རྟེན་འབྲེལ་ཞུ་ཡིག
发布时间:2023年10月07日
消息来源:
རྟེན་འབྲེལ་ཞུ་ཡིག
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ།
མཇུག་སྒྲིལ་མ་ཐག་པའི་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་སྤྱི་ལེ35ཡི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཁྱེད་ཀྱིས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་ཚང་མའི་རེ་བ་སྟོང་ཟད་དུ་མ་བཏང་པར་ཨང་དང་པོ་བླངས་ནས་ཀྲུང་གོའི་རུ་ཁག་ལ་སླར་ཡང་གསེར་གྱི་རྟགས་མ་ཐོབ་པ་དང་ཕ་ཡུལ་མཚོ་བྱང་གི་རིགས་སོ་སོའི་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་པ་ཐོས་ཡོད། འདི་ནས་ང་ཚོས་མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཁྲི28ཀྱི་ཚབ་བྱས་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་ཡིན།
ཁྱེད་ནི་ཀྲུང་གོ་བས་མགོ་བོ་ཡར་ལ་དགྱེ་སའི་གནས་མཆོག་སྟེ། མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་ནས་འཚར་ལོངས་བྱུང་པ་དང་ཁྱེད་ཀྱིས་ཁྱད་དུ་འཕགས་པའི་བློ་སྟོབས་དང་ཞུམ་མེད་ཀྱི་སྙིང་སྟོབས། ལྷད་མེད་ཀྱི་གཤིས་རྒྱུད་བཅས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་བསམ་བློ་དང་དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་ཏེ་མཚོ་བྱང་རྩྭ་ཐང་ནས་རྒྱལ་ཁབ་བརྒལ་ཞིང་ཡ་གླིང་དང་འཛམ་གླིང་ལ་བསྐྱོད་དེ་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཤིང་ཐེངས་གསུམ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པར་མ་ཟད། ཐེངས་འདིར་ཡང་ཡ་གླིང་ལུས་རྩལ་འགྲན་ཚོགས་ནང་བརྩོན་འགྲུས་ཆེན་པོས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཏེ། འདུར་རྒྱུག་འགྲན་བསྡུར་གྱི་རྣམ་གྲངས་ཐད་ཟམ་མི་ཆད་པར་རང་ཉིད་ལས་བརྒལ་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པའི་བསམ་པའི་ཉམས་འགྱུར་དང་རྩལ་འགྲན་གྱི་ཆུ་ཚད་མངོན་པར་བྱས། ཁྱེད་ཀྱིས་རང་ཉིད་ཀྱི་འདུར་རྒྱུག་འགྲན་བསྡུར་གྱི་ལུས་རྩལ་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་འབད་བརྩོན་ཧུར་ཐག་བྱས་པར་མ་ཟད། མཚོ་བོད་མཐོ་སྒང་གི་ལུས་རྩལ་པས་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ཡིད་ཆེས་བརྟན་པོ་ཡོད་པའི་ཉམས་འགྱུར་ཡང་མངོན་པར་བྱས་པས་ཕ་ཡུལ་གྱི་མི་དམངས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ཁྱེད་ནི་ང་ཚོའི་གཟི་བརྗིད་དང་སྤོབས་སེམས་ཡིན། ཁྱེད་ཀྱིས་ལུས་རྩལ་དོན་གཉེར་གྱི་ལམ་བུའི་ཐོག་ཏུ་ཡང་བསྐྱར་ཚད་གཞི་གསར་པ་དང་སྲོལ་གསར་གཏོད་དེ་སླར་ཡང་གྲུབ་འབྲས་བཟང་པོ་བླངས་ནས་ཕ་ཡུལ་དང་རྒྱལ་ཁབ་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ནས།
2023ལོའི་ཟླ10པའི་ཚེས4ཉིན།