སྒྲ་ལྡན། མི་འདི་དག་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ།
发布时间:2023年10月26日 消息来源:



                   མི་འདི་དག་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ།


              རྩོམ་སྒྲིག་པ། ཙཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

         མི་འདི་དག་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ།

图片




01

ལོ་ཚོད་ཅུང་མཐོ་བའི་མི། 

ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཁྲག་རྩའི་ངོས་རིམ་བཞིན་མཁྲེགས་པོར་འགྱུར་ལ། ཁྲག་ཤེད་ཀྱང་ལྟོས་བཅས་ཀྱིས་ཇེ་མཐོར་འགྲོ། དེ་བས་རྒན་པ་རྣམས་ནི་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་མཐོ་བའི་མི་ཚོགས་ཡིན། ཡིན་ནའང་ཉེ་བའི་ལོ་འདི་འགར་ན་གཞོན་རྣམས་ཀྱི་ཁྲག་ཤེད་མཐོ་བའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལོ་ན་རྒན་གཞོན་གང་ཡིན་རུང་། དུས་བཅད་ལྟར་རང་ཉིད་ཀྱི་ཁྲག་ཤེད་ཚད་འཇལ་བྱས་ཏེ། སྨན་པའི་ངག་བཞིན་འཚོ་བ་རོལ་སྟངས་སྙོམ་སྒྲིག་དང་སྨན་བཅོས་བྱས་ན་བཟང་། 

02

ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པ། 

ཁྲག་ཤེད་མཐོ་བ་ནི་ཚད་ངེས་ཅན་ནས་མི་རྒྱུད་དང་འབྲེལ་བ་ཡོད་པས། ཕ་མ་དང་གཉེན་ཉེའི་ཁྲག་ཤེད་མཐོ་ན། བུ་ཕྲུག་དང་གཉེན་ཉེ་གཞན་པར་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ་ཡིན། དེ་བས་ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་མི་ཡོད་ན་ཆུང་དུས་ནས་བཟུང་འཚོ་བའི་གོམས་གཤིས་ལེགས་པོ་ལོབ་ཏུ་འཇུག་པ་དང་། ཚྭ་མང་བ་དང་སྣུམ་ཆེ་བ། མངར་ཆེ་བའི་ཟས་ཉུང་བཟའ་བྱེད་པ། འོས་མཚམ་གྱི་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ཏེ་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། དུ་བ་གཅོད་པ་དང་ཆང་ལ་ཚོད་འཛིན་པ། སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་བཅས་བྱ་འོས། 


03

སྐྱེས་པ། 

སྐྱེས་པ་ནི་བུད་མེད་ལས་ཁྲག་ཤེད་མཐོ་སླ་ལ། ལྷག་པར་དུ་སྐྱེས་པ་དར་མ་དང་གཞོན་པ་རྣམས་ཀྱི་ཁྲག་ཤེད་མཐོ་སླ། དེ་ནི་ཕལ་ཆེར་ལུས་ཁམས་ཀྱི་ཁྱད་ཆོས་དང་འཚོ་བའི་གོམས་གཤིས། སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་སྟངས་སོགས་དང་འབྲེལ་བ་ཡོད་ངེས། དེ་བས་སྐྱེས་པ་རྣམས་ཀྱིས་རང་ཉིད་ཀྱི་སྙིང་དང་ཁྲག་རྩའི་བདེ་ཐང་ལ་མཉམ་འཇོག་བྱས་ཏེ། དུས་བཅད་ལྟར་ཁྲག་ཤེད་ཚད་འཇལ་བ་དང་དུས་ཐོག་ཏུ་སྨན་བཅོས་བྱ་འོས། 


04

ཚོན་པོ། 

ལུས་པོ་ཚོ་བ་ནི་ཁྲག་ཤེད་མཐོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ཚོན་པོ་རྣམས་ཀྱི་སྙིང་གི་ཁུར་པོ་ཇེ་ལྕི་དང་ཁྲག་རྩའི་འགོག་ཤུགས་ཇེ་ཆེར་སོང་ནས་ཁྲད་ཤེད་ཇེ་མཐོར་འགྲོ་བས། ཚོན་པོ་རྣམས་ཀྱིས་ངེས་པར་དུ་ཧུར་ཐག་གིས་ཚོ་བྱང་དུ་འཇུག་དགོས་པར་མ་ཟད། བཟའ་བཏུང་གི་གོམས་གཤིས་ལེགས་པོ་དང་འགུལ་སྐྱོད་རྒྱུན་འཁྱོངས་བྱ་དགོས། 


05

འཚོ་བའི་གོམས་གཤིས་ལེགས་པོ་མེད་མཁན། 

འཚོ་བའི་གོམས་གཤིས་ལེགས་པོ་མེད་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆེར་འགྲོ་ངེས། གལ་ཏེ་ཚྭ་དང་སྣུམ། ཀ་རའི་རིགས་སོགས་ཟ་ཚད་ཚད་ལས་བརྒལ་བ་དང་། འགུལ་སྐྱོད་མི་བྱེད་པ། དུ་བ་འཐེན་པ་དང་ཆང་མང་དུ་འཐུང་བ། ཡུན་རིང་ལ་སེམས་ཁམས་ལྷོད་ལ་འབབ་མི་ཐུབ་པ་སོགས་བྱས་ན་ཁྲག་རྩའི་ནུས་པར་གནོད་པ་དང་། ཁྲག་འཁོར་རྒྱུག་ལ་ངན་ཤུགས་ཐེབས་ནས། ཁྲག་ཤེད་ཇེ་མཐོར་འགྲོ་ངེས། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པ་ལྟར་ན། མི་རེའི་ཉིན་རེའི་ཚྭ་བཟའ་ཚད་ཁེ5ལས་ཉུང་དགོས་པ་དང་། ཚད་མ་ལོངས་པའི་ཚིལ་སྐྱུར་ཏེ་སྲན་ཆེན་གྱི་སྣུམ་དང་སྐྱུ་རུ་རའི་སྣུམ། ཁྲ་ཡིའུ་སྣུམ། རྩི་ཤིང་གི་སྣུམ། ཉའི་ཞག་ཚིལ་སོགས་ཇེ་མང་དུ་གཏོང་བ། ཚད་ལོངས་ཚིལ་སྐྱུར་ཏེ་ཕག་ཤའི་ཞག་ཚིལ་དང་མར་སོགས་ཉུང་བཟའ། དུ་བ་གཅོད་པ་དང་ཆང་ལ་ཚོད་འཛིན་པ། འགུལ་སྐྱོད་འོས་འཚམ། སེམས་ཁམས་ལྷོད་ལྷོད་བཅས་བྱ་དགོས་པར་འདུག དེ་བས་འཚོ་བ་རོལ་སྟངས་ལེགས་བཅོས་བྱ་རྒྱུ་ནི་ཁྲག་ཤེད་མཐོ་བ་སྔོན་འགོག་དང་སྨན་བཅོས་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་རེད། 

 



  注意啦!这些人容易患高血压 


01

年龄较大的人:

随着年龄的增长,血管壁会逐渐变硬,血压会相应升高。老年人是高血压的高发人群,但近年来高血压也越来越多地出现在中青年人身上。无论年轻还是老年,都应该定期监测自己的血压,并根据医生的建议进行合理的生活方式干预和药物治
疗。

02

有家族史的人:

高血压具有一定的遗传倾向,如果父母或近亲有高血压,那么子女或其他亲属也更容易患高血压。这类人群应该从小养成良好的生活习惯,避免过咸、过油、过甜的饮食,保持适度的运动,控制体重,戒烟限酒,减少精神压力等。

03

男性:

男性比女性更容易患高血压,尤其是中青年男性。这可能与男性的生理特点、生活习惯和社会角色有关。男性应该注意保护自己的心血管健康,定期检查血压,并及时就医。

04

肥胖者:

肥胖是导致高血压的重要原因之一,肥胖者的心脏负担增加,血管阻力增大,从而导致血压升高。肥胖者应该积极减肥,还要保持良好的饮食习惯和运动习惯。

05

不良生活方式者:

不良生活方式会增加高血压的患病风险,如过量摄入盐分、油脂和糖分,缺乏运动,吸烟,过量饮酒,长期精神紧张等。这些不良习惯会损害血管功能,影响血液循环,造成血压升高。目前世界卫生组织推荐每人每日食盐摄入量小于5g;要增加不饱和脂肪酸(如大豆油、橄榄油、茶油等植物油以及鱼油)和减少饱和脂肪酸(如猪油、黄油等)的摄入;戒烟限酒;适量运动;放松心情。因此,改善生活方式是预防和治疗高血压的关键措施之一。