བོད་མཁར་རྐང་ཚའི་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ།
发布时间:2023年12月14日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། རྐང་ཚ་རྫོང་འོམ་ཆུ་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་ནི2017ལོའི་ཟླ12པར་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་དུ་བདམས་པ་དང་། 2020ལོར་རྐང་ཚ་རྫོང་གིས་རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ལྟེ་གནས་གཙོ་བོ་གཏོད།


གསེར་ཉ་ཡར་འགྲོ་ནི་ཀྲུང་གོའི་འཛམ་གླིང་གི་ཉ་རིགས་ཆེན་པོ་གསུམ་ལས་ཡར་འགྲོའི་ངོ་མཚར་གྲས་ཀྱི་གཅིག་པུ་ཡིན་ཞེས་བརྗོད་ཀྱིན་ཡོད། ལོ་རེའི་ལྔ་པའི་ཚེས་ལྔའི་དུས་ཆེན་ནས་སྟོན་ཚུགས་བར། མཚོ་སྔོན་པོའི་གསེར་ཉ་ཡར་འགྲོ་བྱས་ནས་ཕྲུ་གུ་གཏོང་སའི་ཁྱིམ་གཞིས་འཚོལ་བ་དང་། སྐབས་དེར་རྐང་ཚའི་ཆུ་བོ་ཆེན་པོ་ལྔ་ཚང་མར“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡིན་པའི་བརྗིད་ཉམས་ཀྱི་སྣང་བརྙན་དེ་མཐོང་ཐུབ།

