2023ལོར་མཚོ་བོད་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་བའི་ཟིན་ཐོ་བཏོད་འདུག
发布时间:2024年01月04日 消息来源:

2023ལོར་མཚོ་བོད་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་བའི་ཟིན་ཐོ་བཏོད་འདུག


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།
 ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།

གསར་འགོད་པས་མཚོ་བོད་ལྕགས་ལམ་སྡེ་ཚོགས་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2023ལོའི་ཟླ12པའི་ཚེས31ཉིན་བར། སྤྱི་ལོ2023ལོ་ཧྲིལ་པོར་མཚོ་བོད་ལྕགས་ལམ་གྱིས་བོད་ལྗོངས་སུ་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི295.9སྐྱེལ་འདྲེན་བྱས་པ་དང་། དེའི་ཁྲོད། བོད་ལྗོངས་སུ་སྐྱོད་མཁན་འགྲུལ་པ་མི་ཐེངས་ཁྲི153.3ཟིན་པ་དང་། བོད་ལྗོངས་ནས་ཕྱིར་སྐྱོད་མཁན་འགྲུལ་པ་མི་ཐེངས་ཁྲི142.6ཟིན་པ་དེ་སྤྱི་ལོ2018ལོ་དང་བསྡུར་ན། ཁག་སོ་སོར་མི་ཐེངས་ཁྲི36.6དང་། མི་ཐེངས་ཁྲི26.6། མི་ཐེངས་ཁྲི10.1བཅས་ལས་བརྒལ་ནས་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ17སོང་ཚུན་གྱི་ཟིན་ཐོ་གསར་པ་བཏོད་འདུག

图片

མཚོ་བོད་སྡེ་ཚོགས་ཀུང་སིས་མཚོ་བོད་ས་མཐོའི་ཐུན་མིན་གྱི་ཡུལ་སྐོར་ཐོན་ཁུངས་བཟང་ཆར་བརྟེན་ནས་ཡུལ་སྐོར་ཚོགས་པ་དང་མཉམ་འབྲེལ་ཐོག་ལྕགས་ལམ་ཡུལ་སྐོར་གྱི་ཐོན་རྫས་ཇུས་འགོད་ཚགས་ཚུད་པོ་བྱས་པས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བཟང་པོ་ཐོན་ཡོད། སྤྱི་ལོ2023ལོར། མཚོ་བོད་སྡེ་ཚོགས་ཀུང་སིས་ད་དུང་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་སྐྱོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་བྲིན་འཚོང་སོགས་བྱེད་སྒོ་སྤེལ་བའི་གོ་སྐབས་བཟང་པོ་དང་བསྟུན་ནས། འཁོར་སྒྲོམ་བོགས་གཏོང་དང་མེ་འཁོར་ཧྲིལ་པོ་བོགས་གཏོང་སོགས་དམངས་ཕན་ལས་སྒོ་ཧུར་ཐག་སྤེལ་བས་ཡུལ་སྐོར་བ་དེ་བས་མང་བས་མཚོ་བོད་ལ་དོ་ཁུར་དང་མཚོ་བོད་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་རྒྱུར་དོ་ཁུར་ཆེན་པོ་བྱས་ཡོད་པ་རེད།