གསར་འགྱུར་གལ་ཆེན།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

➤ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་མན་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ་རེད།
➤ཞི་ཅིན་ཕིང་གིས་རྨ་ཆུའི་སྲུང་སྐྱོབ་བཅོས་སྐྱོབ་ལས་དོན་སྔར་ལས་ལེགས་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་སྟེ། སྲུང་སྐྱོབ་ཆེན་པོ་དང་མཐུན་སྦྱོར་ཆེ་བའི་རྣམ་པ་མུ་མཐུད་འཐུས་ཚང་དུ་བཏང་ནས། མ་ཡུམ་ཆུ་བོ་འདི་ཇེ་ཡག་ཏུ་འགྲོ་ཐུབ་པར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་།
➤ཟླ11པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུ་ཙུང་ཐུང་ཐེང་སེན་ཆིང་ཙི་ལ་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཏེ། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ55འགོར་བར་རྟེན་འབྲེལ་ཞུས་པ་རེད།
➤རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། གྷ་བོན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པུའུ་ལི་སི་ཁུ་ལུའོ་ཐེ་ཨེར་ཨོ་ལེ་ཅི་ཨེན་ཀུའེ་མས་ཟླ11པའི་ཚེས3ནས7བར་ཀྲུང་གོ་ལ་རྒྱལ་དོན་འཚམས་འདྲིར་གནང་རྒྱུ་རེད།
➤ཉེ་ཆར། 《ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་གནད་དོན་གལ་ཆེན་འགའ་ཐག་གཅོད་བྱ་རྒྱུའི་གཏན་འབེབས་ལག་བསྟར་བྱེད་ཕྱོགས་ཀྱི་ཀློག་དེབ》མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་བྱས་པ་དང་། 《ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གཏན་འབེབས་སློབ་སྦྱོང་དྲི་བ་བརྒྱ་པ》ཞེས་པ་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་དུ་དཔར་སྐྲུན་འགྲེམས་སྤེལ་བྱས།
➤རང་རྒྱལ་གྱིས་ཞིང་ལས་སྒྲིག་བཀོད་ས་ཞིང་བེད་སྤྱོད་ཐད་དྲང་ཕྱོགས་གསལ་ཐོ་བཏོན་པ་དང་། དེས་ས་གནས་འདེམས་པ་དང་གཞི་ཁྱོན། ཐོ་འགོད་སྙན་སེང་། ཐོ་འགོད། ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ནས་ཞིང་ལས་སྒྲིག་བཀོད་ས་ཆ་སྤྱོད་སྟངས་ལེགས་སྒྱུར་བྱ་རྒྱུ་རེད།
➤རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་ཚེས2ཉིན་རྒྱུན་གཏན་རྣམ་གྲངས་ཕྱི་དངུལ་བརྗེ་རེས་དོ་དམ་སྟབས་བདེ་ཅན་དུ་གཏོང་བའི་དོན་ཚན་ཁག་ཅིག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། སྲིད་ཇུས་གསར་པ་དེ་དག་སྤྱི་ཚོགས་ཡོངས་ལ་བསམ་འཆར་བསྡུ་ལེན་བྱས་པ་རེད།
➤ཚེས2ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྐྱེད་ཚད་བརྟན་པོ་དང་གྲངས་འབོར་འོས་འགུགས་བྱེད་ཐབས་སྤྱད་དེ་དུས་ཡུན་ཆུ་ཚོད་གཅིག་རིང་ཕྱིར་ཉོ་ཉོ་ཚོང་སྒོར་དུང་ཕྱུར5410སྤེལ་བ་དེས་རིམ་པ་དང་པོའི་ཉོ་འཚོང་ཚོང་བའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཡོད།
