ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་འདུ་འཚོགས་པ།
发布时间:2024年01月15日 消息来源:

  རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱས་པ། 2023ལོའི་ལས་དོན་ལ་སྤྱི་སྡོམ་བྱས་པ། 2024ལོའི་ལས་འགན་བཀོད་སྒྲིག་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་འབད་པ་ལྷོད་མེད་སྒོས་ཤུགས་ཆེན་པོས་རྩོམ་པར་སྐུལ་སློང་བྱས།

ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས2023ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། 2024ལོའི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས2023ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་སྤྱི་སྡོམ་གནང་བ་དང་། 2024ལོའི་ལས་དོན་ལ་བྱེ་བྲག་གི་བཀོད་སྒྲིག་མཛད། ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པའེ་ཁུ་རེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥེང་བཅས་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་གལ་ཆེན་གསར་པ་དང་ལག་ལེན་གནད་དོན་གསར་པ་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་དེས། དུས་རབས་གསར་པའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐའ་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བསམ་སྦྱོར་གཉིས་སྔར་ལས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། བློ་བརྟན་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་ལ་ངོ་མཚར་བའི་གྲུབ་འབྲས་བླངས་པར་གོ་བ་ཟབ་མོས་ཁོང་དུ་ཆུད་པ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པར་བརྡར་གཅོད་བྱས་པར་གོ་བ་ཟབ་མོས་ཁོང་དུ་ཆུད་པ། དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན། སྲིད་ཇུས་འཕེལ་ཕྱོགས་བཅས་གོ་བ་ཟབ་མོས་ཁོང་དུ་ཆུད་པ། གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི“གཙོ་གནད་ལས་འགན་དགུ”གོ་བ་ཟབ་མོས་ཁོང་དུ་ཆུད་པ། ཏང་གི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པའི་བླང་བྱ་གལ་ཆེན་གོ་བ་ཟབ་མོས་ཁོང་དུ་ཆུད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་འདི་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་གནས་ལུགས་ཟབ་མོ་འདི་གཉིས་ལ་དམིགས་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་སྔར་ལས་ཞབས་ཞུ་དང་འདྲེས་བར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་ཏུ་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”མྱུར་ཏུ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་ལ་སྤུས་ཀའི་ཐོག་ཕན་ནུས་ལྡན་པའི་མཐོར་འདེགས་དང་གྲངས་ཀའི་ཐོག་ལུགས་མཐུན་གོང་འཕེལ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུགས་ལན་ཕུལ་དུ་བྱུང་བ་སྤྲོད་དགོས་པར་འདོད།

