རྐང་ཚ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་ཉིན་མོའི་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོའམ་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།
发布时间:2023年05月29日 消息来源:

རྐང་ཚ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་ཉིན་མོའི་བྱ་འགུལ་སྤེལ་མགོ་རྩོམ་པའི་
མཛད་སྒོའམ་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།  

     རྩོམ་སྒྲིག། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། མགོན་པོ་རབ་བརྟན།

 ཟླ5པའི་ཚེས24ཉིན།རྐང་ཚ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་དང་བླངས་ཞབས་ཞུ་ཉིན་མོ་སྤེལ་མགོ་རྩོམ་པའི་མཛད་སྒོ་དེ་རྫོང་ལས་བཟོ་པའི་རིག་གནས་ཐང་ཆེན་དུ་སྤེལ། དུས་མཉམ་དུ“རྒྱལ་ཡོངས་དབང་བོ་སྐྱོན་ཅན་རོགས་རམ་ཉིན་མོ”ཐེངས་སུམ་ཅུ་སོ་གསུམ་པའི་བྱ་འགུལ་སྤེལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཇམ་དབྱངས་སྟོབས་ལྡན་གྱིས་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་།རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲེན་ཞུའེ་ཆིང་གིས་ཤིས་ཚིག་ཕུལ། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའི་པའོ་ཞའོ་གཉིས་མཛད་སྒོར་ཞུགས།རྫོང་དཔོན་གཞོན་པ་མ་ཧྲེང་ལན་གྱིས་མཛད་སྒོར་མགོ་འཛིན་བྱས། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་རྩ་འཛུགས་དང་གཅེས་སེམས་མི་སྣ་རྣམས་མཛད་སྒོར་ཞུགས།

 ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ལ་དམིགས་པ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་དང་བླངས་སྟོབས་ཤུགས་རྒྱ་ཆེར་སྐུལ་སློང་བྱེད་པ། གཞི་རིམ་གྱི་གཡུལ་ས་དང་འཇོན་མིའི་ཐོན་ཁུངས་གཅིག་འདོམས་ཀྱིས་ཧྲག་སྡེབ་བྱེད་པ། དཔལ་ཡོན་རྐང་ཚ་འཛུགས་སྐྲུན་གྱི་བྱེད་ཐབས་གསར་གཏོད་བྱེད་པ་བཅས་ཀྱི་ཆེད་དུ། རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་ཟླ་རེའི་གཟའ་འཁོར་ཆེས་རྗེས་མའི་གཟའ་ལྷག་པ་ཉིན“རྐང་ཚ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུའི་ཉིན་མོར”གཏན་འབེབས་བྱས། 


  ཁྲེན་ཞུའེ་ཆིང་གིས་ཤིས་ཚིག་ཕུལ་ནས་བཤད་རྒྱུར། འབྲེལ་ཡོད་སྡེ་ཁག་དང་དང་བླངས་ཞབས་ཞུའི་རྩ་འཛུགས། རྒྱ་ཆེའི་དང་བླངས་པ་རྣམས་ཀྱིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩི་བ་དང་། ལའེ་ཧྥེང་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དང་བླངས་ཞབས་ཞུའི་ནང་དོན་ཕུན་ཚོགས་སུ་བཏང་ནས། འགུལ་སྐྱོད་དངོས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ། མང་ཚོགས་བཅས་ཀྱིས་རང་གི་ལས་རྐང་དུ་འབད་པ་བྱེད་པར་འབོད་སྐུལ་གཏོང་དགོས། རྫོང་ཡོངས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་སོ་སོ་དང་རྒྱ་ཆེའི་དང་བླངས་པ་རྣམས་ཀྱིས་མང་ཚོགས་ཀྱི་གང་བསམ་པ་དང་གང་དྲན་པ། གང་ལ་རེ་བ་དེར་དམིགས་ཏེ། སྤྲོ་བ་ཆེན་པོས་དང་བླངས་ཞབས་ཞུའི་དུས་རབས་རླབས་རྒྱུན་ནང་དུ་ཞུགས་པ་དང་། གསོལ་འབུལ་སྙིང་སྟོབས་དེ་འགན་འཁྲིའི་འདུ་ཤེས་དྲག་པོར་བསྒྱུར་བ། དང་བླངས་ཞབས་ཞུའི་ཉིན་མོ་རེ་རེའི་བྱ་བའི་ངར་ཤུགས་དེ་འགྱུར་མེད་ཀྱི་བསམ་པའི་འཁྱེར་སོར་བསྒྱུར་བ། ཞུགས་འདོད་དྲག་པོ་དེ་ཆུ་ཚད་མཐོ་བའི་ཆེད་ལས་ཞབས་ཞུར་བསྒྱུར་བ་བཅས་བྱས་ཏེ། གཅེས་སེམས་དགེ་སྒྲུབ་ཀྱི་རྒྱུན་འཛིན་པ་དང་དང་བླངས་ཞབས་ཞུའི་འདུ་ཤེས་ཀྱི་ཁྱབ་གདལ་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ལག་ལེན་པ་བཅས་བྱེད་པར་འབད་དགོས་ལ། མང་ཚོགས་ཀྱི་དགོས་མཁོ་གང་ན་ཡོད་ན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དེར་བསྲིངས་ནས། རྫོང་མཁར་དང་། ཞང་དང་གྲོང་རྡལ། སྡེ་བ(སྡེ་ཁུལ)བཅས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པའི་ཐད“དང་བླངས”ཀྱི་སྟོབས་ཤུགས་སྔར་ལས་མང་པོ་འབུལ་བ་དང་། དཔལ་ཡོན་རྐང་ཚ་འཛུགས་སྐྲུན་བྱེད་པའི“ནམ་ཡང་གཡའ་ལས་བྲལ་བའི་གཅུས་འཛེར”ཞིག་བྱས་ཏེ། མདོག་དཀར་དམར་གཉིས་ཀྱིས་གྲུབ་པའི་སྟོད་ཙེ་དེ་རྐང་ཚ་རྫོང་གི་ཆེས་མཛེས་པའི་ལྗོངས་ཁུལ་དུ་འགྱུར་དུ་འཇུག་དགོས།



