རྐང་ཚ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི“བསོད་ནམས་གསོག་ས”བསྐྲུན་པ།
发布时间:2023年10月10日
消息来源:
རྐང་ཚ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི“བསོད་ནམས་གསོག་ས”བསྐྲུན་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་འགྲམ་དུ་ཡོད་པའི་རྫོང་མཁར་ཆུང་ཆུང་ཞིག་ཡིན། ཡུལ་དེའི་གཡའ་དག་པའི་ནམ་མཁའ་དང་སྔོ་ལྗང་ལྗང་གི་རྩྭ་ས། སྔོ་དྭངས་དྭངས་ཀྱི་མཚོ་མོ་བཅས་ནི་མཛེས་སྡུག་ལྟ་ན་སྡུག་པ་ཞིག་ཡིན། རྫོང་མཁར་ཆགས་ཡུལ་གྱི་འོམ་ཆུ་གྲོང་རྡལ་དུ་སོང་ན་ཐུན་མོང་མ་ཡིན་པའི་མཚོ་ངོགས་བོད་མཁར་གྱིས་སྣང་བ་ཐུན་མོང་མ་ཡིན་པ་ཞིག་སྦྱིན་ངེས།

འདི་ནི་རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་རེད། རྒྱུས་ལོན་པ་ལྟར་ན། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་བྱ་བ་བསྟུད་མར་གཏིང་ཟབ་ཏུ་སྤེལ་ཆེད། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོན་ཁུངས་ཧྲག་སྡེབ་བྱས་ཤིང་ལག་ན་ཡོད་པའི་བསྟི་གནས་བེད་སྤྱོད་གང་ལེགས་བྱས་ཏེ། རྐང་ཚ་རྫོང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་དུ་རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་བཙུགས།

རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས།

དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དུས་རབས་ཀྱི་དཔེ་ལེགས་ལྡེབས་རིས།

རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས།


ཉམས་ལེན་ཁང་དུ་སོང་ན། ཚན་རྩལ་གྱི་སྣང་བ་སྦྱིན་པའི་ཇུས་འགོད་དང་སྒྲིག་བཀོད་མིག་ལམ་དུ་མངོན་ཡོང་། བཤམས་སྟོན་གཙོ་བོ་རུ་རྐང་ཚ་རྫོང་གི་གནས་ཚུལ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་མཚམས་སྦྱོར་བརྙན་ལམ་དུ་སྟོན་བཞིན་ཡོད། བཤམས་ཁུལ་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཡུལ་འདིའི་དམངས་སྲོལ་བསྒྱུར་བཅོས་དང་ཡུལ་སྲོལ་དཔལ་ཡོན་གྱི་གྲོས་འདོན་ཡི་གེ་སོགས་ཀྱི་ནང་དོན་བཤམས་ཡོད། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དཔེ་ལེགས་ལྡེབས་ངོས་སུ་ཡུལ་དེ་རུ་བྱུང་བའི་དཔེ་མཚོན་མི་སྣ16གི་གནས་ཚུལ་བཀོད་ཡོད། བཤམས་ཁུལ་གྱི་བརྙན་ཤེལ་སྟེང་དུ་རྐང་ཚ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་མཚོན་རྟགས་དང་རྐང་ཚ་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་སྤྱི་ཁྱབ་རུ་ཁག་གི་དར་ཆ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་གི་གྱོན་ཆས་སོགས་ཀྱི་ནང་དོན་གཏོང་བཞིན་ཡོད། ད་རུང་དམངས་སྲོལ་བསྒྱུར་བཅོས་ཀྱི་དར་སྲོལ་གསར་པ་བརྗོད་པའི་བརྙན་རིས《བཀུར་བསྟི》དང་། རྐང་ཚ་རྫོང་གི་རབ་མཛེས་རང་བྱུང་མཛེས་ལྗོངས་མཚོན་པའི་བརྙན་རིས《ཁྱིམ་གཞིས》ཞེས་པ་ཡང་གཏོང་བཞིན་ཡོད། གསར་སྐྲུན་གསར་གཏོད་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བརྙན་རིས་རེ་རེས་མིག་ལ་ལོངས་སྤྱོད་གྱ་ནོམ་པ་སྦྱིན་པ་མ་ཟད་བག་ཆགས་ཟབ་མོ་བཞག་ནས་བསམ་པར་སྣེ་འདྲེན་ཀྱང་བྱེད་པ་ཞིག་རེད། །