ཤ་བོ་སྐྱབས་ཀྱིས་གསར་བརྗེའི་སློབ་གསོ་དང་ཚོགས་དོན་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་།
发布时间:2024年02月27日 消息来源:

ཤ་བོ་སྐྱབས་ཀྱིས་གསར་བརྗེའི་སློབ་གསོ་དང་ཚོགས་དོན་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་དོན་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་ཐད་རྟོག་ཞིབ་གནང་།

微信图片_20240227094541.jpg

微信图片_20240227094627.jpg

མཚོ་བྱང་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་གྲོས་ཚོགས་ཁང་དང་སྦྱོང་བརྡར་ར་བ། ཡོ་བྱད་མཛོད་ཁང་། ཞག་སྡོད་ཁུལ། ཟ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་ཚང་བའི་འཛུགས་སྐྲུན་དང་། བྱེད་ནུས་ས་ཁོངས་དབྱེ་སྟངས། དངོས་ཚན་ཅན་གྱི་འཁོར་སྐྱོད་བཅས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་པ་དང་། མཚོ་བྱང་ཁུལ་གྱི་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སུ་དུས་འགོའི་སྒྲུབ་སྐུལ་ལས་དོན་གྱི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་ལྟ་ཞིབ་ཚགས་བྱས་ནས་སྐས་རིམ་སློབ་ཁང་དང་གྲོས་བསྡུར་ཁང་། ཞག་སྡོད་སྒྲིག་ཆས་ཆ་ཚང་སོགས་ཀྱི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་ནས་ལེགས་སྒྲུབ་ཀྱི་དུས་བཀག་ཁ་གསལ་བཟོས། ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་དུ་ཤ་བོ་སྐྱབས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་གསོ་སྦྱོང་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་གཏིང་ཟབ་གནང་པ་དང་འབྲེལ་དུས་མཚམས་རྗེས་མའི་གསོ་སྦྱོང་ལས་འགན་བཀོད་སྒྲིག་བྱས།

微信图片_20240227094632.jpg

微信图片_20240227094638.jpg

ཤ་བོ་སྐྱབས་ཀྱིས་གསར་བརྗེའི་ཐོན་ཁུངས་དང་ཁྱད་ལྡན་རིག་གནས་བེད་སྤྱོད་གང་ལེགས་བྱས་ནས་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་ཤུགས་ཆེན་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ཡིག་རིགས་འཚོལ་བསྡུ་དང་གསེད་དཀྲོལ་བྱེད་པ། ཅིང་ཀང་རི་བོ་དང་ཡན་ཨན་སོགས་ས་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པ། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་རྒྱུན་མཐུད་ངང་ཡག་པོ་གཉེར་བ། མཚོ་བྱང་གི་སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཡག་པོ་བཙུགས་ནས། ཞིང་ཆེན་ཕྱི་ནང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་དགོས་ཞེས་བསྟན།

微信图片_20240227094644.png

微信图片_20240227094650.png

ཤ་བོ་སྐྱབས་ཀྱིས་རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོ་བ་དང་ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་ལ། སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པའི་ལས་བྱེད་པ་བཅས་ཀྱི་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བེད་སྤྱོད་གཏོང་བ། རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་གཏོང་བ། སྔ་ཙམ་ནས་སྒོ་བྱང་བཀལ་ནས་བེད་སྤྱོད་གཏོང་ཐུབ་པའི་བརྩོན་ལེན་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ་དང་། འགན་ནུས་ལས་བགོས་དང་ཟུང་འབྲེལ་བྱས་ཏེ་སྤུས་དག་སློབ་ཚན་ཞིབ་འཇུག་གསར་སྤེལ་དང་། སློབ་ཁྲིད་དགེ་རྒན་སྐྱེད་སྲིང་། སློབ་ཁྲིད་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་སྐྱོད་པའི་བྱེད་སྒོ་ཁྱབ་སྤེལ་ཧུར་ཐག་དང་། སློབ་ཁྲིད་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་ཚན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། “སྒྲ་དང་བརྙན་ཡོལ། ཚགས་པར། དྲ་བ། སྐད་འཕྲིན”བཅས་ཀྱི་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་མཚོ་བྱང་གི་ཐོན་ལས་སྒྲིག་བཀོད་དང་ཁྱད་ལྡན་སློབ་ཚན། གསར་བརྗེའི་གཏམ་རྒྱུད། ཞིབ་འཇུག་སློབ་སྦྱོང་བཅས་ཀྱི་ལམ་ཕྱོགས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་མཚོ་བྱང་གི་ཐོན་ལས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་ཞིང་ཆེན་ཕྱིའི་གསོ་སྦྱོང་འཛིན་གྲྭའི་ཐེངས་གྲངས་མང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཚོགས་དོན་གསོ་སྦྱོང་ཐོན་ལས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་མཚོ་བྱང་གི་གསོ་སྦྱོང་ཐོན་ལས་དེ་མཐོ་བ་དང་སྤུས་ལེགས། རྩེར་སོན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་དགོས་པའི་བླང་བྱ་བཏོན།

微信图片_20240227094657.png

དེའི་རིང་། ཤ་བོ་སྐྱབས་མཚོ་བྱང་ཁྱད་ལྡན་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་ནས་འགྲེམས་ཚོང་ལྟེ་གནས་འཛུགས་རྒྱུ་ནི་མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དང་ཐོན་ལས་ཕུན་སུམ་ཚོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། མཚོ་བྱང་མཁོ་ཚོང་ཁང་གིས་བཟའ་བཅའི་བདེ་འཇགས་འགག་སྒོ་དང་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ཡག་པོ་བསྲུངས་ནས་ཞབས་ཞུའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་དྲ་ཐོག་གི་ཐད་གཏོང་ཕྱིར་འཚོང་ཤུགས་ཆེན་བྱེད་པ་དང་། ཐོན་རྫས་རིགས་མུ་མཐུད་མང་དུ་གཏོང་བ། སྒྱུར་བཀོད་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་དང་རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོའི”ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སྔར་ལས་ལེགས་སུ་གཏོང་དགོས་པ་བསྟན།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ཝང་ཡུང་ཁྲང་། སུང་ཞིག་ཙུང་། སུ་ཅིས་ཧྲིན་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་འགྲོ་རོགས་བྱས།