 བྱ་འགུལ་སྤེལ་བའི་ཁྲོད། བྱ་འགུལ་དུ་ཞུགས་ཡོད་པའི་མགོ་ཁྲིད་པ་རྣམས་ཀྱིས་ཞང་དང་གྲོང་རྡལ་སོ་སོའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་རུ་དཔོན་རྣམས་ལ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་ཉིན་མོའི་དར་ཆ་སྦྱིན་པ་དང་། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན30ལ་རོགས་འདེགས་ཡོ་ཆས་སྦྱིན། རྫོང་སྲིད་འཛིན་ཅུས་ཀྱིས་བཅའ་ཁྲིམས་འདྲི་རྟོག་གི་བྱ་འགུལ་སྤེལ། རྫོང་མི་དམངས་སྨན་ཁང་དང་རྫོང་བོད་སྨན་ཁང་གིས་བདེ་ཐང་འོས་འགན་བརྟག་དཔྱད་བྱ་འགུལ་སྤེལ། རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་དྲིལ་སྒྲོག་བཤམས་པང་དང་འཕྲེད་ཡིག་འགེལ་བ་སོགས་ཀྱི་རྣམ་པས་དབང་བོ་སྐྱོན་ཅན་གྱི་ལུས་གསོ་སྲིད་ཇུས་དང་། སློབ་གསོ་ལས་ཞུགས་སྲིད་ཇུས། དབང་བོ་སྐྱོན་ཅན་ལ་དཔང་ཡིག་སྦྱིན་པ་སོགས་ཀྱི་དབང་བོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ནས། ཁ་ཐུག་ངོ་ཐུག་གིས་སྲིད་ཇུས་འདྲི་རྟོག་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས། བྱ་འགུལ་གྱི་ཡུལ་དངོས་སུ་དྲིལ་སྒོག་འཕྲེད་བྱང20བཀལ་བ་དང་། དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་དང་བདག་སྐྱོང་ཤེས་བྱའི་རྒྱུ་ཆ། དབང་བོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ཀྱི་ཤེས་བྱའི་དྲིལ་སྒྲོག་ཤོག་བུ200ལྷག་སྦྱིན། ཡུལ་དངོས་སུ་དབང་བོ་སྐྱོན་ཅན་གྱི་དྲིས་པའི་སྲིད་ཇུས་ཀྱི་དྲི་བ20ལ་ལན་བཏབ། མང་ཚོགས30ལྷག་ལ་འོས་འགན་བརྟག་དཔྱད་བྱས། བྱ་འགུལ་དེ་རྫོང་སློབ་གསོ་ཁོངས་གཏོགས་ཀྱིས་སྤེལ་བའི་མང་ཚོགས་རང་བཞིན་གྱི་ཐང་ཆེན་རིག་གནས་བྱ་འགུལ་གཟའ་འཁོར་གྱི་རིག་རྩལ་འཁྲབ་སྟོན་ཁྲོད་ནས་མཇུག་བསྡུས། 




 ཐེངས་འདིའི་བྱ་འགུལ་གྱིས“དང་བླངས་མདུན་མཆོང་བྱེད་པ་དང་ང་ཡིས་སྔོན་ལ་ཞབས་ཞུ་བྱེད”ཅེས་པ་འདུ་ཤེས་སུ་བཟུང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལས་བཟོ་པ། རིགས་སོ་སོའི་མང་ཚོགས་བཅས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱ་བའི་ནང་ཞུགས་ནས་སྔོན་ཐོན་དང་ཕུལ་བྱུང་བརྩོན་པར་འབད་དགོས་པའི་སྐུལ་འདེད་བཏང་བ་དང་། དབང་བོ་སྐྱོན་ཅན་དང་དམིགས་བསལ་དཀའ་ཁག་ཡོད་པའི་མང་ཚོགས་གཞན་པར་དོ་སྣང་བྱེད་པ། ལག་རྡང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་རོགས་སྐྱོར་དབུལ་སྐྱོབ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་པོ་ཞིག་ཆགས་སུ་བཅུག་པ་དང་། དུས་མཉམ་དུ། རྒྱུན་རྣམ་ཅན་གྱི་སྒོ་ནས“དང་བླངས་ཞབས་ཞུ་ཉིན་མོ”ཡི་བྱ་འགུལ་སྤེལ་ནས། སྣ་ཁ་མང་ཞིང་ནུས་པ་མངོན་གསལ་དོད་པ། ཁྱད་ཆོས་འབུར་དུ་ཐོན་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་དང་བླངས་ཞབས་ཞུ་རུ་ཁག་སྐོར་ཞིག་བཙུགས་ཤིང་འཐུས་ཚང་དུ་བཏང་ལ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཤུགས་རྐྱེན་རྒྱ་ཆེ་བ། མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་དང་བླངས་ཞབས་ཞུའི་བྱ་འགུལ་གྲགས་ཅན་སྐོར་ཞིག་བསྐྲུན་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དེ་སྔར་བས་མཐོ་བའི་ཆུ་ཚད་སླེབས་པར་འབད་པ་བྱས་ཏེ། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་དང་རིགས་སོ་སོའི་མང་ཚོགས་ཀྱི་རྒྱུ་སྤུས་མཐོ་བའི་འཚོ་བར་འགན་སྲུང་བྱས་དང་བྱེད་བཞིན་ཡོད།།