ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་རུ་ལས་དོན་སྦྲེལ་མཐུད་བྱེད་དུ་ཕྱིན།
发布时间:2023年10月09日
消息来源:
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་རུ་ལས་དོན་སྦྲེལ་མཐུད་བྱེད་དུ་ཕྱིན།
ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།
ཟླ10ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་རུ་ཕྱིན་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའི་ཅུ་ཀྲང་ལི་ཞའོ་ནན་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་དེ་ནགས་ཚལ་དང་རྩྭ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་བཞུགས་མོལ་བརྗེ་རེས་བྱས།
ལི་ཞའོ་ནན་གྱིས་ཤ་བོ་སྐྱབས་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་མཚོ་བྱང་གིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་སྤུས་ཚད་མཐོར་གཏོང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་ཁས་ལེན་གནང་། དེ་དང་ཆབས་ཅིག་མཚོ་བྱང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྐྱེ་ཁམས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྟོབས་ལྡན་དང་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལས་རྣམ་བཟང་པོ་གསར་བཟོ་བྱས་པ་བཅས་ཕྱོགས་བཞིའི་ཐད་ནས་ཁུལ་སྟོབས་ལྡན་དང་དམངས་ཕྱུག་གི་འཐབ་ཇུས་གལ་ཆེན་ལ་སྐུལ་འདེད་ཡག་པོ་གཏོང་དགོས་པ་བསྟན། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་ཀྱང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་བསྟན།