གྲོས་ཚོགས་ཐོག ན་ནིང་གི་ཞིང་ཆེན་ཏང་ཨུའི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནི། མཚོ་སྔོན་གྱི་དོན་ཆེན་མང་པོ་གཅིག་ཏུ་འདུས་པ་དང་། དོན་དག་བྲེལ་མྱུར་ཅན་དང་དཀའ་ངལ་ཅན་རྩེག་མར་ཡོད་པ། ཉེན་ཁ་རྐྱེན་ངན་སྣ་ཚོགས་འདྲེས་པ། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ལས་འགན་རྙིང་འཛིང་ལྡན་ལ་ལྗིད་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། བཀའ་མངགས་ཡིད་ལ་དམ་པོར་བཟུང་བ་དང་དྲིན་ཚོར་འབད་འཐབ་བྱས་པ། དཀའ་བ་གདོང་གིས་བསུས་ཤིང་ངལ་བ་དང་དུ་བླངས་པ། གོ་སྐབས་བརྩོན་ལེན་དང་བདེན་འཛིན་དངོས་གཉེར་བྱས་པ། “ལས་བྱེད་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། སྒྲིག་ལམ་དམ་དགོས་པ”བཅས་ལ་ཤུགས་བསྡུས་ཏེ། ལས་དོན་ཁག་ལ་འཕེལ་འགྲོས་གསར་པ་དང་ཕན་འབྲས་གསར་པ་བླངས་ཡོད་པར་འདོད།

གྲོས་ཚོགས་ཐོག 2023ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་སྤྱི་སྡོམ་ཕྱིར་དྲན་བྱས་ཤིང་། 2023ལོར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རླབས་རིས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད་བྱུང་བ། ལོ་ཧྲིལ་པོར་མདུན་མཐོ་བ་དང་དཀྱིལ་དར་བ། རྗེས་བརྟན་པའི་རྣམ་པ་མངོན། སྤྱིའི་ཆ་ནས་སླར་གསོ་བཟང་འཕེལ་བྱུང་བ། སྔོན་དཔག་དམིགས་འབེན་གཙོ་བོ་ཕྱོགས་ཡོངས་ནས་ལེགས་པར་གྲུབ། མཐོ་ས་སྐྲུན་པར་བྱས་འབྲས་གསར་པ་མངོན་པ་དང་། སྲིད་ཇུས་བྱེད་ཐབས་ལ་ཕན་ནུས་གསར་པ་བྱུང་བ། “གནས་བཞི”འཛུགས་སྐྲུན་ལ་རྒྱུག་ལམ་གསར་པ་བཏོད་པ། བཅོས་སྒྱུར་སྒོ་འབྱེད་ལ་གསོན་ཤུགས་གསར་པ་བསླངས་པ། དམངས་འཚོ་ཕན་བདེ་ལ་མཐོར་འདེགས་གསར་པ་བྱུང་བ། ཡོམ་འགོག་གནོད་སེལ་གྱིས་ཉམས་སད་གསར་པ་ཐེག་པ། འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་ལས་ལྷག་པར་ཇེ་དྲག་ཏུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་ཏན་བཏང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བརྟན་ཅིང་བརླིང་བའི་གོམ་པ་སྤོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག གྲུབ་འབྲས་བླངས་པ་ལས་སླ་མོ་མིན་ཞིང་ཧ་ཅང་རིན་ཐང་ཆེ། སྲོག་ཤིང་ནི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་སྟབས་ཀྱི་རྗེས་བསྙེགས་པ་དང་ཏང་ཀྲུང་དབྱང་གི་འགྲོས་དང་དམ་པོར་བསྟུན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆད་ལྷག་མེད་པར་ལག་བསྟར་དངོས་འབེབས་བྱས་པ་དེ་ཡིན་ལ། འདི་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་གཞག་ལ་རྒྱལ་ཁ་བླངས་པའི་ཐབས་མཆོག་ཅིག་ཡིན། རྩ་བ་ནི་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་དུ་བེད་སྤྱད་ནས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་པ། “ངོས་འཛིན་མག་མོག་བཞི”གསལ་པོ་བཟོས་པ་དང་“འབྲེལ་བ་བཞི”གསེད་བཀྲོལ་བྱས་པ་དེ་ཡིན་ལ། འདི་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་གཞག་མདུན་སྐྱོད་ཐུབ་པའི་རིགས་ལམ་གྱི་དྲག་ཆས་ཡིན། གནད་འགག་ནི་ང་ཚོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་དང་འཐབ་ཇུས་བྱེད་ཐབས་ལྟར། དཔེ་རིས་གཅིག་མཐའ་འཁྱོལ་བར་འབྲི་བར་རྒྱུས་འཁྱོངས་བྱས་པ་དང་། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། སྒྲིག་ལམ་དམ་དགོས་པའི”ཕྱོགས་སྟོན་གསལ་པོ་བསླངས་པ། “མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་བ”བཅས་ཀྱི་དུས་རབས་ཀྱི་དུང་བརྡ་བསྒྲགས་ནས། ལས་འདོད་པ་དང་སྒྲུབ་ཕོད་པ། གཉེར་ཤེས་པ་བཅས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་རྒྱུག་སྲོལ་གསར་པར་འགྱུར་དུ་བཅུག་པ་དེ་ཡིན་ལ། འདི་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་གཞག་མུ་མཐུད་དུ་མདུན་སྐྱོད་པའི་རྩ་བའི་འགན་ལེན་ཡིན་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ད་ལོའི་ཞིང་ཆེན་ཡོངས་ཀྱི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཆད་ལྷག་མེད་པར་དངོས་འབེབས་བྱེད་པ། ཞིང་ཆེན་ཏང་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་དངོས་འབེབས་ནན་ཏན་བྱེད་པ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེན་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡད་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་མྱུར་ཏུ་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་བ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་མོར་སྤེལ་བར་སྤྱི་འདོམས་བྱེད་པ། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། སྒྲིག་ལམ་དམ་དགོས་པའི”བླང་བྱ་ལག་ཏུ་བསྟར་བ། གསར་འབྱེད་གསར་གཏོད་དང་བློ་བརྟན་མདུན་སྐྱོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་གསར་པ་ལེན་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་འབད་པ་ཆེན་པོས་རྩོམ་རྒྱུ་དེ་ཡིན་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་རྔམ་བརྗིད་ལྡན་པ་དེས་མི་སེམས་ལ་སྐུལ་མ་ཐེབས་ཤིང་འབད་འཐབ་ཡར་རྩོན་ལ་སྐུལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ནི་ཕུགས་འདུན་སེམས་ལ་ཉར་བ་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་རྒྱང་སྐྱོད་ཅིག་རེད། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། སྒྲིག་ལམ་དམ་དགོས་པ”བཅས་ནི་དུས་རབས་ཀྱི་འབོད་སྒྲ་དང་འགན་འཁྲི་ཡི་སྐུལ་མ། མི་དམངས་ཀྱི་རེ་བཞག་བཅས་རེད། ལས་བྱེད་པས་ལས་སྒྲུབ་དགོས་པ་ནི་རྟོགས་སད་དང་ཁག་ཁུར། བྱས་རྗེས་འཇོག་པ་བཅས་ཀྱི་ཐོག་མངོན་པ་དང་། རྟོགས་སད་ནི་ལས་སྒྲུབ་པའི་ནང་རྐྱེན་ཡིན་ལ། ཁག་ཁུར་ནི་ལས་སྒྲུབ་པའི་གཤིས་རྒྱུད་ཡིན། བྱས་རྗེས་འཇོག་པ་ནི་ལས་སྒྲུབ་པའི་གོ་རྟོགས་ཡིན། རིགས་ལམ་གསལ་དགོས་པ་ནི། གནད་འགག་ནི་ལངས་ཕྱོགས་དང་ལངས་གནས། བྱེད་ཐབས་བཅས་ལ་བལྟ་དགོས། ལངས་ཕྱོགས་རིགས་ལམ་གསལ་པོར་བཟོ་བའི་རིན་ཐང་གི་འབྱུང་ཁུངས་ཡིན་པ་དང་། ལངས་གནས་ནི་རིགས་ལམ་གསལ་པོར་བཟོ་བའི་རྩ་བའི་གནས་ཚད་ཡིན་པ། བྱེད་ཐབས་ནི་རིགས་ལམ་གསལ་པོར་བཟོ་བའི་གཞི་རྩའི་རྩ་འཛིན་ཡིན། སྒྲིག་ལམ་དམ་དགོས་པའི་རྩ་གནད་ནི་སྒྲིག་ལམ་བརྩི་བ་དང་གུས་སྐྲག་ལྡན་པ། བློ་སྦྱོང་ཡོད་པ་བཅས་ཡིན། སྒྲིག་ལམ་བརྩི་བ་ནི་རང་གཅུན་གྱི་མཐའ་ཐིག་ཡིན་པ་དང་། གུས་སྐྲག་ལྡན་པ་ནི་རང་གཅུན་གྱི་ནང་རྟོག་ཡིན་པ། བློ་སྦྱོང་ཡོད་པ་ནི་རང་གཅུན་གྱི་རྨང་རྡོ་ཡིན། ང་ཚོ་མི་རེ་རེ་ལངས་ནས་བསྐྱོད་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དད་ནས་བློ་བརྟན་འགྱུར་མེད་དང་དཔའ་སྤོབས་ཞུམ་མེད་སྒོས་མདུན་སྐྱོད་ཐུབ་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ནང་སྐྱེད་སྒུལ་ཤུགས་དང