ཤ་བོ་སྐྱབས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ལ་རྟོག་ཞིབ་གནང་།
发布时间:2023年11月24日 消息来源:

ཤ་བོ་སྐྱབས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ལ་རྟོག་ཞིབ་གནང་།


  རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


 ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་རྒྱུར་མཐའ་སྐོར་ཏེ་རིག་གནས་བྱ་གཞག་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས། ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཁུལ་དཔེ་མཛོད་ཁང་། ཁུལ་རིག་གནས་ཁང་། མདེལ་གཉིས་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་བཅས་སུ་རྟོག་ཞིབ་གནང་།  

1.jpg

  ཁུལ་མི་རིགས་གླུ་གར་ཚོགས་པར་ཤ་བོ་སྐྱབས་སྒྲ་ལེན་ཁང་དང་སྦྱོང་བརྡར་ཁང་སོགས་སུ་བསྐྱོད་དེ་རིག་རྩལ་གསར་རྩོམ་དང་སྦྱོང་བརྡར་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད་འཁྲབ་སྟོན་མི་སྣའི་ཞབས་བྲོ་ནང་སྦྱོང་ལ་བལྟས། ཤ་བོ་སྐྱབས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་དཔྱད་གཞི་སྔོག་འདོན་གཏིང་ཟབ་བྱེད་པ། རྟ་རྩལ་རུ་ཁག་འཛུགས་རྒྱུའི་ཇུས་འགོད་ཧུར་ཐག་བྱེད་པ། ཕུན་སུམ་ཚོགས་པའི་དངོས་ལྗོངས་ཟློས་གར་འཚོལ་ཞིབ་དང་རྩོམ་སྒྲིག་བྱེད་པ། དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གར་སྟེགས་སྒྱུ་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཁག་ཅིག་ཧུར་ཐག་གིས་འདོན་པ། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྤེལ་བྱས་ཏེ་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱེད་དགོས། རིག་གནས་ལ་བརྟེན་ནས་གནས་སྐོར་སྐྲུན་པ་དང་གནས་སྐོར་ལ་བརྟེན་ནས་རིག་གནས་ལེགས་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྲོ་སེམས་འཁོལ་བ་དང་ཉམས་འགྱུར་ཐུན་མོང་མ་ཡིན་པའི་ཞབས་བྲོ་བརྩམས་ཆོས་ཁག་ཅིག་བཀོད་སྒྲིག་བྱས་ནས་མཛེས་ལྗོངས་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་སྤེལ་དགོས། ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་འཁྱུགས་དབྱངས་དང་མགྱོགས་འཕྲིན། བརྙན་ལམ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་བརྒྱུད་སྤེལ་ལེགས་ཆར་བརྟེན་ནས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱེད་དགོས་པ་ནན་བཤད་གནང་།

2.jpg

3.jpg

  ཁུལ་དཔེ་མཛོད་ཁང་དུ་ཤ་བོ་སྐྱབས་དཔེ་ཀློག་ཁང་དང་སྤྲོ་གསེང་དཔེ་ཁང་། དམིགས་བསལ་དཔེ་མཛོད་ཁང་སོགས་སུ་བསྐྱོད་དེ་ཉར་ཚགས་བྱས་པའི་དཔེ་དེབ་ཀྱི་གྲངས་འབོར་དང་དཔེ་ཀློག་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས། ཁོང་གིས་བྱེད་ནུས་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ལམ་མང་པོའི་ཐོག་ནས་ས་གནས་ཀྱི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཁང་གི་ཉར་ཚགས་བྱེད་ཚད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ༢༢༡རྟེན་གཞིའི་ཚད་ལྡན་ཡིག་ཆའི་ཆེད་སྒྲོམ་འཛུགས་པ། དཔེ་དེབ་གཞི་གྲངས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚད་ལྡན་ཡིག་ཆའི་ལོ་རྒྱུས་ཉར་ཚགས་དང་སྲིད་དོན་སྐྱོང་རོགས། བརྩོན་བསྐྱེད། མི་སྣ་གསོ་སྐྱོང་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞིབ་བསྡུར་སྤེལ་རེས་དང་“རྩོམ་རིག་གླེང་སྟེགས”སོགས་ཀྱི་རྣམ་པ་བརྒྱུད་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཏེ་རིག་གནས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་དང་མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།   

4.jpg

 ཁུལ་རིག་གནས་ཁང་དུ་ཤ་བོ་སྐྱབས་སྔ་རྗེས་སུ་སྤོ་ལོ་རྩེད་ཁང་དང་ལུས་སྦྱོང་ཁང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་ཁང་སོགས་སུ་བསྐྱོད་དེ་འགྲན་ར་སྒྱུར་བཀོད་རིམ་སྤོར་དང་དོ་དམ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས་རིག་གནས་དམངས་ཕན་འདུ་འགོད་གསར་གཏོད་དང་ལག་བསྟར་བྱས་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་དེ་བས་མང་བ་དང་དྲང་སྙོམས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ཏུ་འཇུག་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཕྱོགས་ཡོངས་ནས་སྔོག་འདོན་དང་སྲུང་སྐྱོང་། རྒྱུན་འཛིན་བཅས་བྱས་ཏེ་ཀོ་བའི་འཚེམ་དྲུབ་དང་ཀོ་བའི་རི་མོ་སོགས་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་སྤུས་རྟགས་བཏོད་པ་བརྒྱུད་མཚོ་བྱང་གི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས་པ་ནན་བཤད་གནང་།

  5.jpg

6.jpg

 མདེལ་གཉིས་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཤ་བོ་སྐྱབས་ཀྱིས་རིག་གནས་གསར་གཏོད་ཐོན་རྫས་དངོས་སྤྱོད་ཁང་དང་འགྲེམས་སྟོན་ཁང་ལ་བལྟས། ཁོང་གིས་རང་ངོས་ཀྱི་ངེས་གནས་གནད་ལ་འཁེལ་བར་འཚོལ་བ་དང་སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པ། མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ནས་དངོས་སྤྱོད་རྣམ་པའི་རྩལ་ནུས་ཅན་གྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། མདེལ་གཉིས་ཀྱི་དཔེ་དབྱིབས་དང་ཤིང་བཟོས་འབུར་བརྐོས། རྡོ་བརྐོས་འབུར་བརྐོས་སོགས་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་འགྲན་བསྡུར་ཆེན་མོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་གནས་སྐོར་འཛད་སྤྱོད་ཁྲོམ་ར་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། མཚོ་བྱང་རིག་གནས་གནས་སྐོར་གྱི་སྤུས་རྟགས་གཏོད་རྒྱུར་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཝང་ཡུང་ཁྲང་དང་མ་རུའུ་ཞང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་བར་འགྲོ་རོགས་བྱས།