ཤ་བོ་སྐྱབས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་ཧྲེ་ཀྲང་གཞོན་པ་ཧི་ཏེ་ཆང་དང་བཞུགས་མོལ་གནང་པ།藏汉双语| 夏吾杰与新华社青海分社副社长侯德强座谈
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཤ་བོ་སྐྱབས་ཀྱིས་ཧི་ཏེ་ཆང་འཁོར་དང་བཅས་པ་མཚོ་བྱང་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་བྱང་ནི་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། “མདོ་ལ་རི་ཡིས་ཕྱུག་ཅིང་རྐང་ཚ་མཚོ་ཡིས་ཕྱུག”པའི་མཚན་སྙན་ཡོད་ཅིང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་སྙིང་སྟོབས་བཅས་ཀྱི་གྲུབ་ཆ་ཞིག་ཡིན་ལ། ལྕགས་རི་རིང་བོ་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། དར་གོས་ཚོང་ལམ་མཚོ་སྔོན་ཚོང་ལམ་གྱི་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་དཀྲིས་པའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་བླང་བྱ་གལ་ཆེན་གཞིར་བཟུང་སྤྱོད་ཚུལ་འགྱུར་ལྡོག་དང་དངོས་འཛིན་དངོས་སྒྲུབ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ། ཐོན་ལས་ཀྱི“གནས་བཞི”ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་གསར་བརྗེའི་སློབ་གསོའི་བྱ་གཞག་གི་རྣམ་པ་བཟང་པོ་ཐོན་པར་བྱས་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུའི་ཐད་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས6བརྩོན་ལེན་བྱས་ནས་རྟ་རྒྱུག་དང་མདའ་འཕེན། ལྕགས་རྟ། རྐང་བགྲོད་འགྲན་བསྡུར་བྱེད་སྒོ་སོགས་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་བསྡུར་སྐབས་བརྒྱད་པ། མདོ་ལ་རི་བོ་མཚོ་སྔོན་པོའི་རྐང་བགྲོད་འགྲན་བསྡུར་སོགས་རིགས་ཆེན་པོ5ཡི་བྱེད་སྒོ་ཁག60ལྷག་སྒྲིག་འཛུགས་ཞིབ་ཚགས་ཀྱིས་སྤེལ་བས་སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་བསྔགས་བརྗོད་ཐོབ་ཡོད། ད་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི1270ལ་སྣེ་ལེན་བྱས་ཤིང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར30ཟིན་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་ཐད། ནུས་ཤུགས་ཡོད་རྒུས“རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ” “ནོར་གནག་དང་བོད་ལུག”ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་འོས་སྦྱོར་བྱས་ཏེ་བོད་ལུག་ཁྲི་དང་ནོར་གནག་ཁྲི་ཡི་གསོ་ཚགས་རྟེན་གཞི11དང་། བོད་ལུག་འབུམ་གཅིག་གི་གསོ་ཚགས་རྟེན་གཞི1བསྐྲུན་ལ། ནོར་ལུག་བཤས་གཏོང་ཚད་དང་ནས་ཀྱི་ཐོན་སྐྱེད། ལོག་དཀར་ཐོན་སྐྱེད་བཅས་ཀྱིས་སོ་སོར་ཞིང་ཆེན་ཡོངས་ཀྱི20%དང33% 40%བཅས་བཟུང་ཡོད། ལོ་གཅིག་གི་རིང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་ཕྱོགས་མང་བ་དང་ཟུར་མང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་མཚོ་བྱང་དྲིལ་སྒྲོག་ཤུགས་ཆེན་དང་འོས་སྦྱོར་བྱས་ལ། རྡུལ་ཕྲན་འབར་མདེལ་འབར་གས་བྱུང་ནས་ལོ59འགོར་བའི་སྐབས་སུ“མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྐྱོད་པའི”དྲ་རྒྱའི་ཐད་གཏོང་བྱེད་སྒོ་སྤེལ་ནས་མཚོ་བྱང་གི་སྙན་པ་ནུས་ལྡན་ངང་མཐོ་རུ་བཏང་ཡོད། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་ཀྲུང་དབྱང་སྨྱན་སྦྱོར་གྱི་ཐོན་ཁུངས་དང་ཐབས་ལམ་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། “གནས་བཞིའི”འཛུགས་སྐྲུན། གསར་བརྗེའི་སློབ་གསོ་དང་དེ་བཞིན་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་གལ་ཆེན་སོགས་ཐད་ཀྱི་དྲིལ་སྒྲོག་འོས་སྦྱོར་ལ་མུ་མཐུད་ཤུགས་བསྣན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཐོབ་པའི་གྲུབ་འབྲས་དང་གསོག་འཇོག་གི་ཉམས་མྱོང་ཁྱོན་ཡོངས་ནས་མངོན་པར་བྱ་རྒྱུའི་རེ་བ་ཡོད་པར་བསྟན།