ཁུལ་འཕྲོད་བསྟེན་བདེ་ཐང་ཅུ་ཡི་ཀྲུའུ་རིན་པཱ་ཐར་དང་བཅས་པ་ངེད་སྨན་ཁང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།
ཁུལ་འཕྲོད་བསྟེན་བདེ་ཐང་ཅུ་ཡི་ཀྲུའུ་རིན་པཱ་ཐར་དང་བཅས་པ་ངེད་སྨན་ཁང་དུ་
བརྟག་ཞིབ་ཁྲིད་སྟོན་གནང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབབས། ཚེ་བརྟན་བཀྲ་ཤིས།
ཟླ11པའི་ཚེས13ཉིན་གྱི་ཕྱི་དྲོ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པཱ་ཐར་དང་བཅས་པ་ངེད་སྨན་ཁང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ལས་དོན་ལ་ཕེབས་པ་དང་། རྫོང་འཕྲོད་བསྟེན་བདེ་ཐང་ཅུ་ཡི་ཅུ་ཀྲང་ཀྲང་ཁྲོན་ལེན་དང་ཅུ་ཀྲང་གཞོན་པ་དར་རྒྱས་ཀྱིས་མཉམ་དུ་བརྟག་ཞིབ་གནང་།
བརྟག་ཞིབ་ཚོ་ཆུང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་སྙིང་ལྕགས་བསྟན་འཛིན་གྱི་ནད་གཞི་བརྟག་དཔྱད་ཁང་དང་། བོད་ལུགས་གསོ་རིག་རིག་གནས་དྲིལ་བསྒྲགས་རྟེན་གཞི། བོད་ལུགས་གསོ་རིག་སྨན་ལུམས་བརྗོད་དོན་རིག་གནས་འགྲེམས་སྟོན་ཁང། སྨན་ལུམས་གཙོ་གནད་ཚན་ཁག ནད་རྟགས་མི་མངོན་པའི་ཚན་ཁག་བཅས་སུ་གཏིང་ཟབ་སྒོས་བརྟག་ཞིབ་བྱས། འགྲོ་བ་དང་ལྟ་བ། ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་དང་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་། སྨན་པ་གྲགས་ཅན་གྱི་གསོ་རིག་ལས་དོན་ཁང་འཛུགས་སྐྱོང་བྱེད་པའི་ཕན་འབྲས་དང་འཁོར་སྐྱོད་གནས་ཚུལ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་དེ་བཞིན་བོད་སྨན་གྱི་སྦྱོར་རྟ་ནུས་པ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཟབ་མོ་བྱས།
པཱ་ཐར་ཀྲུའུ་རིན་གྱིས་བསྟན་དོན། སྨན་ཁང་གི་ལས་དོན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། བདེ་ཐང་གི་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་ཇེ་མཐོར་གཏོང་བ་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་བོད་ལུགས་གསོ་རིག་དང་སྨན་བཅོས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས་སྔོག་འདོན་དང་ལག་སྒྲིག་བྱས་ནས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པ་བྱས་ནས། མང་ཚོགས་ཀྱིས་སྤུས་ལེགས་དང་ཕན་འབྲས་ལྡན་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ནས། ཚད་གཞི་དང་སྤུས་ཚད་སྔར་ལས་མཐོ་བ་སྒོས། མི་དམངས་ཀྱིས་བློ་ཡིད་ཚིམ་པའི་རིམ་པ་གཉིས་པའི་སྨན་ཁང་དུ་བསྒྱུར་བར་ནུས་ཤུགས་གང་ཡོད་བཏོན་ཏེ། མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་ལེགས་པོ་བྱེད་དགོས།