ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“བདུན་གཅིག”ལ་འཚམས་འདྲིའི་བྱེད་སྒོ་སྤེལ་པ།
发布时间:2023年07月04日
消息来源:
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“བདུན་གཅིག”ལ་འཚམས་འདྲིའི་བྱེད་སྒོ་སྤེལ་པ།
སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
ཟླ7པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་བསྐྱོད་དེ་ཏང་ཡོན་རྒན་པ་དང་ཕུལ་བྱུང་ཏང་ཀྲི་པུའི་ཧྲུའུ་ཅིར་འཚམས་འདྲི་ཞུས་ནས། ཁུལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ལ་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་ལ་འཚམས་འདྲི་གནང་།

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་འཕན་པོ་སྡེ་བ་རུ་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་མགོན་པོ་དོན་འགྲུབ་ལ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་འཚམས་འདྲི་གནང་ལ། ཁོ་ཚོའི་འཚོ་བའི་གནས་ཚུལ་དང་བྱིས་པའི་སློབ་གསོ། ལས་ཞུགས་ཀྱི་གནས་ཚུལ། དེ་བཞིན་མིག་སྔར་ལྷག་པའི་དཀའ་ངལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ཁོས་སྡེ་མིའི་སྣེ་ཁྲིད་དེ་དབུལ་ཐར་འགག་སྒྲོལ་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མགོན་པོ་དོན་འགྲུབ་ཀྱིས་ཏང་ཡོན་རྒན་པ་དང་ཀྲི་པུའི་ཧྲུའུ་ཅི་རྒན་པའི་སྲོག་ཤིང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྡེ་བ་རིམ་པའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མུ་མཐུད་མང་དུ་གཏོང་བ། སྡེ་བ་རིམ་པའི་རྩ་འཛུགས་ལ་དངུལ་ཡོད་པ་དང་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་བཏང་སྟེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྔར་བས་སྟོབས་ལྡན་དུ་སྐྲུན་རྒྱུའི་རེ་བ་ཡོད་པར་བཤད་ལ། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱ་གཞིར་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སོ་སོ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དབུལ་པོ་བསྐྱར་ལོག་མི་འབྱུང་བ་དང་ལས་ཞུགས་ལས་གནས་མང་དུ་གཏོང་བ། སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་དམངས་འཚོའི་དོན་ཆེན་མུ་མཐུད་ཡག་པོར་སྒྲུབ་དགོས་ཤིང་། ཐང་ག་དང་འཚེམ་དྲུབ། རྟ་སྒ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་རྡུང་ལེན། ལ་གཞས། ཆང་གཞས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱིས་རྟ་རྒྱུག་དང་གཡག་ཞོན། དེ་བཞིན་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སོགས་མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་བླང་བྱ་བཏོན།

མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་ལྷོ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཕིན་གྱི་ཁྱིམ་དུ་ཀྲང་ཧྲིང་ཡོན་གྱིས་དེའི་བྱ་བ་སྒྲུབ་ཚུལ་དང་སྡེ་ཁུལ་དོ་དམ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། སྡེ་ཁུལ་འཛུགས་སྐྲུན་གྱི་བསམ་ཕྱོགས་དང་བྱ་ཐབས། བསམ་འཆར་གྲོས་གཞི་བཅས་ལ་གསན་པ་དང་འབྲེལ་ཁོ་མོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྡེ་ཁུལ་འཕེལ་རྒྱས་གཏོང་བའི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། སྡེ་ཁུལ་ནི་མང་ཚོགས་དང་སྲིད་གཞུང་གི་སྦྲེལ་ཟམ་ལྟ་བུ་ཡིན་པས་སྔོན་ལ་ཞབས་འདེགས་ཞུ་བ་དང་། དྲིལ་སྒྲོག་ཧུར་ཐག་བྱེད་པ། སྲིད་ཇུས་ཁྱབ་སྤེལ་བྱེད་མཁན་ཡག་པོ་བྱེད་པ་བཅས་བྱས་ཏེ་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་དང་དམངས་ཕན་བྱ་ཐབས་འཐབ་ས་དང་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་སྡེ་ཁུལ་གྱི་ཉམས་ཞན་ཚོགས་སྤྱིར་དོ་ཁུར་ཡག་པོ་བྱེད་པ། ཁོ་ཚོའི་རྒྱུན་གཏན་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ལ་སེམས་ཁུར་དང་ཐག་གཅོད་ཡག་པོ་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་དངོས་ཡོད་དཀའ་གནད་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱེད་དགོས། རང་རྟོགས་ངང་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། གནད་དོན་གནད་ལ་འཁེལ་བར་འཚོལ་བ། གནས་ཚུལ་གསལ་པོར་རྟོགས་པ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ཏེ་དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་སྐྱིད་ལྡན་པའི་བྱ་བའི་བྱེད་ཐབས་སྔར་ལས་མང་བ་འདོན་དགོས་ཤིང་། མང་ཚོགས་ཀྱི་བདེ་སྡུག་དང་གཞི་རིམ་གྱི“དོགས་གནད་དང་རྙོག་འཛིང་ཆེ་བའི་གནད་དོན”ལ་དམིགས་ནས་འགལ་ཟླ་དང་རྩོད་གཞི་ཧུར་ཐག་སྒོས་སེལ་ཏེ་སྡེ་ཁུལ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས་པར་བསྟན།
ཝང་ཡུང་ཁྲང་དང་། དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།
夏吾杰、张胜源开展“七一”走访慰问活动
7月1日,州委书记夏吾杰,州委副书记、州长张胜源,分别赴刚察县、海晏县走访慰问老党员、优秀党支部书记,向全州共产党员致以崇高敬意和节日问候。
在刚察县沙柳河镇潘保村,夏吾杰代表州委、州政府为村党支部书记公保东智送上党组织的关心与问候,详细了解其生活状况、子女接受教育和就业情况以及当前存在的困难问题,对其带领村民脱贫致富的工作成绩表示认可。希望公保东智继续发挥老党员、老支书“主心骨”作用,带领全体村民助推村级特色产业高质量发展,持续增加群众和村集体经济收入,不断提升村级组织有钱办事能力,进一步建强基层战斗堡垒。要求刚察县委、县政府持续以基层党建工作为抓手,贯彻落实好乡村振兴各项政策举措,持续做好防止返贫、增加就业岗位、提升教育水平等民生大事;加大对唐卡、刺绣、马鞍等手工艺制品和弹唱、拉伊、酒曲等非物质文化遗产的传承保护力度,在县、乡、村三级组织开展赛马、骑牛以及民俗体育运动会等群众喜闻乐见的文化活动,不断丰富农牧民群众业余文化生活。
在海晏县西海镇城南社区党支部书记张萍家中,张胜源详细了解其工作开展和社区管理情况,听取社区建设的思路举措和意见建议,并感谢她为服务群众、社区发展方面所做的贡献。指出,社区是联系群众和政府的桥梁,要靠前服务,积极宣传,当好政策的传播者,把上级党委、政府的方针政策、惠民措施贯彻落实到一线。要主动服务,关注好社区弱势群体,关心、解决好他们在日常生活中遇到的困难,用心用情解决好现实难题。要自觉问计于民、问需于民,把问题找准、把情况摸透、把对策提实,推出更多惠民生、暖民心的工作举措。要畅通居民群众诉求反映渠道,聚焦基层“疑难杂症”积极化解矛盾纠纷,有力提升社区治理质效。
王永昌以及州政府办公室和刚察县、海晏县政府主要负责同志分别陪同。