➤ཉེ་ཆར《2026ལོའི་དྲ་ཐོག་ཟས་རིགས་ལས་རིགས་ལྟ་ཞིབ》ཅེས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རྫོང་ཁོངས་ཁྲོམ་རར་དྲ་ཐོག་ཟས་རིགས་ཀྱི་གཞི་ཁྱོན་མགྱོགས་མྱུར་ངང་འཕར་བཞིན་ཡོད།
སྤྱི་ཚོགས།
➤ཚེས4ནས7བར། གྲང་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནང་སོག་དང་བྱང་ཤར་ས་ཁུལ། དེ་བཞིན་ཧྭ་པེ་ནས་ཅང་ནན་བྱང་ཕྱོགས་བཅས་སུ་བྱང་ནས་ལྷོ་རུ་དྲོད་ཚད་ཏུའུ4ནས8བར་མར་ཆག་རྒྱུ་ཡིན་པ་དང་། ས་གནས་ཁ་ཤས་ཀྱི་དྲོད་ཚད་ཏུའུ10ལྷག་ཙམ་མར་ཆག་རྒྱུ་རེད།
➤ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཡོངས་བསྒྲགས་བྱས་ཡོད་ཅིང་། དེའི་ནང་དྲ་རྒྱའི་ཐོག་ནས་མི་གཞན་གྱི་གསང་བ་བརྟོལ་ཏེ་ཕྱི་རུ་བཀྲམས་པ་དང་། "དགའ་ཞེན་ཚོགས་པ"ཡི་སྣང་ཚུལ་ངན་པ་ཚུད་ཡོད།
➤རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུ་ཡིས་བརྡ་ཁྱབ་བཏང་བ་ལྟར་ན། གཙོ་གནད་དྲ་རྒྱ་དང་བརྙན་ལམ་སྟེགས་བུ་ཁག་ཅིག་གིས་མུ་མཐུད་དུ"AIབཀོལ་ནས་བཟོ་བཅོས་བརྒྱབ་པར"དག་ཐེར་བྱས་ཏེ། སྒྲིག་སྲོལ་འགལ་བའི་བརྙན་ཟློས་ཁྲི1.1ལྷག་གཙང་སེལ་བྱས་པ་དང་། སྒྲིག་སྲོལ་འགལ་བའི་རྩིས་ཁྲ30ལྷག་ཙམ་བཀག་སྡོམ་བྱས།
➤ཚེས2ཉིན། སྤྱི་ལོ2026ལོར་རྒྱལ་ཡོངས་གསར་འགྱུར་ལས་སྒྲུབ་མི་སྣ་ཕུལ་བྱུང་བཅུ་བདམས་ཐོན་བྱུང་ནས་གསལ་བསྒྲགས་བྱས།
➤ཀོང་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔོན་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀུའོ་ཡུང་ཧང་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ལས་ཕྱིར་ཕུད།

➤ས་གནས་དེ་གའི་དུས་ཚོད་ཚེས2ཉིན། 2026ལོའི་ཏ་ཁ་གཞོན་ནུའི་ལུས་རྩལ་འགྲན་ཚོགས་མཚོ་འགྲམ་གྲུ་གཟིངས་འགྲན་སྡུར་མྱུར་རྒྱུག་མཉམ་བསྲེས་བུད་མེད་ཟུང་ལྡན་འགྲན་སྡུར་ཁྲོད། ཀྲུང་གོའི་འཐུས་ཚབ་པ་སུའུ་ཅུན་ཐའོ་དང་ལིའུ་ལི་ལི་ཡིས་གསེར་གྱི་རྟགས་མ་བླངས་ཏེ། ཀྲུང་གོ་འཐུས་མི་ཚོགས་པའི་ཏ་ཁ་གཞོན་ནུའི་ལུས་རྩལ་འགྲན་ཚོགས་ཐོག་གི་གསེར་གྱི་རྟགས་མ་ཐོག་མ་བླངས།
➤ཚེས2ཉིན། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་བའི"TIR+མྱུར་བགྲོད་ལྗང་མདོག་འགྲོ་ལམ"གྱི་དངོས་ཟོག་ཐོག་མ་དེ་ཧྲན་ཏུང་ཝེ་ཧྥང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་དངོས་སུ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། ཉིན7རྗེས་སུ་དམིགས་ཡུལ་མོ་སི་ཁོ་རུ་འབྱོར་རྒྱུ་རེད།
➤ཉེ་ཆར། ལོ3རིང་བསྒྱུར་བཀོད་རིམ་སྤོར་བྱས་པའི་ཀྲུང་གོའི་ལྕགས་རི་རིང་པོ་རྟེན་མཛོད་ཁང་ཡང་བསྐྱར་སྒོ་ཕྱེ་ཡོད།
➤ཀོང་ཞི་ཡིས་ཚེས7ཉིན"ཀུའེ་ཀྲོའུ་ཐུག་པ་འཐུང་བའི"བརྗོད་དོན་གཙོ་བོར་དམིགས་པའི་གནས་སྐོར་མེ་འཁོར་གཏོང་རྩིས་ཡོད་པ་དང་། མིག་སྔར་སྤ་སེ"ལྕགས་ལམ12306"གི་དྲ་ཚིགས་དངAPPཐོག་ནས་ཡོངས་བསྒྲགས་ངང་འཚོང་བཞིན་ཡོད།