་བསམ་པའི་སྟོབས་ཤུགས་ལ་རྒྱུན་ཆད་རྒྱུ་མེད་པ་དང་དར་རྒྱས་ཀྱི་དཔལ་འབར་ངེས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་གྲུབ་འབྲས་གསར་པ་ལེན་པར་སྔར་ལས་དངོས་གཉེར་དང་སྟོབས་ལྡན་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྟུད་མར་སྐྲུན་པ། རབ་མཛེས་ཀྲུང་གོ་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཞིབ་འཇུག་འཆར་འགོད་ཀྱི་རང་ཞིང་གི་བརྒྱུད་ལམ་ལ་དམིགས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་འཆར་འགོད་མ་ལག་དང་ལམ་ལུགས་ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། རང་བྱུང་སྲུང་སྐྱོང་གནས་ལེགས་སྒྱུར་བྱེད་པ་བཅས་ཀྱི་མ་ལག་ཡུལ་བསྟུན་ཇུས་བསྟར་སྒོས་འཐུས་ཚང་དུ་གཏོང་བ། “རི་གཉིས”གཞན་སྒྱུར་བརྒྱུད་ལམ་རྒྱ་སྐྱེད་པ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་གནད་དོན་བཅོས་སྐྱོང་ནན་ཏན་གྱིས་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་འབྲས་ལོ་གསུམ་འགུལ་སྐྱོད་གོ་རིམ་ལྡན་པས་སྐུལ་འདེད་དང་སྲ་ཞིང་བརྟན་པས་མཐོར་འདེགས་བྱེད་དགོས། ཐོན་ལས་ཀྱི“གནས་བཞི”སྣེ་ཁྲིད་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་ཏུ་འཛུགས་སྐྲུན་བྱེད་པ། ཚྭ་མཚོ་ཐོན་ཁུངས་སྔོག་འདོན་གོ་རིམ་མེད་པར་རྒྱ་སྐྱེད་པའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱེད་པ་དང་། ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི“གནས་ལྔ་གཞི་གཅིག”སྐུལ་འདེད་གནས་སྟངས་འཛུགས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་སྣེ་ཁྲིད་དུ་བྱེད་པ་དང་། “གནས་གཅིག་སྐོར་གཅིག་རྒྱུད་མང་པོའི”ཡུལ་སྐོར་འཕེལ་རྒྱས་གནས་སྟངས་བསྐྲུན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་དགེ་མཚན་གསོ་སྐྱོང་བྱེད་དགོས། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་པར་དམིགས་པ། སྲིད་གཞུང་གི་དངུལ་གཏོང་སྣེ་ཁྲིད་ནུས་པ་ལེགས་པར་འདོན་པ་དང་། དམངས་ཁྲོད་དངུལ་གཏོང་གསོན་ཤུགས་སློང་བ། ལས་གཞི་གཞིར་འབེབས་ནན་མོར་འཛིན་པ། དངུལ་བུན་དང་དངུལ་གཏོང་རྒྱ་སྐྱེད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། སྲོལ་རྒྱུན་མཛད་སྤྱོད་བརྟན་བརླིང་གིས་རྒྱ་སྐྱེད་པ། གསར་དར་འཛད་སྤྱོད་གསོ་སྐྱོང་སྟོབས་ཆེན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་དར་བར་དམིགས་ནས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་དངུལ་འདྲེན་ལས་དོན་ལེགས་པར་སྒྲུབ་དགོས། མཁར་གྲོང་འདྲེས་སྦྱོར་དང་ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། གསར་དར་མཁར་གྲོང་ཅན་འཐབ་ཇུས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་བར་འབད་པ། ལན་ཀྲུའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོམས་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱིས་ཞིང་ཆེན་ཡོངས་འཕེལ་རྒྱས་འདེགས་སྐྱོར་གྱི་གནད་འགག་ནུས་པ་འདོན་དགོས་པ་དང་། མཚོ་ལྷོ་དང་མཚོ་བྱང་གིས་ལྗང་མདོག་འཕེལ་རྒྱས་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱིས་ལྗང་མདོག་ཐོན་ལས་སྟོབས་ཆེར་བསྐྱེད་དེ། ཞིང་ཆེན་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྟོབས་ཤུགས་འབུལ་དགོས། ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། རྒྱལ་གཉེར་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་མཐོར་འདེགས་འགུལ་སྐྱོད་ཟབ་མོར་སྤེལ་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་སྐོར་ཞིག་དངོས་འབེབས་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། གླིང་ཁུལ་དོ་དམ་ལམ་ལུགས་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ནོར་སྲིད་ཁྲལ་སྡུད་ལམ་ལུགས་བཅོས་སྒྱུར་དངོས་འབེབས་བྱེད་པ། དངུལ་ལོར་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། “རྒྱུད་གཅིག་ལམ་གཅིག”དང་འདྲེས་སྦྱོར་ཟབ་མོ་བྱེད་པ། ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་མཐུན་སྦྱོར་མཉམ་ལས་ནུས་རིམ་ཕྱོགས་རྣམ་ཀུན་ཏན་མཐོར་འདེགས་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། “ཡི་གེ་གཅིག་ལ་ལས་ཐོ་གཅིག་དང་ཁས་ལེན་གཅིག”གི་བླང་བྱ་དངོས་འབེབས་བྱེད་པ། དབུལ་ཐར་མི་གྲངས་འབབ་འཕར་གྱི་ལོ་གསུམ་འགུལ་སྐྱོད་ཟབ་མོར་སྤེལ་བ། རོང་འབྲོག་ཁུལ་གྱི་དགེ་མཚན་ཐོན་ལས་རིམ་སྤོ་རིམ་འདེགས་ལ་སྐུལ་འདེད་གཏོང་བ། འབྲུ་རིགས་བདེ་འཇགས་ཏང་སྲིད་འགན་གཅིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། “བཟོ་སྐྲུན་ཁྲི་འབུམ”ཉམས་མྱོང་སློབ་སྦྱོང་བེད་སྤྱོད་བྱེད་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་འགུལ་སྐྱོད་དང་མཐོ་སྒང་གི་རབ་མཛེས་ཞིང་སྡེ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་ནན་ཏན་གྱིས་ལེགས་པར་་སྒྲུབ་པ། “ཡོད་པ་དྲུག”དང“ཚད་ལ་སླེབས་པ་དྲུག”གི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་རེའི་གནད་དོན་དུས་ལྟར་ཐག་གཅོད་པ། ས་གཤིས་གནོད་འཚེ་གནས་ཀྱི་ལྟ་ཞིབ་ཚད་ལེན་ཉེན་སེལ་ལས་དོན་ལ་ཤུགས་སྣོན་པ། མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་དང་ཕན་ཚུལ་ལ་རོགས་རམ་བྱེད་པར་སྣེ་ཁྲིད་ནས། ཐབས་བརྒྱ་ཇུས་སྟོང་གིས་གནོད་ཐེབས་མང་ཚོགས་ཀྱི་ལས་གཉེར་ཡོང་སྒོ་ཇེ་མང་དུ་གཏོང་དགོས། ངེས་པ་དོན་གྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་བ།“ལས་ཞུགས་ཆེན་མོའི”གནས་སྟངས་འཛུགས་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ལས་ཞུགས་ཚོང་རྟགས་སྐྲུན་པ། སྤུས་ཚད་མཐོ་བའི་སློབ་གསོ་མ་ལག་འཛུགས་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་ལེགས་སྒྱུར་བྱེད་པ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་འབད་པས་སྤེལ་ནས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་འགན་ལེན་ཆུ་ཚད་མཐོར་འདེགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྣམ་པ་ཡོད་ཅིང་ཚོར་བ་ལྡན་ལ་ཕན་ནུས་ཡོད་པའི་སྒོ་ནས་བརྟན་པོར་སྐྱེད་པ། དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་རིག་གནས་ཐོན་ཁུངས་སྔོག་འདོན་བེད་སྤྱོད་ལེགས་པོ་གཏོང་བ། ཐུན་མོང་བསམ་པའི་ཁྱིམ་གཞིས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་སྐྲུན་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི“མཚོ་སྔོན་གྱི་ལག་ལེན”ལ་སྐུལ་འདེད་ཟབ་མོ་གཏོང་བ། “སྡོད་ཁུལ་འཕང་འབྲས་ལྟ་བུའི་ཁྱིམ་གཞིས་གླིང”མུ་མཐུད་དུ་ལེགས་པར་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་མུ་མཐུད་དུ་ཟབ་མོར་སྤེལ་བ། ལས་རིགས་སོ་སོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་ཚོང་རྟགས་སྔར་ལས་མང་པོ་སྐྲུན་དགོས། བདེ་འཇགས་ཀྱི་མཐའ་ཐིག་བརྟན་པོར་སྲུང་བ། སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། “ནག་འཇོམས་ངན་སེལ”རྒྱུན་རྣམ་ཅན་ལ་སྐུལ་འདེད་ཟབ་མོར་གཏོང་བ། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། འཕྲིན་བཅར་དང་ལེན་དང་གཤམ་བཅར། ཞབས་ཞུ་བཅས་ཀྱི་གཞི་རིམ་གྱི་ཡུན་ཕན་ལམ་སྲོལ་བཙུགས་ཏེ། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་འཛུགས་སྐྱོང་གི་ཕྱོགས་ཡོངས་ལ་ཤུགས་སྣོན་པར་སྔར་ལས་མུ་མཐུད་དུ་ཕན་ནུས་ལྡན་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཏང་ཨུས་རྟག་བརྟན་འགྱུར་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་འཛིན་པའི་ལངས་ཕྱོགས་མི་འགྱུར་བ་དང་བྱེད་ཤུགས་མི་ལྷོད་པ། ཚད་ཤིང་མི་གཏོང་བར། ཐོག་མཐར་འཁྱོལ་བ་དང་གཟབ་ནན་གྱིས་མཐའ་འཁྱོལ་བར་བྱ་ངེས། མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་གྱོད་གཞིར་བརྟེན་ནས་ཡོ་བསྲང་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས། མགོ་ཁྲིད་ལས་བྱེད་པ“གནད་འགག་གཙོ་བོ”འདིར་དམ་པོར་དམིགས་པ་མི་ལྷོད་པ་དང་། “སྲོལ་བཞི”ཡོ་བསྲང་བཅོས་སྐྱོང་ལ་དམ་པོར་དམིགས་པ་མི་ལྷོད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བར་ཟུང་འབྲེལ་བྱེད་པ། རྩ་ལག་མཉམ་བཅོས་དང་རྒྱུད་ཁུངས་བཅོས་སྐྱོང་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་ཟབ་སྐྱོད་དངོས་སྐྱོད་བྱེད་པ་དང་ཕན་འབྲས་དངོས་ལེན་པར་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཁྲུག་དང་ཡུན་འཐབ་དམག་འཁྲུག་ལས་མཐའ་གཅིག་ཏུ་རྒྱལ་བར་བྱེད་པ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏན་ནས“ཕྱིར་ལྡོག་མི་རུང་བ་དང་ལྷོད་གཡེང་བྱེད་མི་རུང་བ། སྙིང་རྗེ་སྒོམ་མི་རུང་བར།” གདོང་མཆོང་གི་དུང་བརྡ་གཏན་དུ་ངེས་པར་འབུད་དགོས།“ཡོད་འོས་པ་བདུན”གྱི་གནད་དོན་ལ་དམ་པོར་དམིགས་པ་དང་། སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་བྱ་སྤྱོད་ལ་ཆད་པ་ནན་མོར་གཅོད་པ་དེ་འགག་སྒྲོལ་གྱི་གཙོ་བོའི་གཙོ་བོར་འཇོག་པ། རུལ་སུངས་སྐྱེད་པའི་ས་ཞིང་དང་ཆ་རྐྱེན་མཐའ་གཅིག་ཏུ་སེལ་དགོས། “གནད་འགག་གཙོ་བོ”དང་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། དངུལ་ལོར་དང་རྒྱལ་གཉེར་ཁེ་ལས། ནུས་ཁུངས། སྨན་བཅོས། རྨང་གཞི་འཛུགས་སྐྲུན་བཟོ་སྐྲུན་སོགས་དབང་ཆ་གཅིག་སྡུད་དང་མ་རྩ་འདུས་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྐྱོང་ཟབ་མོ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་པར་དམ་པོར་དམིགས་ནས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་དགོས། མི་འདེམ་མི་སྤྱོད་ཀྱི་ཕྱོགས་སྟོན་གསལ་པོ་བརྟན་པོར་འཛུགས་པ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར། བཅོས་སྒྱུར་འཕེལ་རྒྱས་ཀྱི་མདུན་གྲལ་དང་བྲེལ་དཀའ་ཉེན་ལྗིད་ཀྱི་ཡུལ་དངོས་དང་པོ། གནད་འགག་གི་དཀའ་ངལ་ཆེ་བའི་ལས་རྐང་བཅས་མི་འདེམ་མི་སྤྱོད་ཀྱི་གཡུལ་ས་གཙོ་བོར་བྱས་ནས། ལས་འདོད་པ་དང་སྒྲུབ་ཕོད་པ། གཉེར་ཤེས་པའི་ལས་བྱེད་པ་ངེས་པ་དོན་གྱིས་བདམས་ནས་བེད་སྤྱོད་བྱེད་དགོས། དུས་རྒྱུན་གྱི་རྣམ་འགྱུར་ལ་བརྟག་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། གཞི་རིམ་དང་ལག་ལེན་ཁྲོད་ལས་བྱེད་པ་གཙོ་སྐྱོང་དང་ལས་བྱེད་པ་འདེམ་པར་མཐོང་ཆེན་བྱས་ཏེ། མི་འདེམ་མི་སྤྱོད་ཀྱི་སྤྱི་རྟོན་ཚད་མཐོར་འདེགས་དགོས། དོ་དམ་ནན་མོ་དང་གནོན་ཤུགས་སྟེར་བ། བརྩེ་བ་ཟབ་མོ་དང་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་མི་འདེམ་མི་སྤྱོད་ཀྱི་ཕྱོགས་སྟོན་གྱིས་ཆབ་སྲིད་སྐྱེ་ཁམས་ལ་སྣེ་ཁྲིད་པ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་དར་བར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ཀྲི་པུའུ་བཟང་པོ་ཞིག་སྐྲུན་པ་དང་ཧྲུའུ་ཅི་བཟང་པོ་ཞིག་དང་སྣེ་ཁྲིད་པ་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས། གཞི་རིམ་འཛིན་པ་དང་རྨང་གཞི་བརྟན་པ། གཞི་རྩ་སྲ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་ལས་དོན་བླང་བྱ་མུ་མཐུད་དུ་དངོས་འབེབས་ལེགས་པོ་བྱས་ཏེ། གཞི་རིམ་གྱི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་མདུན་སྐྱོད་དང་ཕྱོགས་ཡོངས་སྲ་བརྟན་ཡིན་པར་སྐུལ་འདེད་གཏོང་དགོས། གོང་འོག་སྦྲེལ་མཐུད་དང་ལག་བསྟར་སྟོབས་ལྡན་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། “འཐུས་ཚང་འཛུགས་པ”དང“སྟོབས་ཆེན་འཛུགས་པའི”ཐོག་ཤུགས་བཏོན་ནས། ཏང་གི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག བགྲོད་ལམ་གསར་པའི་སྟེང་། ང་ཚོས་ལས་གཏོད་ཀྱི་གར་སྟེགས་སྔར་ལས་རྒྱ་ཆེ་ཞིང་ཡངས་པས། བྱ་གཞག་གི་མཚར་སྡུག་དངོས་གཉེར་སྒོས་སྐྲུན་པ་དང་། མི་ཚེ་ཡི་ངོ་མཚར་འབད་པས་འབྲི་དགོས། རྩ་འཛུགས་ཀྱིས་ལས་བྱེད་པར་འགན་འཁུར་ནས། ལས་བྱེད་པར་མཚམས་མི་ཆད་པའི“རྟིང་ཤུགས”ཡོད་པར་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་འགན་འཁུར་ནས། ལས་བྱེད་པར་ངའི་རྗེས་སུ་སྙེག་པའི“མཆོང་སྟོབས”ཡོད་པར་བྱེད་དགོས། ལས་བྱེད་པར་ལས་དོན་ལ་འགན་འཁུར་ནས། དུས་དང་རྣམ་པ་ཀུན་ཏུ་དཀའ་བ་གང་ལའང་མགོ་མི་སྒུར་བའི“བློ་སྤོབས”ཡོད་པར་བྱེད་དགོས། དུས་རབས་གསར་པའི་དཔལ་འབྱོར་ལས་དོན་གྱི་རྒྱུས་ལོན་དང་ཁོང་དུ་ཆུད་ཚད་ངེས་པར་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་འཕེལ་རྒྱས་དུས་སྐབས་ཀྱི་རྒྱུས་ལོན་དང་ཁོང་དུ་ཆུད་ཚད་ངེས་པར་ཇེ་ཟབ་ཏུ་གཏོང་བ། “ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། སྒྲིག་ལམ་དམ་དགོས་པའི”རྒྱུས་ལོན་དང་ཁོང་དུ་ཆུད་ཚད་ངེས་པར་ཇེ་ཟབ་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆད་ལྷག་མེད་པར་དངོས་འབེབས་འཛིན་པ་དང་དྲག་མྱུར་གཟབ་གསུམ་གྱིས་དངོས་འབེབས་འཛིན་པ། བདེན་འཚོལ་དངོས་གཉེར་གྱིས་དངོས་འབེབས་འཛིན་པ། སྒྲུབ་ཕོད་བྱས་མཁས་ཀྱིས་དངོས་འབེབས་འཛིན་པ”