རྐང་ཚ་རུ་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ལེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར། གྲོང་གསེབ་དར་སྤེལ་བཅས་རྒྱལ་ཁབ་རིམ་པའི་ཕན་འབྲས་དཔྱད་ཞིབ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བཀོད་སྒྲིག་ཚོགས་འདུ་འཚོགས། རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷས་རྐང་ཚ་རྫོང་སྲིད་གཞུང་ཁོངས་གཏོགས་ཀྱི་ཉེ་དུས་གཙོ་གནད་ལས་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ལེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར། གྲོང་གསེབ་དར་སྤེལ་བཅས་རྒྱལ་ཁབ་རིམ་པའི་ཕན་འབྲས་དཔྱད་ཞིབ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ཁག་བཀོད་སྒྲིག་ཞིབ་ཕྲ་བྱས།

སྟག་ལྷས་བསྟན་དོན། ལོ་མཇུ་ཏུ་སླེབས་ཉེརཡོད་པས་ངེས་པར་དུ་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་སྤྱི་འདོམས་ཐོག་དམ་འཛིན་ཡག་པོ་བྱས་ཏེ། མིག་སྔའི“རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ལེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར། གྲོང་གསེབ་དར་སྤེལ་བཅས་རྒྱལ་ཁབ་རིམ་པའི་ཕན་འབྲས་དཔྱད་ཞིབ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི”རྒྱུགས་ཆེན་གསུམ་ལ་དམ་པོར་དམིགས་ནས། འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་སློབ་སྦྱོང་བསྙེགས་བརྒལ་གྱིས་ལོ་མཇུག་གི་འདྲི་ཤོག་ལ་ནུས་ཤུགས་ཡོད་རྒུས་ལན་འདེབས་དགོས།
སྟག་ལྷས་བླང་བྱ་བཏོན་དོན། སྲིད་གཞུང་ཏང་ཙུའུ་ཁོངས་གཏོགས་ཀྱིས་དངོས་སྒྲུབ་ཁག་ཁུར་དང་རང་འགུལ་ངང་སེམས་ནུས་གཅིག་སྒྲིལ་གྱིས་མིག་སྔའི་གཙོ་གནད་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། རྫོང་དཔོན་གཞོན་པ་ཚོ་དང་ཤང་གྲོང་རྡལ་གྱི་འགོ་གཙོ་དག་འཐབ་ས་དང་པོར་བསྐྱོད་དེ། མཉམ་ཤུགས་མཉམ་འདོན་དང་འགག་སྒྲོལ་དཀའ་སེལ་གྱིས་རྒྱལ་ལམ315དང་རྫོང་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། རྩྭ་ཕྱུགས་དོ་སྙོམས། གྲོང་གསེབ་དར་སྤེལ། ཁོར་སྲུང་ལྟ་ཞིབ་སོགས་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་དང་གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡིས་ཤང་གྲོང་རྡལ་ཁག་དང་མཉམ་དུ་སྡེ་བ་དང་ཁྱིམ་ཚང་སོ་སོའི་རྩྭ་ཕྱུགས་དོ་སྙོམས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཆད་ལུས་མེད་པར་འགན་ལེན་དང་མང་ཚོགས་ལ་འགྲེལ་བཤད་ལན་འདེབས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། དེ་དང་ཆབས་ཅིག ཤང་གྲོང་རྡལ་ཁག་གིས་མྱུར་བར་ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་དོ་དམ་སྲུང་སྐྱོང་བ་རྩ་འཛུགས་ཀྱིས་ས་ཁོངས་ཧྲིལ་པོའི་དོ་དམ་སྲུང་སྐྱོང་ལས་དོན་སྤེལ་ཏེ། དོ་དམ་སྲུང་སྐྱོང་གི་གྱོན་ཆས་དང་དུས་ཚོད་གཅིག་གྱུར་ཡོང་བ་བྱེད་དགོས་ལ། རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཤང་གྲོང་རྡལ་ཁག་དང་མཉམ་དུ“2411”ཡི་དབུལ་བོ་བསྐྱར་ལོག་སྔོན་འགོག་གི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ཏག་ཏིག་བྱས་ནས། འཕྲལ་དུ་ཁྱོན་ཡོངས་ནས་གྲལ་བཤེར་ལས་དོན་སྤེལ་ཏེ་གཅིག་གྱུར་བྱེད་དགོས་རིགས་ཚང་མ་གཅིག་གྱུར་དང་བསྡུ་དགོས་རིགས་ཚང་མ་བསྡུ་ལེན་ཐུབ་པ་བྱ་དགོས། དུས་མཚུངས་སུ། གྲོང་གསེབ་དར་སྤེལ་གྱི་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། ལྷག་པར་དུ་བེད་མེད་རྒྱུ་ནོར་དང་ལྡོག་ཕྱོགས་རྩིས་ཁྲའི་གནད་དོན་ཟླ11པའི་ཟླ་མཇུག་སྔོན་ལ་བཅོས་སྒྲིག་ལེགས་འགྲུབ་ཡོང་དགོས། རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་འཕྲལ་མར་མི་མེད་གནམ་གྲུ་དང་མཐོ་གསལ་གློག་ཤེལ་སོགས་སྒྲིག་ཆས་ཉོས་ཏེ། མི་སྣ་མི་འདང་བའི་ཞན་ཆ་གསབ་ཅིང་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཤང་གྲོང་རྡལ་ཁག་གིས་སྟབས་བདེའི་ཁང་བ་དང་འཁེལ་མེད་རས་སོགས་སྒྲིག་འགལ་འཛུགས་སྐྲུན་དང་སྦགས་བཙོག་དངོས་པོར་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་བཤེར་བཤིག་བྱ་དགོས། དེ་དང་ཆབས་ཅིག་ནོར་ལུག་ཕྱིར་འཚོང་དང་གཟན་ཆས་ཉོ་སྒྲུབ་ཀྱི་ལས་འགན་གང་མགྱོགས་ངང་ལེགས་འགྲུབ་བྱ་དགོས།
མཚོ་སྔོན་པོ་ཞིང་ར་དང་མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན། རྐང་ཚ་རྫོང་གི་རྫོང་དཔོན་གཞོན་པ་དག ཤང་གྲོང་རྡལ་ལྔའི་མི་དམངས་སྲིད་གཞུང་། དེ་བཞིན་སྐྱེ་ཁམས་དང་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།
སངས་རྒྱས་ཚེ་རིང་གིས་བསྒྱུར།
|