ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་5.3ཅན་གྱི་ས་ཡོམ་བྱུང་བ།
发布时间:2024年03月05日 消息来源:

 རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད།ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ3ཚེས5ཉིན་གྱི་ཆུ་ཚོད10དང་སྐར་མ7གྱི་སྟེང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་5.3བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ10དང་། ས་ཡོམ་རྒྱག་ཡུལ་ནི་བྱང་གི་འཕྲེད་ཐིག་ཏུའུ33.52། ཤར་གྱི་གཞུང་ཐིག་ཏུའུ93.01རེད།