ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ངོ་བཅར་ལ་ཡོང་བའི་མང་ཚོགས་སྣེ་ལེན་བྱས་པ།
ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ངོ་བཅར་ལ་ཡོང་བའི་མང་ཚོགས་སྣེ་ལེན་བྱས་པ།
ཟླ9པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་བྱང་ཁུལ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་ངོར་བཅར་ལ་ཡོང་བའི་མང་ཚོགས་སྣེ་ལེན་བྱས།
ཡིག་སྐུར་ངོ་བཅར་སྣེ་ལེན་ཁང་དུ་ཤ་བོ་སྐྱབས་ཀྱིས་ངོ་བཅར་ལ་ཡོང་བའི་མང་ཚོགས་དང་ངོ་ཐུག་ནས་བསམ་བློ་བརྗེ་རེས་བྱས་ཤིང་། ངོ་བཅར་ལ་ཡོང་བའི་མང་ཚོགས་ཀྱི་གནས་ཚུལ་ཡར་ཞུ་དང་རེ་ཞུ་ལ་ཞིབ་ཏུ་ཉན་ནས། ངོ་བཅར་ལ་ཡོང་མཁན་གྱི་བྱ་བའི་བྱུང་ལུགས་བྱུང་སྟངས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། འབྲེལ་ཡོད་འགན་ཁུར་སྡེ་ཁག་དང་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་ཡུལ་དངོས་ནས་ཞིབ་འཇུག་གནད་དོན་སེལ་བའི་ཇུས་གཞི་བཏོན་པ་རེད།
ཤ་བོ་སྐྱབས་ཀྱིས་ཡིག་སྐུར་ངོ་བཅར་བྱ་བ་ནི“སྒོ་ཁར་བསྐྱལ་བའི་མང་ཚོགས་ཀྱི་བྱ་བ”ཞིག་དང་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཚད་མཐོའི་འགན་ཁུར་གྱི་འདུ་ཤེས་བཅས་ཀྱི་ཐོག་ནས་ཡིག་སྐུར་ངོ་བཅར་བྱ་བ་ཞིབ་ཚགས་དང་ཏན་ཏིག་སྒོས་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡིག་སྐུར་ངོ་བཅར་བྱ་བ་མཐུན་སྦྱོར་དང་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། རང་འགུལ་ངང་སྦྲེལ་མཐུད་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། གཉིས་ནས་ཆེད་དོན་འཛིན་གྲྭའི་རྣམ་པའི་ཐོག་ནས་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་འདུམ་འགྲིག་དང་ཐོན་མ་ཐག་ནས་ཐག་གཅོད་ཧུར་ཐག་བྱེད་དགོས། གསུམ་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྒྲུབ་གཉེར་ལས་ཕྱོད་ཆེ་རུ་གཏོང་དགོས་ལ། དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཏེ་མང་ཚོགས་ཀྱི་ཆེད་དུ“དོན་དག་ཐག་གཅོད”དང“སེམས་ཁྲལ”བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བཞི་ནས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ནས། མཉམ་འབྲེལ་ཚོགས་འདུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་སྐབས་སྲིད་ཇུས་ཀྱི་མ་ལག་དང་ཐབས་ཇུས་ཀྱི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ནས་ཡིག་བསྐུར་ངོ་བཅར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱས་ཏེ། “དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ”མཐའ་གཅིག་ཏུ་སྔོན་འགོག་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་གནད་དོན་གཙང་བཤེར་དང་གཏིང་གསལ་ཡོང་བར་སྐུལ་འདེད་གཏོང་དགོས། དྲུག་ནས་འགན་ཁུར་སྡེ་ཁག་གིས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་ཐུབ་པར་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་དོན་དག་གཏན་ནས་མི་འབྱུང་བ་བྱེད་དགོས་པར་བསྟན་ཞིང་། ངོ་བཅར་ལ་ཡོང་མཁན་གྱིས་ཐག་གཅོད་བྱས་འབྲས་ལ་བློ་ཡིད་ཚིམ་པ་དང་ཁུལ་ཨུའི་མགོ་ཁྲིད་ཀྱིས་སྐུ་དངོས་སུ་མཐུན་སྦྱོར་ངང་གནད་དོན་ཐག་གཅོད་བྱས་པར་ཐུགས་རྗེ་ཆེ་ཞུས།
州委书记夏吾杰接待来访群众
9月28日,州委书记夏吾杰到海北州社会治理综合服务中心接待来访群众。
在信访接待室,夏吾杰与来访群众面对面进行交流,仔细听取来访群众的情况反映和诉求,详细了解上访事项来龙去脉,与有关责任部门和企业负责人一起分析研究问题,现场研究提出化解方案。
夏吾杰指出,信访工作是“送上门来的群众工作”,是党和政府联系群众的桥梁纽带。全州各级各部门要深入学习贯彻习近平总书记关于加强和改进人民信访工作的重要思想,进一步提高政治站位,强化使命担当,以高度的责任感做细做实信访工作,解决好群众急难愁盼问题,推动主题教育走深见效。一要强化统筹协调,健全信访工作协调联动机制,主动对接、综合施策、形成合力。二要以专班形式化解重难点问题,努力将矛盾纠纷化解在基层、解决在萌芽状态。三要强化服务意识,提高办理效率,及时为群众排忧解难,真正做到为群众解“事结”、化“心结”,不断增强人民群众的获得感、幸福感和满意度。四要突出问题导向、目标导向、结果导向,善于运用法治思维和法治方式处理信访问题,发挥好联席会议作用,在解决问题中完善政策体系和决策流程,推动提升信访工作质效。五要力戒形式主义、官僚主义,坚决避免“新官不理旧账”,着力破解体制机制障碍,推进信访问题清仓见底。六要责任部门加强行业监管,加大执法力度,全力做好农民工工资支付保障工作,以务实作风保障群众合理合法诉求得到实质性解决,绝不能发生拖欠农民工工资事件。来访人员对处理结果表示满意,对州委领导亲自协调解决问题表示感谢。
随后,夏吾杰在州社会治理综合服务中心实地察看中心运行情况,听取相关工作汇报。州领导王永昌、韩石,刚察县政府主要负责同志、州信访工作联席会议办公室负责同志参加。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源:海北党务 文/海北州信访办 陈文龙 图/祁连山报社全媒体记者 李潇
责编:项吉当知
监制:杨本才让 总监制:刘增奎