན་ཤར་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ནང་སོག་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཅི་ལིན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། དེའི་ནང་ཧེ་ལུང་ཅང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཡོད། ཀུའེ་ཀྲོའུ་ཡི་དབུས་ནུབ་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ལ། དེའི་ཁྲོད་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་སུ་དྲག་ཆར་འབབ་རྒྱུ་རེད། 

  • ཕྱིར་སྐྱོད། པེ་ཅིང་ནས་ཐོན་པའི་སྐྱིད་སྣང་དོད་པའི་གནས་སྐོར་མེ་འཁོར་ཐོག་མ་སྟེ“ཞིན་ཏུང་ཧྥང·ཞ་ཁེ་རྟགས་ཅན”དེ་ཟླ12ཚེས22ཉིན་པེ་ཅིང་འབབ་ཚུགས་ནས་ཐོན་ཏེ། བྱང་ཤར་དུ་ཉིན10དང་དགོང་མོ9ཡི་གངས་འཁྱག་རིག་གནས་གནས་སྐོར་བྱ་རྒྱུ་ཡིན་པ་རེད། 

  • ཨན་ཧུའེ་ཧོ་ཧྥེ། ས་གནས་དེ་གའི་ཐོག་ཁང་ཁྲོམ་རའི་སྲིད་ཇུས་གསར་པ་བཏོན་ནས། གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་གི“ཁང་པ་སྤྲད་ན་ལག་ཁྱེར་སྤྲོད་རྒྱུ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།