2024ལོའི་མཚོ་བྱང་ཁུལ་གྱི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་སྒྲུབ་མི་སྣ་བསྡུ་བའི་སྤྱི་བསྒྲགས།
发布时间:2024年02月21日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 2024ལོའི་ཁུལ་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུའི་བྱ་བ་ཡག་པོར་སྒྲུབ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། 《དོན་ལས་ལས་ཁུངས་ཀྱི་མི་དོན་དོ་དམ་སྲོལ་ཡིག》དང《ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་ལས་བསྡུ་བྱེད་པའི་བྱ་བར་སྔར་བས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཡིག་ཆ〔2018〕ཨང2པ) 《2024ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དོན་ལས་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་ལས་བསྡུ་བྱེད་པའི་འབྲེལ་ཡོད་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཡིག་ཆ〔2024〕ཨང41པ) 《ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་ས་མཐའི་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་འགྲོ་སྐྱོད་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》(མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གི་ཡིག་ཆ〔2019〕ཨང29བ) སོགས་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། 2024ལོར་མཚོ་བྱང་ཁུལ་གྱི་དོན་ལས་ལས་ཁུངས་ཀྱིས་ལས་སྒྲུབ་མི་སྣ26(དེའི་ནང་མཚོ་བྱང་དུ་ཞབས་ཞུ་དུས་ཡུན་ལོ2ལོན་པར་མ་ཟད་དཔྱད་ཞིབ་ཚད་ལོན་པའི་གཞི་རིམ་ཞབས་ཞུའི་རྣམ་གྲངས“རིགས་གསུམ”སློབ་མ3བསྡུ་རྒྱུ)བསྡུ་རྒྱུ་ཡིན་ལ། ད་ལྟ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ།
ཐེངས་འདིར་ཡོངས་བསྒྲགས་ངང་ལས་བསྡུ་བྱེད་པའི་ཁྱབ་ཁོངས་དེ་ཞིང་ཆེན་ཡོངས་དང་། མཚོ་བྱང་ཁུལ། མཚོ་བྱང་ཁུལ་གྱི་རྫོང་བཞི་བཅས་ལ་ཕྱོགས་ཡོད།
གཉིས། ལས་བསྡུ་བྱེད་ཐབས་དང་གོ་རིམ།
ཐེངས་འདིར་ཡོངས་བསྒྲགས་ངང་ལས་བསྡུ་བྱེད་པར་ལས་བསྡུའི་བརྡ་ཁྱབ་སྤྱི་བསྒྲགས་དང་། དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། ཁ་རྒྱུགས། ལུས་པོར་བརྟག་དཔྱད། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར) ཡོངས་བསྒྲགས། ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་གཞིར་བཟུང་སྟེ་རིམ་པ་བཞིན་བསྡུ་རྒྱུ།
གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད།
ཐེངས་འདིའི་ལས་བསྡུ་ལ་མིང་ཐོ་འགོད་པའི་བྱ་བ་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་དངུལ་སྤྲོད་པ། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བཅས་ཀྱི་བྱེད་ཐབས་སྤྱོད་རྒྱུ།
དྲ་ཐོག་ནས་ཆ་འཕྲིན་ཡར་སྤྲོད་པའི་དུས་ཚོད་ནི། 2024ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད9ནས་ཟླ2པའི་ཚེས27ཉིན་གྱི་ཆུ་ཚོད18བར་ཡིན།
དྲ་ཐོག་ནས་ཆ་འཕྲིན་བཟོ་བཅོས་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད9ནས་ཟླ2པའི་ཚེས29ཉིན་གྱི་ཆུ་ཚོད18བར་ཡིན།
དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད9ནས་ཟླ3པའི་ཚེས1ཉིན་གྱི་ཆུ་ཚོད18བར་ཡིན།
དྲ་ཐོག་ནས་དངུལ་སྤྲོད་པའི་དུས་ཚོད་ནི། 2024ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད9ནས་ཟླ3པའི་ཚེས1ཉིན་གྱི་ཆུ་ཚོད23:30བར་ཡིན།
བཞི། ཡིག་རྒྱུགས་ལེན་པའི་དུས་ཚོད།2024ལོའི་ཟླ3པའི་ཚེས30ཉིན(གཟའ་སྤེན་པ)ཡིན་ཞིང་། ཞིབ་ཕྲའི་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།