རྐང་ཚ་རྫོང་གིས་གཙོ་གནད་རྣམ་གྲངས་ཀྱི་ལས་སྒོ་བསྐྱར་འཛུགས་བྱེད་པའི་མཛད་སྒོ་བསྡུས།
རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་
ཟླ4ཚེས9ཉིན། རྐང་ཚ་རྫོང་གིས་ཁུལ་ཡོངས་དང་མཉམ་དུ2023ལོའི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ཐོག་ལས་མགོ་འཛུགས་པའི་མཛད་སྒོ་བསྡུས། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་ལས་མགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སྟག་ལྷ་ཡིས་གསུང་བཤད་གནང་།
ཁུལ་སྲིད་གཞུང་གི་དཔོན་གཞོན་པ་ཧ་ཝུན་ཞུག་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུན་ཏི་ཧྲིག རྫོང་དཔོན་གཞོན་པ་ལོ་བརྒྱ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧེ་ཞོན་བཅས་མགོ་ཁྲིད་བློ་མཐུན་དང་། རྫོང་ཁོངས་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་དང་། ལས་བྱེད་དང་ལས་བཟོ་བའི་འཐུས་མི། དེ་བཞིན་ཨར་ལས་སྡེ་ཁག་དང་ཨར་ལས་ལྟ་སྐུལ་དོ་དམ་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས། རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཅི་ཧྲི་བེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རྫོང་དཔོན་གཞོན་པ་རིན་ཆེན་གྱིས2023ལོའི་རྣམ་གྲངས་སྤྱིའི་གནས་ཚུལ་ཁྱབ་བསྒྲགས་གནང་།
སྟག་ལྷས་གསུང་བཤད་གནང་སྐབས་བསྟན་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་“དུས་ཚོད་དམ་འཛིན་བྱས་ནས་ལས་སྒོའི་མྱུར་ཚད་བརྩོན་ལེན་དང་། སླ་བཅོས་མི་བྱེད་པར་སྤུས་ཀ་འཛིན་པ། ནོར་འཕྱུགས་གཏན་ནས་མི་བྱེད་པར་བདེ་འཇགས་སྲུང་བ”བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ནས། “དུས་དང་རྣམ་པ་ཀུན་ཏུ་རྣམ་གྲངས་གཙོ་བོ་དམིགས་སུ་འཛིན་པ་དང་། ཡོད་ཚད་རྣམ་གྲངས་ལ་དམིགས་ཏེ་བྱ་བ་བསྒྲུབ་པའི”འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ། མྱུར་དུ“རྣམ་གྲངས་ཤུགས་ཆེར་དང་མགྱོགས་པོ་བསྒྲུབ་པའི”ཚ་རླབས་གསར་པ་འཕྱུར་བར་བྱས་ཏེ། རང་འགུལ་ངང་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་འཐབ་ཇུས་ལ་མཐུད་སྦྲེལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཧུར་ཐག་གིས་ཞུགས་ནས་ཆུ་ཚད་མཐོན་པོས་ཇུས་འགོད་དང་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས་པ་བསྟན།
ཨར་ལས་སྡེ་ཁག་གི་འཐུས་མི་དང་། ལྟ་ཞིབ་དོ་དམ་སྡེ་ཁག་གི་འཐུས་མི། ཨར་ལས་འཛུགས་བསྐྲུན་ཀྱི་འཐུས་མི་བཅས་ཀྱིས་སྲིད་གཙང་གི་དམ་བཅའ་དང་ཁོར་ཡུག་སྲུང་སྐྱོང་གི་དམ་བཅའ་བཞག་སྟེ་སྤུས་ཚད་དང་བདེ་འཇགས་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་དང་མ་མཐའི་ཚད་ཐིག་ཏུ་བརྩིས་ནས་ལས་ཡུན་དམ་འཛིན་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཕྱོད་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་སྤུས་ཚད་འགན་ལེན་བྱེད་པ་བཅས་བྱས་ནས་ཕུལ་བྱུང་གི་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུན་ཡིན་ཞེས་བསྟན།