མཚོ་བྱང་ཁུལ་ཨུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་འཐབ་ཇུས་མཉམ་ལས་ལ་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བ།ཤ་བོ་སྐྱབས་དང་བསོད་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།
发布时间:2023年06月15日 消息来源:

མཚོ་བྱང་ཁུལ་ཨུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་འཐབ་ཇུས་མཉམ་ལས་ལ་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བ།    

     ཤ་བོ་སྐྱབས་དང་བསོད་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།

སྒྲིག་སྒྱུར། ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ6ཚེས12ཉིན། མཚོ་བྱང་ཁུལ་ཨུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་ནུབ་མཚོ་གྲོང་རྡལ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་བསོད་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའི་པུ་ཀྲང་གཡུ་སྒྲོན་མཚོ་ཡིས་མིང་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པ་ཨུ་ཁྲུང་རུང་དང་མཉམ་དུ《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝན་བཀྲ་ཤིས་དོན་གྲུབ་དང་། ཁུལ་སྲིད་གཞུང་གི་ཁུ་དཔོན་གཞོན་པ་ཧན་ཧྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།

   ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་སྒྲིག་གཞི་མཐོ་ཤོས་ཤིག་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་ལས་དོན་གཏིང་ཟབ་སྤེལ་བའི“བློ་འདོན་ཚོགས་པ”དང“བསམ་བློའི་མཛོད”ཅིག་ཡིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མཚོ་བྱང་ཁུལ་གྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་དང་། དམར་དམག་ནུབ་ལམ་དམག་གི་གཏམ་རྒྱུད་སྔོག་འདོན་ལེགས་སྒྲིག་བྱས་ཏེ་ནུབ་མཚོ་ཅུན་སོགས་གནའ་མཁར་གྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན། ཁུ་ནུ་རིག་གནས་དང་སྨོན་ལམ་མཐོན་པོའི་དམར་པོའི་རིག་གནས་སྔོག་འདོན་སོགས་ཀྱི་ཐད་ཆེད་ལས་མཛུབ་ཁྲིད་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་གསར་སྤེལ་དང་། 221རྟེན་གཞི་རྙིང་པ་སྲུང་སྐྱོབ་བཀོལ་སྤྱོད།  “མདོ་ལ་རི་བོའི་དམར་པོའི་རྟགས་ཐམ”དྲན་གསོ་ཁང་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རིག་སྟོབས་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱས་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་དམིགས་ཚད་ལ་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་སློབ་སྦྱོང་བྱེད་པར་ཡོང་བར་གདན་ཞུ་བྱས།
   བསོད་དོན་གྲུབ་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་དང་མཚོ་སྔོན་གྱི་ཐོན་ཁུངས་འབེལ་ཞིང་ས་མཐོའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་གལ་ཆེན་ཞིག་ཡིན་ལ་མཚོ་སྔོན་གྱི་བསམ་པའི་མཐོ་ས་གསར་པ་ཞིག་ཀྱང་ཡིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས“ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་གསར་གཏོད། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་གཞིར་བཟུང་། རིག་མཛོད་རྩེ་གྲ་དང་མཚོ་བྱང་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཐོག་ཆུ་ཚད་མཐོ་བའི་ཐབས་ཇུས་བློ་འདྲི་དང་།ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་བཅས་བྱས་ནས་རིམ་པ་མཐོ་བའི་རིག་གཞུང་གླེང་སྟེགས་སོགས་ཀྱི་ཐད་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་བསྟན།

   དེའི་རིང་ལ། བསོད་དོན་གྲུབ་འཁོར་དང་བཅས་པས་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་དང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ལ་ལྟ་སྐོར་བྱས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་དབྱང་ཧྲེང་གིས་མཉམ་དུ་སྨོན་ལམ་མཐོན་པོ་དང་སྒར་ཐོག་དགོན་པ། མཱ་ཕྱག་དགོན་པ། རྐང་ཚ་རྫོང་སོགས་སུ་ཕེབས་ནས་རྟོག་ཞིབ་བྱེད་སྒོ་སྤེལ།