རྐང་ཚ་རྫོང་གིས་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་བཅོ་བརྒྱད་བཏོན་པ། 
发布时间:2023年11月20日 消息来源:

རྐང་ཚ་རྫོང་གིས་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་

བྱ་ཐབས་ཁག་བཅོ་བརྒྱད་བཏོན་པ། 

ཚོད་ལྟའི་ལག་བསྟར།

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་དར་སྤེལ། དར་རྒྱས་བཅས་ཡོང་བ་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ། གྲོང་གསེབ་དར་སྤེལ་དང་མང་ཚོགས་འབབ་འཕར་ཡོང་རྒྱུར་རོགས་རམ་བཅས་བྱ་ཆེད། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཤམ་གསལ་གྱི་བྱ་ཐབས་ཁག་བཟོས་པ་འདི་ལྟ་སྟེ།
  
གཅིག མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ།

གཅིག)《རྐང་ཚ་རྫོང་ནོར་སྲིད་ཀྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་དོ་དམ་བྱ་ཐབསདང་། རྐང་ཚ་རྫོང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》(རྐང་ནོར་སྲིད་2021ཡིག་ཨང402པདངརྐང་ཚ་རྫོང་ཝུན་ལུའི་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་དོ་དམ་བྱ་ཐབས》(རྐང་སྲིད2023ཡིག་ཨང33པསོགས་ཀྱི་གཏན་འབེབས་གཞིར་བཟུང་། རྐང་ཚ་རྫོང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་དོ་དམ་མ་དངུལ་སྒོར་ཁྲི35དང་། གྲོང་གསེབ་དར་སྤེལ་གཏོང་བར་མ་དངུལ་སྒོར་ཁྲི300། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩར་སྒོར་ཁྲི15སྟེ་ཁྱོན་སྒོར་ཁྲི350ཡི་ཆེད་དོན་ཐེབས་རྩ་བཙུགས་ཏེ། མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་ནས་ལོ་རེ་བཞིན་ལེགས་སྒྲིག་བྱ་རྒྱུ།

གཉིསརྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཁྲིད་སྦྱོང་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སློབ་མར་རྩལ་ཁྲིད་དང་རྒྱུན་འཛིན་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་མཁན་གྱི་རྒྱུན་འཛིན་པར་ལོ་རེར་མི་རེར་རོགས་སྐྱོར་མ་དངུལ་སྒོར5000སྤྲོད་རྒྱུ།

གསུམམངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་རྒྱུ་དེ་ཁྲིམས་གཏན་འཁེལ་བའི་འཐུས་ཚབ་ཏུ་བྱེད་པའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་གཉེར་རྒྱུར་སྐུལ་ལྕག་བཏང་ནས་ལོ་འཁོར་གྱི་དཔྱད་ཞིབ་ཕུལ་བྱུང་རིགས་ལ་ཁེ་ལས་རེར་ལོ་རེར་བྱ་དགའ་སྒོར་ཁྲི2སྤྲོད་རྒྱུ།

བཞི)《རྐང་ཚ་རྫོང་གིས་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་དངA4རིམ་པའི་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཡོངས་ཁྱབ་འདེམས་བསྐོའི་ཇུས་གཞིགཞིར་བཟུང་སྟེ། མི་རིགས་ལག་ཤེས་བཟོ་རྩལ་གྱི་ཡོངས་ཁྱབ་འདེམས་བསྐོའི་འགྲན་བསྡུར་གྱི་ཨང་དང་པོ་ནས་གསུམ་པའི་བར་གྱི་མི་རིགས་ལག་ཤེས་སམ་ཡང་ན་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ལ་རིམ་པ་ལྟར་སྒོར་ཁྲི5དང་། སྒོར་ཁྲི3། སྒོར་ཁྲི2བཅས་ཀྱི་བྱ་དགའ་སྤྲོད་རྒྱུ།
  