དོ་སྣང་།
➤འཛེར་སྒྲ་ཚད་ལས་བརྒལ་མེད་ན་གཞན་ལ་རྙོག་དྲ་བཟོས་པ་ཡིན་ནམ། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རེབ་གསུམ་པའི་མི་དམངས་འདྲི་གཅོད་ལས་རོགས་གྱོད་གཞི་ཞིབ་བཤེར་ནང་ཞུགས་པའི་དཔེ་མཚོན་གལ་ཆེན་ཁྱབ་བསྒྲགས་བྱས་པ་དེས་ལན་གསལ་པོ་བཏབ་ཡོད་དེ། འཛེར་སྒྲས་གཞན་ལ་གནོད་སྐྱོན་བཟོ་བར་ངེས་པར་དུ་རྣ་འོན་པ་ལྟ་བུའི་སྒྲ་ཆེན་པོ་ཡིན་མི་དགོས། མི་དམངས་དཔྱད་བརྗོད་ཀྱིས་བསྟན་དོན། ཚོང་གཉེར་བྱེད་སྐབས་ཁྱིམ་མཚེས་ལ་བསམ་བློ་མང་ཙམ་གཏོང་བ་དང་། རྩོད་གླེང་བྱུང་ཚེ་དུས་ཐོག་ཏུ་འབྲེལ་གཏུག་གྲོས་མོལ་གྱིས་ཐག་གཅོད་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་འགན་འཁྲི་ནན་ཏན་བསྒྲུབས་ཏེ། "ཚད་གཞི་ལས་བརྒལ་མེད་པ"ཞེས་པ་ཁ་གཡོར་བར། ཐུན་མོང་གི་ཆ་ཆེ་ཤོས་བཙལ་ཏེ་གནད་དོན་སེལ་བ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ། འཚོ་བ་བརྟན་ལྷིང་ལ་འགན་སྲུང་བཅས་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་འོག་ནས་བློ་བདེ་བག་ཕེབས་ངང་ཚོང་རྒྱག་ཐུབ་པ་དང་། ཀླད་ནས་སེམས་ཁྲལ་མེད་པར་འཚོ་བ་རོལ་ཐུབ་པས་དེ་ནི་འཚོ་བའི་ཁྲོད་དུ་འབྱུང་འོས་པའི་འཆམ་མཐུན་ངོ་མ་ཡིན་ཟེར།
འཚོ་བའི་ཞབས་ཞུ།

➤གནམ་གཤིས། དེ་རིང་ཤིན་ཅང་ཨ་ལེ་ཐའེ་ས་ཁུལ་དང་། མཚོ་སྔོན་བྱང་རྒྱུད་དང་ཤར་རྒྱུད། ནང་སོག་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ས་ཆ་ཁ་ཤས་སུ་ཁངས་ཆུང་ནས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ས་གནས་ཁག་ཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ཁྲུང་ཆིང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲུའུ་ཡི་ཤར་བྱང་རྒྱུད། ཧོའེ་ཧོ། ཅང་ནན་གྱི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། ས་ཆ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།
➤ལས་ཞུགས། རྒྱལ་ཁབ་གཞི་གྲངས་ཚོགས་པས2027ལོའི་སྟོན་དུས་སློབ་རའི་ལས་མི་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ལས་མི་བསྡུ་བའི་ཁ་གཏད་ཡུལ2027ལོའི་སློབ་གྲྭ་ཆེན་མོ་ཁག་གི་མཐར་ཕྱིན་སློབ་མ(2025ལོ་དང2026ལོར་ལས་ཀར་ཚུད་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ)ཡིན།
➤སི་ཁྲོན། ཟླ11པའི་ཚེས1ནས་ཟླ11པའི་ཚེས30བར། པི་པང་གྲོག་རོང་དང་། ཨར་ལང་ཧྲན་ལ་པ་ཆུ་བོ། ཉིའུ་པེ་ཧྲན། ཏུང་ལ་རི་བོ་གྲོག་རོང་ཆེན་མོ་སོགས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་དགེ་རྒན་ཚོར་འཛུལ་སྒོ་དང་པོའི་རིན་པ་རྩ་ཆག་གཏོང་བ་དང་། གནས་སྐོར་བས་ཐད་ཀར་མཛེས་ལྗོངས་ཁུལ་གྱི་སྒོ་ནས་ལག་ཁྱེར་བསྟན་ཏེ་ལྟ་སྐོར་དུ་བསྐྱོད་ཆོག