བརྩེ་བའི་བཞུར་རྒྱུན།
发布时间:2023年12月22日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། གློ་བུར་བྱུང་བའི་ས་ཡོམ་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་དང་མེན་ཧོ་རྫོང་གི་ཐོན་སྐྱེད་འཚོ་བའི་རྒྱུན་ལྡན་གྱི་རྣམ་པ་ལ་གཏོར་བརླག་བཟོས། གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ཡིན་པས། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཞང་རིམ་པའི་ཏང་རྩ་འཛུགས་ཀྱིས་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་གྱིས་གདོང་མཆོང་དཔེ་སྟོན་གྱི་ནུས་པ་བཏོན་ནས། གནོད་འགོག་གནོད་སྐྱོབ་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་དང་ཞུགས་བཞིན་ཡོད།