ལྔ)《མཚོ་སྔོན་ཞིང་ཆེན་ཞིང་ཚོང་དངུལ་ཁང་གི་སྐར་མ་རིམ་པའི་དམངས་ཕན་དངུལ་བུན་དོ་དམ་བྱ་ཐབསདངམཚོ་སྔོན་ཞིང་ཆེན་ཞིང་ཚོང་དངུལ་ཁང་གི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་རིམ་པ་དཔྱད་བསྡུར་གྱི་ཡིད་རྟོན་དོ་དམ་བྱ་ཐབསསོགས་གཏན་འབེབས་གཞིར་བཟུང་ནས། མི་རིགས་ལག་ཤེས་བཟོ་རྩལ་པ་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་རྒྱུན་འཛིན་པར་ཁྲིམས་གཏན་འཁེལ་བའི་འཐུས་ཚབ་པའི་ཁེ་ལས་ལ་ཁྲོམ་རའི་སྐྱེད་ཚད(LPI)ཀྱི3.65%ཡི་ཚད་གཞི་ལྟར་དངུལ་བུན་གཏོང་བ་དང་། ཆེད་སྤྱོད་ཐེབས་རྩའི་ཁྲོད་ནས་དངུལ་བུན་གྱི་སྐྱེད་ཀ་ཚང་མ་གསབ་སྤྲོད་བྱ་རྒྱུ།

དྲུགའཕྲུལ་ཆས་སྣ་ཚོགས་ཀྱི་སྒྲིག་ཆས་ཉོ་སྒྲུབ་བྱེད་དགོས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་སྐྱེད་སྲིང་རྟེན་གཞིའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་ཀྱིས་ཟོག་དང་བལ་གྱི་ཐོན་རྫས་དང་། བོད་བཟོའི་སྲོལ་རྒྱུན་གྱི་པགས་ཚག་སོགས་ཀྱི་ཀོ་ཆས་དང་མ་ཎི་རྡོ་བརྐོས། འབུར་བརྐོས་སོགས་ཀྱི་ཐོན་རྫས་བཟོ་བར་རྒྱབ་སྐྱོར་བྱ་རྒྱུ།

གཉིས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ།
  
བདུནལོ་ལྟར་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་པ་དང་སྲོལ་རྒྱུན་གྱི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཁེ་ལས་ལ་རྟོག་ཞིབ་དང་སློབ་སྦྱོང་མ་མཐའ་ཡང་ཐེངས་རེ་བྱ་རྒྱུ།

བརྒྱདལོ་ལྟར་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་ཤེས་རིགས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་འགྲེམས་ཚོང་འགྲེམས་ཚོགས་སོགས་བྱེད་སྒོ་ཆེ་གྲས་ནང་ཐེངས་གཅིག་ལས་མི་ཉུང་བ་ཞུགས་རྒྱུ།

དགུརྩལ་ནུས་སྦྱོང་བརྡར་བྱེད་རྒྱུར་སྔར་བས་ཤུགས་བསྣན་ཏེ་རང་རྫོང་གི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏང་རྒྱུ།

1.ཞིང་ཆེན་དང་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས་རང་རྫོང་གི་བོད་རིགས་གྱོན་ཆས་དང་། སྣམ་བུའི་འཚེམ་དྲུབ་མ། སི་སྐུད་ཀྱི་ཐང་ག་སོགས་བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལོ་རེར་མི་ཐེངས་གཅིག་ལ་མི་དྲུག་བཅུ་ལས་མི་ཉུང་བ་གསོ་སྦྱོང་བྱེད་དགོས།
 
2.ལོ་ལྟར་མི་རིགས་ལག་ཤེས་བཟོ་ལས་ཀྱི་འབྲེལ་ཡོད་ཐོན་རྫས་གཉེར་སྐྱོང་དང་བྲིན་འཚོང་བྱེད་མཁན་ཤེས་ལྡན་པ་མི་ཐེངས་གཅིག་ལ་མི་བརྒྱ་ལས་མི་ཉུང་བ་གསོ་སྦྱོང་བྱེད་དགོས།

3.ལོ་ལྟར་བུད་མེད་མང་ཚོགས་ཀྱི་འཚེམ་དྲུབ་དང་། འཚེམ་བཟོ། ཁབ་བསླས་ལག་རྩལ་སོགས་ཀྱི་ཤེས་ལྡན་མི་སྣ་མི་ཐེངས་གཅིག་ལ་མི་ལྔ་བཅུ་ལས་མི་ཉུང་བ་གསོ་སྦྱོང་བྱེད་དགོས།

4.ལོ་ལྟར་དབང་པོ་སྐྱོན་ཅན་གྱི་འཚེམ་བཟོ་དང་། ཐང་ཀ རྡོ་བརྐོས་སོགས་ཀྱི་ཤེས་ལྡན་མི་སྣ་མི་ཐེངས་ཉི་ཤུ་ལས་མི་ཉུང་བ་གསོ་སྦྱོང་བྱེད་དགོས།