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བའི་ཁག་ཁུར་དངོས་གཉེར་དང་བྱས་འཇོག་ལས་སློང་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ལོ་མཇུག་ལོ་མགོའི་ལས་དོན་ཁག་གི་སྤྱི་འདོམས་འཆར་འགོད་དང་ཐོན་སྐྱེད་ཆ་རྐྱེན་གྱི་རྩ་འཛུགས་བཀོད་གཏོང་ལེགས་པར་བཟུང་ནས། ལོ་ཧྲིལ་པོ་མགོ་ལེགས་པར་རྩོམ་པ་དང་གོམ་པ་ཡག་པོ་སྤོ་བར་མངོན་འགྱུར་བྱེད་དགོས། ཚོང་རྫས་མཁོ་སྲུང་རིན་བརྟན་དང་རྡོ་སོལ་གློག་འདོན་སྣོམ་སྤྱོད་རླངས་སྐྱེལ་བཅས་དམངས་འཚོ་གལ་ཆེན་འགན་ལེན་མཁོ་སྤྲོད་ནན་ཏན་སྒོས་ལེགས་པར་སྒྲུབ་པ་དང་། ཞིང་པ་ཞོར་ལས་པའི་ཟླ་ཕོག་སྟེར་བར་འགན་ལེན་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་ལ་ཤུགས་བསྣན་ནས། གཞི་རྩའི་དམངས་འཚོའི་མཐའ་ཐིག་ལེགས་སྲུང་དགོས། ས་ཡོམ་གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ངེས་པ་དོན་གྱིས་ལེགས་པོར་སྒྲུབ་པ་དང་། མང་ཚོགས་དཀའ་ངལ་ཅན་གྱི་ཐོན་སྐྱེད་འཚོ་བར་སེམས་ཁུར་བྱས་ཏེ། དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བ་དང་བཀྲ་ཤིས་བདེ་ལེགས་ངང་ལོ་སར་བར་ཁག་ཐེག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱུང་། དབུགས་ལམ་རིམས་ནད་འགོག་བཅོས་སོགས་ཀྱི་ལས་དོན་དམ་འཛིན་དངོས་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོང་ལེགས་པོ་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་དཔྱད་འཇོག་གི“ལུས་སྒྱུར་དམག་འཁྲུག”ལས་སྟོབས་ཤུགས་ཡོད་རྒུས་རྣམ་པར་རྒྱལ་ནས། གནོད་འགོག་ཕྱུགས་སྲུང་དང་དཔྱིད་འདེབས་གྲ་སྒྲིག ཞིང་ལས་ཐོན་ཁུངས་མཁོ་སྤྲོད་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ། “གཏན་འགོག་བཅུའི”སྒྲིག་ལམ་བླང་བྱ་བཅས་དངོས་འབེབས་གཟབ་ནན་བྱས་ནས། སྤྱོད་གཙང་སྲོལ་གཙང་སྒོས་དུས་ཆེན་རོལ་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་དམ་པའི་མཐུན་སྒྲིལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། སེམས་ཤུགས་ཡོད་རྒུས་བློ་བཀོད་འཐེན་པ་དང་ཤུགས་གང་ཡོད་ཀྱིས་ལས་དོན་སྒྲུབ་པ། འགན་གཙང་ལེན་གྱིས་དོན་འགྲུབ་པར་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གང་ནུས་ཀྱིས་གཅིག་ཏུ་བསྡུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པ་ཆེན་པོས་རྩོམ་པར་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཁུང་ལིན་ཏུང་ཏང་ཁོངས་ནས་ཕུད་པར་རྗེས་སྙེག་ཆད་གཅོད་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི། ཞིང་ཆེན་དམག་ཁུལ་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ། ཞིང་ཆེན་ལྟ་ཨུའི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། རྫོང(གྲོང་ཁྱེར་དང་ས་ཁུལ། བཟོ་ཨུ)སོ་སོ་ཏང་ཨུ་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་ཨུའི་འགན་འཁུར་བློ་མཐུན་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་ཆེན། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱི་དོ་དམ་བྱས་པའི་ཁེ་ལས་ཀྱི་ཏང་ཙུའུ(ཏང་ཨུ)བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་སྐོར་ཞིག་གྲོས་ཚོགས་ལ་ཞུགས། །