ཀྲུའུ་ཀུ་ཡུས་ཅེས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་རྟོག་འཇལ་ལྟེ་གནས་དང་མཚོ་སྔོན་པོ་རུ་ཞིབ་དཔྱད་གནང་བ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ11པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ་ཀྲུའུ་ཀུ་ཡུས་ཅེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་རྟོག་འཇལ་ལྟེ་གནས་དང་མཚོ་སྔོན་པོ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཅས་སུ་ཕེབས་ཏེ་ཞིབ་དཔྱད་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་ལྟར། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་བདག་སྲུང་པ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འབད་པ་ཆེན་པོས་སྐྲུན་དགོས།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་རྟོག་འཇལ་ལྟེ་གནས་སུ་ཕེབས་ནས། ཀྲུའུ་ཀུ་ཡུས་ཅེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་འབྲེལ་ཡོད་ཀྱི་སྙན་ཞུར་ནན་ཏན་གྱིས་གསན་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་བདག་སྲུང་པར་བརྙན་ལམ་སྐུད་འབྲེལ་གནང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ལ་བཀའ་འདྲི་ཟབ་མོ་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གདེང་ཚོད་བརྟན་པོ་ཡོད་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བརྟན་པོར་ལེན་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཐིག་དང་དམར་ཐིག་མཐའ་གཅིག་ཏུ་བརྟན་པོར་བསྲུངས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོར་རྩིག་དགོས།

མཚོ་སྔོན་པོ་ཁེ་རམ་ཐང་དུ། ཀྲུའུ་ཀུ་ཡུས་ཅེས་ཡུལ་དངོས་སུ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་གནང་སྟེ་ནན་གྱིས་བསྟན་དོན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་ལག་ལེན་དུ་འདེབས་པ། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་དང་འཚམ་པར་བྱེད་པ། རང་བྱུང་སྲུང་སྐྱོབ་བྱེད་པ། མཚོ་བོད་མཐོ་སྒང་དྲོད་འགྱུར་གྱིས་ཆུའི་ཁོར་ཡུག་དང་ཆུའི་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཕྱོགས་བསྡུས་རྨང་གཞི་ཞིབ་འཇུག་ལ་ཤུགས་སྣོན་པ། “ཆུ་དང་རྩྭ། ཉ། བྱ། གཅན་གཟན”བཅས་མཉམ་འཚོའི་སྐྱེ་ཁམས་མ་ལག་སྔར་ལས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་དཔེ་སྟོན་ཁུལ་གསར་སྐྲུན་ལ་སྤྱི་འདོམས་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།
ཞིབ་དཔྱད་སྐབས་སུ། ཀྲུའུ་ཀུ་ཡུས་ཅེས་མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་ཕེབས་པ་དང་། ཡུལ་དངོས་སུ་སྡེ་བའི་ཕྱིའི་རྣམ་པ་དང་གཞི་རིམ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སྡེ་མི་བསོད་ནམས་ཚེ་རིང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་ཕེབས་པའི་བདེ་སྐྱིད་དུས་སྐབས་ལ་ཕྱིར་དྲན་གནང་བ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བདག་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་གནང་ནས། ཚང་མས་བཀའ་མངགས་ཟབ་མོ་ཡིད་ལ་དམ་པོ་འཛིན་པ་དང་བཀའ་དྲིན་དྲན་བཞིན་འབད་འཐབ་བྱེད་པ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་ཡུལ་བསྟུན་ཇུས་བསྟར་སྒོས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དཔུང་བ་མཉམ་སྦྲེལ་སྒོས་མཉམ་སྐྲུན་བྱེད་དགོས་པའི་སྐུལ་ལྕག་གནང་།
ལིའུ་ཐའོ་མཉམ་དུ་ཞུགས། །