5.ལོ་ལྟར་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་སོགས་དང་འབྲེལ་བ་ཡོད་པའི་ཤེས་ལྡན་མི་སྣའི་རྩལ་ནུས་གསོ་སྦྱོང་མི་ཐེངས་སུམ་བརྒྱ་ལས་མི་ཉུང་བ་བྱེད་དགོས།

6.ལོ་ལྟར་གློག་རྡུལ་ཚོང་དོན་ཐད་གཏོང་ཟོག་འདྲེན་དང་། མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་ན་གཞོན་ཤེས་ལྡན་པ་མི་ཐེངས་གཅིག་ལ་མི་བརྒྱད་བཅུ་ལས་མི་ཉུང་བ་གསོ་སྦྱོང་བྱེད་དགོས། 

གསུམ། ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་ལ་རྒྱབ་སྐྱོར་བྱ་རྒྱུ།

བཅུལོ་ལྟར་ཞིང་ཆེན་ཕྱི་ནང་གི་མི་རིགས་ལག་ཤེས་བཟོ་རྩལ་པ་གྲགས་ཅན་རྫོང་དུ་ཡོང་ནས་མི་རིགས་ལག་ཤེས་བཟོ་རྩལ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་བརྗོད་དོན་ཡིན་པའི་ཞིབ་འཇུག་གྲོས་བསྡུར་སྤེལ་རེས་ཚོགས་འདུ་ཐེངས་རེ་སྤེལ་རྒྱུ།

བཅུ་གཅིགཞིང་ཆེན་ཕྱི་ནང་གི་ཕུལ་བྱུང་ཁེ་ལས་གདན་ཞུ་བྱས་ནས་ལོ་ལྟར་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་བལ་བཟོས་ཐོན་རྫས་དང་། ཀོ་བཟོས་ཐོན་རྫས། རྡོ་བརྐོས་ཐོན་རྫས་སོགས་མི་རིགས་ལག་ཤེས་རིགས་དང་སྲོལ་རྒྱུན་ལག་ཤེས་ཐོན་རྫས་རིགས་ཀྱི་ཐོན་རྫས་རིགས་ལྔ་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་བྱེད་དུ་འཇུག་རྒྱུ།   

བཅུ་གཉིསཐོན་རྫས་ཕྱིར་འཚོང་བྱེད་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ལྟར་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཐེངས་གཅིག་ལ་འཚོགས་ཏེ་ཁེ་ལས་ལ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་དང་། རང་རྫོང་གིས་སྐྱེད་སྲིང་བྱས་པའི་ཁེ་ལས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཡུལ་སྐོར་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཁྲོད་ཚོད་ལྟའི་འཁོར་ཁང་ནང་འདྲེན་བྱས་ཏེ་ཐོན་སྐྱེད་གཅིག་གྱུར་དང་། དྲིལ་བསྒྲགས་གཅིག་གྱུར། ཕྱིར་ཚོང་གཅིག་གྱུར་བཅས་བྱ་རྒྱུ་རེད། ཞེ་ཁྲེང་དང་། མེ་ཐོན། སྦྲང་རྩི། ཏུན་ཧོང་གི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དྲ་བ་སོགས་ཀྱི་ལས་སྟེགས་ནང་འདྲེན་བྱས་ཏེ་མཉམ་ལས་བྱས་ནས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། རྫོང་ཁོངས་ཀྱི་མྱུར་སྐྱེལ་ཁེ་ལས་དང་མཐུན་སྦྱོར་བྱས་ནས་ཁྲ་ཧྥ་ནས་ས་གནས་ཁག་ཏུ་བཏང་བའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་མྱུར་སྐྱེལ་གྱི་འགྲོ་གྲོན30%གཟིགས་སྐྱོང་བྱེད་པ། ལོ་ལྟར་གྱི་ཟླ8པར་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིགས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཚོགས་ཆེན་འཚོག་ནས་ཁེ་ལས་ཀུན་ལ་ཚོང་ལམ་འཚོལ་སྙེག་བྱ་རྒྱུ།
  
བཞི། རྨང་གཞིའི་ཆ་སྒྲིག་བྱེད་ཤུགས་ཆེ་རུ་གཏང་རྒྱུ།

བཅུ་གསུམའཛུགས་རྩིས་ཡོད་པའི་རྐང་ཚ་རྫོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རིགས་ཀྱི་སྲུང་སྐྱོང་དང་། མི་རིགས་ལག་ཤེས་བཟོ་ལས་ལས་སྣོན། རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ས་ཁོངས་ཆེད་མངགས་འཛུགས་རྒྱུ།

