ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ལ་འཕྲིན་ཡིག་བསྐུར།
发布时间:2023年11月07日 消息来源:

                           ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ལ་འཕྲིན་ཡིག་བསྐུར།

 རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འདེབས། ཚེ་བརྟན་བཀྲ་ཤིས།
ཞི་ཅིན་ཕིང་གིས་སྐབས་དང་པོའི“རྒྱུད་གཅིག་ལམ་གཅིག”ཚན་རྩལ་བརྗེ་རེས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བདེ་བླག་ངང་གཉེར་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་ཡོད། ཚན་རྩལ་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་ཞི་བདེ་མཉམ་ལས་དང་སྒོ་འབྱེད་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ལྟེ་བ་ཡིན་པའི་དར་གོས་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་སྐྲུན་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་ཚན་རྩལ་གསར་སྐྲུན་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕར་གནས་གསར་བའི་སྦས་ཤུགས་སྔོག་འདོན་དང་གསར་སྐྲུན་མཉམ་ལས་ཀྱི་སྦས་ཤུགས་སྐུལ་སློང་བྱས་ཏེ། གསར་སྐྲུན་རོགས་ཟླའི་འབྲེལ་བར་ཤུགས་སྣོན་དང་གསར་སྐྲུན་གྱི་གྲུབ་འབྲས་གསར་བས་སྔར་ལས་མང་པའི་རྒྱལ་ཁབ་དང་མི་དམངས་ལ་ཕན་ཁེ་བསྐྲུན་པར་སྐུལ་སྤེལ་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་ཚན་རྩལ་བརྗེ་རེས་ཚོགས་ཆེན་གྱི་བརྗོད་དོན་ནི་མཉམ་དུ་གསར་སྐྲུན་གྱི་བགྲོད་ལམ་བསྐྲུན་ནས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པ་དེ་ཡིན་ཞིང་། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་རོགས་སྒྲུབ་བྱས་པ་དང་། ཉིན་དེར་ཁྲུང་ཆིན་གྲོང་ཁྱེར་དུ་མགོ་བརྩམས། །