མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
发布时间:2023年12月25日 消息来源:

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།


རྩོམ་སྒྲིག ཚེ་གཟུངས་སྐྱིད།   ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


2023ལོའི་ཟླ12པའི་ཚེས22ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་མཚོ་བྱང་ཁུལ་དུ་འཚོགས།

92b52f05c0a76914c91ca23b5ef4f99.jpg

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་ཚིགས་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་བླ་མེད་འོག མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་གཉེར་སྐྱོང་བྱས་པའི་སྲིད་གཞུང་རང་བཞིན་གྱི་བོད་ཡིག་དྲ་ཚིགས་ཤིག་ཡིན་ཞིང་། 2022ལོའི་ཟླ12པའི་ཚེས22ཉིན་དངོས་སུ་ཤར་གཏོང་བྱས། གཙོ་བོ་སྲིད་དོན་སྤྱི་སྒྲོག་གཙོ་བྱས་པའི་སྲིད་གཞུང་ཡིག་ཆ་དང་། རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་གལ་ཆེན། སྒོས་སུ་མཚོ་བྱང་གི་སྲིད་དོན་ཆ་འཕྲིན། དམངས་ཀྱི་འཚོ་བ་དང་འབྲེལ་བའི་རིག་གནས་དང་བརྡ་འཕྲིན་སོགས་ཉིན་རེར་དྲ་ཚིགས་སུ་སྤེལ་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་སྲིད་གཞུང་གི་ཆ་འཕྲིན་རྒྱུས་ལོན་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། དེ་ནི་མཚོ་བྱང་གིས་ཕྱི་ཕྱོགས་སུ་ལྟ་བ་དང་། ཕྱི་ཕྱོགས་ཀྱིས་མཚོ་བྱང་ལ་དོ་སྣང་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་ཏུ་ཆགས་ཡོད་པར་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བོད་ཡིག་གི་ལམ་ནས་སྲིད་དོན་ལ་རྒྱུས་ལོན་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུའང་གྱུར་ཡོད།

5100614d423f370567643617780b558.jpg

ཚོགས་ཐོག་ཏུ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་རིན་ཆེན་ཚེ་རིང་གིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པའི་རིང་ལ། དྲ་ཚིགས་གཉེར་སྐྱོང་བྱས་པའི་གནས་ཚུལ་དང་། དྲ་ཚིགས་ཀྱི་ལེ་ཚན་བཀོད་སྒྲིག དྲ་ཚིགས་ཀྱི་ནང་དོན་ཇུས་འགོད་སོགས་ངོ་སྤྲོད་གནང་བ་མ་ཟད། འབྱུང་འགྱུར་དུའང་ནང་དོན་ཇེ་ལེགས་དང་། སྤུས་ཚད་ཇེ་ལེགས། དྲ་ངོས་ཇེ་ལེགས་བཅས་ཇེ་ལེགས་གསུམ་གྱི་བྱ་བའི་བླང་བྱ་ལྟར་དུ། དྲ་ཚིགས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་རིགས་སྣ་ཇེ་མང་། ལོ་ཙཱའི་སྤུས་ཀ་ཇེ་ལེགས། དྲ་ངོས་ཇེ་མཛེས་བཅས་སུ་གཏོང་བར་འབད་པ་བྱ་རྒྱུ་ཡིན་ཚུལ་བསྟན།

b8d985706de9f1634a1b373725aa0cc.jpg

ཚོགས་ཐོག་ཏུ་མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་ཤར་གཏོང་བྱས་ཏེ་ལོ་འཁོར་གཅིག་ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། དྲ་ཚིགས་གཉེར་སྐྱོང་གི་མཉམ་མྱོང་བརྗེ་རེས་དང་། ལེགས་བཅོས་ཀྱི་བསམ་ཚུལ་ལྷུག་པོར་བརྗོད།