བཅུ་བཞིརྐང་ཚ་རྫོང་གི་མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་སུ་མི་རིགས་ལག་ཤེས་བཟོ་རྩལ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་ཁུལ། ཉམས་ལེན་ཁུལ། བྲིན་ཚོང་ཁུལ་བཅས་འཛུགས་རྒྱུ།

བཅོ་ལྔམི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་ཁེ་ལས་ཐོན་ལས་སྐྱེད་སྲིང་གླིང་དུ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནསརྐང་ཚ་རྫོང་གི་ལས་ཞུགས་རོགས་སྐྱོར་འཁོར་ཁང་གི་དཔྱད་ཞིབ་བྱ་ཐབསཀྱི་གཏན་འབེབས་ལྟར་སྒོར་ཁྲི20ལས་མི་ཉུང་བའི་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ།

ལྔ། ལྟ་སྐུལ་དོ་དམ་གྱི་མ་ལག་འཐུས་ཚང་དུ་གཏང་རྒྱུ།
 
བཅུ་དྲུགཐོན་རྫས་ཐོན་སྐྱེད་ཀྱི་རྒྱུ་ཆ་དང་། ལས་སྣོན་སྒྲིག་ཆས། ཐོན་རྫས་གྲུབ་མ། ཐོན་རྫས་ཀྱི་རིན་གོང་སོགས་དུས་འཁོར་ཧྲིལ་པོ་དང་ཁྱོན་ཡོངས་ལ་ཁྱབ་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ལ། ལོ་འཁོར་ནང་ཁྱོན་ཡོངས་ལ་ཁྱབ་པའི་ཞིབ་བཤེར་ཐེངས2ལས་མི་ཉུང་བ་བྱེད་པ་དང་། གཙོ་གནད་ཐོན་རྫས་ལ་འཐེན་བཤེར་ཐེངས4ལས་མི་ཉུང་བར་བྱས་ནས་ཐོན་རྫས་ཀྱི་སྤུས་ཀ་དག་ཅིང་ལེགས་པར་འགན་ལེན་བྱ་རྒྱུ།
  
བཅུ་བདུནའབྲེལ་ཡོད་ཚན་པས་རོགས་སྐྱོར་མ་དངུལ་གཏོང་སྤྲོད་བེད་སྤྱོད་བྱས་ཚུལ་དང་དེ་བཞིན་རྒྱུན་འཛིན་པར་བྱ་དགའ་ཁ་གསབ་དང་། ཞིབ་འཇུག་གསར་སྤེལ་གྱི་མ་འཇོག རྣམ་གྲངས་ཀྱི་རྒྱབ་སྐྱོར། རྩལ་ནུས་གསོ་སྦྱོང་སོགས་རིགས་ཁག་གི་མ་དངུལ་ལ་རྩིས་བཤེར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་འཁོར་རྩིས་བཤེར་ཞིབ་བཤེར་བྱེད་ཐེངས1ལས་མི་ཉུང་བ་བྱས་ཏེ་མ་དངུལ་ཁག་དམིགས་སར་འབྱོར་བ་དང་། ཆེད་དངུལ་ཆེད་སྤྱོད་བྱེད་པ། ཕན་འབྲས་ཐོན་པ་བཅས་བྱེད་པ། མི་བདེན་རྫུན་བསྒྲིགས་བྱས་ནས་བྱ་དགའ་དང་ཁ་གསབ་རོགས་དངུལ་གཡོ་ལེན་བྱེད་པ་དང་། ཁ་གསབ་རོགས་དངུལ་གཞན་སྤྱོད་བྱས་ན་ཁྲིམས་ལྟར་ཕྱིར་ལེན་བྱས་ནས། ལོ་གསུམ་ནང་བྱ་དགའ་དང་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་པའི་ཐོབ་ཐང་མེད་པར་བཟོས་ཏེ། ཉེས་པ་བསགས་པར་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ།

བཅོ་བརྒྱདབྱ་ཐབས་འདིའི་འགན་འཁྲི་ཁག་དོན་འཁྱོལ་བྱེད་པའི་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པར་མ་ཟད། ལས་འགན་ཁག་དོན་འཁྱོལ་བྱས་ཚུལ་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་ནང་བཅུག་ནས་དཔྱད་ཞིབ་བྱ་རྒྱུ།

དྲུག ཞར་བྱུང་དོན་ཚན།
བྱ་ཐབས་འདི་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ་དང་པར་འགྲེམས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན།